འབྲེལ་ཡོད་མི་སྣས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་གསེར་རྟ་རྫོང་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་བདེན་པ་མིན་པ་མ་ཟད། དེ་ནི་རྒྱ་ནག་གཞུང་གིས་ཆེད་དུ་བཟོས་པའི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ནུས་མེད་གཏོང་ཐབས་ཀྱི་གཡོ་ཇུས་ཤིག་ཡིན་པའི་དོགས་གཞི་བྱུང་ཡོད་འདུག
ཉེ་ལམ་གསར་ལམ་ཁག་ཏུ་ཟླ་འདིའི་ཕྱི་ཚེས་ ༣ ཉིན་གསེར་རྟ་རྫོང་དུ་བོད་མི་ ༣ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེའི་ཁྲོད་ཀྱི་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ཕུ་འུ་ཞང་ཞོ་སང་སྡེ་བའི་ལོ་ ༦༠ ཡིན་པའི་ཚབ་ཚའི་ཚེ་རིང་དང་། འབུམ་ཤུལ་སྡེ་བའི་ལོ་ ༣༠ ཡིན་པའི་སྐྱ་རིས་གཉིས་ལ་རྨས་སྐྱོན་ཕོག་ཡོད་སྐོར་ཁྱབ་ཡོད་པ་མ་ཟད། གནས་ཚུལ་དེའི་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི། རྒྱལ་ཁབ་ཁག་ཅིག་གི་སྲིད་གཞུང་བཅས་ཀྱིས་ཀྱང་ཛ་དྲག་གི་བསྒྲགས་གཏམ་སྤེལ་ཡོད། ཕྱིས་སུ་གནས་ཚུལ་དེ་བདེན་པ་མིན་པའི་གླེང་སློང་བྱུང་ཞིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༡༠ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་གསེར་རྟའི་ཡུལ་མི་ཞིག་ལ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། མི་དེ་ཕྱི་ཚེས་ ༡༠ ཉིན་གསེར་རྟ་ཕུ་འུ་དགོན་པའི་གྲྭ་བ་ཞིག་དང་ཐུག་འཕྲད་ཀྱིས་གསེར་རྟའི་གནས་ཚུལ་དྲིས་སྐབས་གྲྭ་བ་དེས་ “ ད་ལོའི་ལོ་མགོར་གསེར་རྟ་རྫོང་དུ་གནས་ཚུལ་མང་པོ་ཞིག་བྱུང་ཡོད་ཀྱང་། རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་འདྲ་རྩ་བ་ནས་བྱུང་ཡོད་པ་མ་རེད། གནས་ཚུལ་དེ་ཚོ་བདེན་པ་མ་རེད། ང་ཚོས་ཤེས་གསལ་ལ་ཕུ་འུ་ཞང་གི་ཚབ་ཚའི་ཚེ་རིང་དང་སྐྱ་རིས་གཉིས་ལ་གནས་ཚུལ་གང་ཡང་བྱུང་མི་འདུག ལོ་གསར་གྱི་སྔ་ནུབ་ཏུ་གསེར་རྟ་རྫོང་དུ་བོད་མི་ཁག་ཅིག་གིས་ཡིག་ཆ་བཀྲམས་ཏེ། རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ཚུལ་རྒྱ་གཞུང་ལ་ཉེན་བརྡ་བཏང་ཡོད་ས་རེད། ཉེན་བརྡ་གཏོང་མཁན་སུ་ཡིན་བརྩད་གཅོད་ཐུབ་ཡོད་པ་མ་རེད་ ” ཅེས་ལན་འདེབས་གནང་འདུག
ཕྱི་ཚེས་ ༨ ཉིན་མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་གསེར་རྟའི་རང་ལུས་མེར་བསྲེགས་གནས་ཚུལ་བདེན་པ་མིན་པའི་གསལ་བཤད་ཅིག་བཏང་འབྱོར་བྱུང་བའི་ནང་། ཕྱི་ཚེས་ ༣ ཉིན་གསེར་རྟ་རྫོང་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་དུས་ཚོད་དང་ས་གནས་དེ་ཙམ་གསལ་ཁ་མེད་པ་མ་ཟད། གནས་ཚུལ་དེའི་འབྱུང་ཁུངས་ཀྱང་ཁ་གསལ་མིན་སྟབས་ཁོང་གིས་བརྒྱུད་ལམ་འདྲ་མིན་ནས་བོད་ནང་ཞིབ་འཇུག་བྱས་པར། ཉིན་དེ་དག་གི་དོན་རྐྱེན་ལ་གསལ་ཆ་ཡོད་མཁན་ཚོས་བརྗོད་ན། གསེར་རྟར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་འདྲ་བྱུང་མེད་ཚུལ་ལབ་སོང་ཚུལ་བཀོད་འདུག ཕྱི་ཚེས་ ༡༠ ཉིན་ཁོང་གིས་གསལ་བསྒྲགས་གཉིས་པ་སྤེལ་ཏེ། གསེར་རྟའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བདེན་པ་མིན་པ་ར་འཕྲོད་ཡོད་སྐོར་དང་། དཀྲོག་གཏམ་དེ་རྒྱ་ནག་གཞུང་གིས་བོད་མི་ཚོའི་རང་ལུས་མེར་བསྲེགས་ལས་འགུལ་ནུས་མེད་གཏོང་ཐབས་ཀྱི་གཡོ་ཇུས་ཤིག་ཡིན་པའི་དོགས་གཞི་ཡོད་སྐོར་བསྒྲགས་འདུག
ཕྱི་ཚེས་ ༡༤ ཉིན་གསར་འགོད་པས་བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ ཉེ་ལམ་གསེར་རྟ་ནས་ཡིན་པའི་མི་ཞིག་གིས་གསེར་རྟ་རྫོང་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་མཁོ་སྤྲོད་བྱས་སོང་། གནས་ཚུལ་སྤྲད་པ་བཞིན་ང་ཚོས་ཁྱབ་བསྒྲགས་བྱས་པ་རེད། སྐབས་དེར། ང་ཚོས་དེ་ལས་ལྷག་ཅིག་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། དེའི་རྗེས་བདེན་པ་ཡིན་མིན་གྱི་གནས་ཚུལ་ཞིག་ལྷག་ཡོད་སྟབས། ང་ཚོས་བསྐྱར་དུ་གནས་ཚུལ་ལ་ཞིབ་འཇུག་བྱས་ཀྱང་། གསེར་རྟ་རྫོང་གི་ཁ་པར་བརྒྱུད་ལམ་ཚང་མ་བཀག་ཡོད་སྟབས། གནས་ཚུལ་གསལ་པོ་ཞིག་རག་གི་མི་འདུག བོད་ཕྱི་ལོགས་སུ་སྡོད་མཁན་ཚོས་གནས་ཚུལ་དེའི་སྐོར་གསལ་པོ་ཤེས་ཀྱི་མི་འདུག” ཅེས་བརྗོད་བྱུང་། ཡང་ཁོང་ལ་གནས་ཚུལ་ཐོག་མར་མཁོ་སྤྲོད་གནང་མཁན་སུ་ཡིན་མིན་དང་། ད་ཆར་ཁོང་ལ་འབྲེལ་ཇི་ལྟར་གནང་དགོས་ཚུལ་དྲིས་པར “ ང་ཚོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེ་གསེར་རྟ་ནས་རེད། ཁོང་ལ་ཁ་པར་ཡོད་མེད་ཧ་གོ་མ་སོང་། ཡིན་ནའང་ད་ཆར་མི་དེ་ཕྱིར་ཕ་ཡུལ་དུ་ལོག་གི་ཡོད་ས་རེད” ཅེས་བརྗོད་བྱུང་།
ཕྱི་ཚེས་ ༡༥ ཉིན་གསར་འགོད་པས་ཁ་པར་བརྒྱུད་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས། “ ཉེ་ཆར་གསེར་རྟ་ཕྱོགས་སུ་ངོ་རྒོལ་གནས་ཚུལ་བྱུང་རྗེས། གནས་སྟངས་གང་འདྲ་ཆགས་ཡོང་ན་བསམ་ཏེ་གང་ཐུབ་ཀྱིས་ཉན་བསྡད་པ་ཡིན། བར་སྐབས་ཤིག་ལ་བོད་ཕྱི་ལོགས་ཀྱི་གསར་ལམ་ཁག་ཏུ་གསེར་རྟ་ནས་མི་གསུམ་གྱིས་རས་ལུས་མེར་བསྲེགས་ཚུལ་སྤེལ་འདུག སོ་སོས་བརྩད་གཅོད་བྱས་པ་ལྟར་ན་གནས་ཚུལ་དེ་འདྲ་བྱུང་མི་འདུག ཕ་ཡུལ་རང་ལ་ཁ་པར་ཅི་ཙམ་བཏང་ཡང་མཐུད་ཐུབ་ཀྱི་མི་འདུག ཕྱི་ཚེས་ ༩ ཉིན་རྒྱ་ནག་ནང་ཡོད་པའི་ངོ་ཤེས་གྲོགས་པོ་དེ་འདྲར་ཁ་པར་བཏང་སྟེ་བརྩད་གཅོད་བྱེད་བཅུག་པ་ཡིན། ཁོང་ཚོས་གསེར་རྟ་ཕུ་འུ་ཞང་གི་ཚབ་ཚའི་ཚེ་རིང་དང་འབུམ་ཤུལ་སྐྱ་རིས་ལགས་གཉིས་ལ་ཁ་པར་མཐུད་ཐུབ་པ་བྱུང་འདུག་པ་མ་ཟད། ཁོང་གཉིས་ད་ལྟ་བདེ་ཐང་ཡིན་པ་ར་འཕྲོད་བྱུང་འདུག་ལ། གསེར་རྟར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་འདྲ་རྩ་བ་ནས་བྱུང་མེད་སྐོར་བཅས་གསལ་བཤད་བྱས་སོང་ཟེར། ” ཅེས་བརྗོད་བྱུང་།
གསར་འགོད་པས་ཁོང་ལ་དཀྲོག་གཏམ་དེ་རྒྱ་ནག་གཞུང་གིས་བཟོས་པའི་དོགས་གནས་གང་དུ་ཡོད་མེད་དྲིས་པར། “ད་ལྟ་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྟབས། གནས་ཚུལ་དེ་ཞིག་འཐོན་ཡོང་སྐབས་ཚང་མས་རྫུན་མ་རེད་བསམ་གི་མ་རེད། ལོ་གསར་གྱི་སྔ་ནུབ་གསེར་རྟ་རྫོང་ཐོག་ཏུ་བོད་མི་ཁག་ཅིག་གིས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ཚུལ་གྱི་ཡི་གེ་བཀྲམས་ཡོད་པ་བདེན་པ་རེད། དངོས་སུ་མེར་བསྲེགས་བཏང་བ་དེ་འདྲ་བྱུང་མི་འདུག དཀྲོག་གཏམ་དེ་རྒྱ་ནག་གཞུང་གི་བྱེད་སྟངས་ཤིག་རེད། ཉེ་ལམ་བྲག་མགོ་རྫོང་གི་བོད་མི་ཚོས་ངོ་རྒོལ་གནང་སྐབས་ཀྱང་། རྒྱ་ནག་རང་གི་གསར་ལམ་ཁག་ཏུ། བྲག་མགོར་གྲྭ་བ་ ༣ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་ཚུལ་བསྒྲགས་པ་རེད། དོན་དངོས་ཐོག་བྲག་མགོ་རུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་འདྲ་བྱུང་ཡོད་པ་མ་རེད” ཅེས་བརྗོད་སོང་།
ཉིན་འདི་འགར་བོད་ནང་ཛ་དྲག་གི་གནས་ཚུལ་སྔ་རྗེས་སུ་བྱུང་བ་དང་བསྟུན་ཏེ། རྒྱ་ནག་གཞུང་གིས་དོན་དངོས་ལ་འཁྱོག་བཤད་དང་། གཞི་མེད་ཀྱི་དཀྲོག་གཏམ་སྣ་ཚོགས་བཟོས་ཏེ་ཁྱབ་སྤེལ་བྱས་ཡོད། ཕྱི་ཟླ་ ༡ ཚེས་ ༢༥ ཉིན་གྱི་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། “ ཕྱི་ཟླ་ ༡ ཚེས་ ༢༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཙམ་ལ་དཀར་མཛེས་བྲག་མགོ་རྫོང་ཐོག་ཏུ། བོད་རིགས་སྐྱ་སེར་བརྒྱ་སྐོར་ཞིག་གིས་ཁྲིམས་འགལ་རྡུང་གཅོག་གི་བྱ་སྤྱོད་སྤེལ་ཡོད་ལ། གྲྭ་བ་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་ཀྱང་ཁོང་ཚོའི་ཕུང་པོར་སྲིད་གཞུང་ལ་བདག་པོ་རྒྱག་ཏུ་མ་བཅུག་པར་མི་མང་གིས་བཙན་འཁྱེར་བྱས་འདུག ” ཅེས་དང་། “ དོན་རྐྱེན་དེའི་ཁྲོད་ཉེས་ཅན་ ༡ འདས་གྲོངས་དང་ ༤ ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད། དོན་རྐྱེན་ཁྲོད་ས་གནས་ཉེན་རྟོག་པ་ ༥ ལ་རྨས་སྐྱོན་ཕོག་ཡོད” ཞེས་བཀོད་འདུག དོན་དངོས་ཐོག ཕྱི་ཟླ་ ༡ ཚེས་ ༢༣ ཉིན་གྱི་བྲག་མགོའི་ཞི་རྒོལ་ཉིན་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་རིགས་བྱུང་ཡོད་མི་འདུག
གསར་འགོད་པ། དཔལ་ལྡན།
ངོ་མ་ཐབས་སྐྱོ་བོ་རེད་ཡ། རང་གི་བསྒྲགས་ཟིན་པའི་གསར་འགྱུར་ཡང་རང་གི་རྫུན་མ་རེད་ཅེས་བཤད། རླབས་ཆེ་བའི་མེ་བསྲེག་ལས་འགུལ་ནུས་མེད་དུ་རང་གིས་གཏོང་གི་ཡོད་པའི་བཟོ་འདྲ་འདུག་ཡ་་་་་སྐྱོ་བོ་རེད་་
རྫུན་མ་པཟོ་མཁན་ངོ་མ ཡ ཡ
སྤྱིར་གསར་འགྱུར་ཟེར་བ་དེ་བདེན་དང་མི་བདེན་བརྒྱ་སྟོང་མང་པོ་ཡོང་སྲིད་པའི་རང་བཞིན་རེད་ལ་ལྷག་པར་བོད་ནང་གི་དངོས་ཡོད་གནས་ཚུལ་ཇི་བཞིན་རྟོགས་པར་དེ་བས་ལས་སླ་པོ་མེད་པ་ཚང་མས་མཁྱེན་གསལ་རེད།་གལ་སྲིད་གསར་འགྱུར་འདི་ཁུངས་ལྡན་མིན་པ་ཡིན་ན་འགྲོ་སྟངས་ལྟར་བྱས་ན་གསལ་འགྱུར་འདི་ཐོགས་མའི་ཡོང་ཁུངས་རང་ནས་གསལ་བཤད་མ་བྱེད་པའི་སྔོན་ལ་བརྒྱུད་ལམ་གཞན་ནས་དེ་ལྟར་སྤེལ་བ་འོས་འཚམས་མིན་པ་འདྲ་པོ་མཐོང་སོང་།་ལྷག་པར་གསར་འགྱུར་འདིའི་ཁ་བྱང་འབྲི་སྟངས་རང་ལ་བལྟ་དུས་བདེན་པ་མིན་པ་དེ་ང་ཚོའི་རྒྱལ་ཁ་ཡིན་པ་འདྲ་པོ་བྲིས་འདུག་ལ།ང་ཚོའི་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཚོས་གསར་འགྱུར་སྤེལ་ཕྱོགས་དང་ཁ་བྱང་འབྲི་སྟངས་ལ་དགོངས་པ་མང་ཙམ་བཞེད་དགོས་འདུག
གནས་ཚུལ་བསྐྱར་བཅོས་བྱས་པ་ཡག་པོ་རེད།
གསར་འགོད་པའི་ལས་འགན་གཙོ་བོ་ནི་དྲང་བདེན་དང་ཕྱོགས་ལྷུང་སྤང་པའི་ཐོག་དངོས་ཡོད་གནས་ཚུལ་འཁོ་སྤྲོད་བྱ་རྒྱུ་འདི་ཡིན། དེ་འདྲ་མིན་པར་གནས་ཚུལ་སྤེལ་བ་ཡིན་ན་སྤྱི་ཚོགས་ནང་དུ་འཁྲུགས་རྐྱེན་ཡོང་གཞི་རུ་གྱུར་སྲིད་པ་ཡིན། བྱས་ཙང་། སླད་ཕྱིན་གཟབ་དགོས་པ་ཡིན། འགའ་ཞིག་གིས་རང་གི་ལུང་ཚན་ལ་མིང་གྲགས་ཡོང་ཆེད་གནས་ཚུལ་འདྲ་མིན་སྤེལ་བ་དང་འཁོ་སྤྲོད་བྱེད་པ་དེ་འདྲ་ཡང་ཡོང་གིན་ཡོད། ནག་ཉེས་འདི་བོད་ཀྱི་བང་ཆེན་གསར་ཁང་ལ་ཡོད་དམ་རྒྱ་ནག་དྲིལ་བསྒྲགས་ལ་ཡོད་མེད་བསམ་མནོ་ཡག་པོ་གཏོང་དགོས། ནོར་འཕྲུལ་ཞིག་བྱུང་མ་ཐག་ལམ་སེང་རྒྱ་ནག་ལ་ཁག་བཀྲི་རྒྱུ་ཨེ་ཡོད་སྙམ།
བདེན་པ་མིན་ན་བཟང་གི་བོད་མི་གཅིག་ཡིན་ཀྱང་སྐྱེ་ལམ་དུ་མ་སོང་ན་དགའ་ནི་རེད།
ཕྱིར་དལ་འབྱོར་མི་ལས་ཟེར་བ་འདི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་ཚིལ་གསུངས་ཀྱང་། དངོས་གནས་རང་རེ་བོད་མི་རིག་ནི་འཛམ་གླིང་ནང་གི་སྟོངས་ལ་ཉེ་བའི་མི་རིགས་ཞིག་ཆགས་ཡོད་ཅེས་རིག་གསར་བ་རྣམས་ཀྱི་མགྲིན་གཅིག་དུ་སྨས་ཡོད། དེས་ན་ངོ་མ་རང་སྲོག་དོར་མི་དགོས་པར་་གཞན་ཐབས་ཤེས་གང་ཡོད་ཐུགས་བསམ་བཞེས་དགོས། ལྷག་པར་དུ་རང་རེ་སང་གི་བླ་ཆེན་འདི་ཚོ་གཟིམས་མི་སྡོད་པར་བཀའ་སློབ་ལམ་སྟོན་བྱེད་པའི་དུས་ལ་སླེབ་འདུག
ཕྱི་ཟླ་་༡་་ཚེས་་༢༤་་ཉིན་གྱི་གནས་ཚུལ་((གསེར་རྟ་བ་ཟླ་བ་གྲགས་པར་བོད་ནང་ནས་རྗེས་དྲན།))ཞེས་པའི་གནས་འཕྲིན་གཤམ་གྱི་དྲ་ཐག་ཏུ་གསལ་བ་ལྟར་བྲིས་འདུག http://www.tibetexpress.net/bo/home/2010-02-04-05-37-19/7462-2012-02-02-13-43-31
དེ་རྗེས་ཡང་བསྐྱར་་ཕྱི་ཟླ་ ༢་་ཚེས་་༣་ཉི་གྱི་མི་་༣་མེ་ལ་བསྲེག་ཡོད་མེད་ཀྱི་གནས་ཚུལ་གཞན་པ་ཞིག་རེད་འདུག་པ་དྲ་རྒྱ་ཁག་ཏུ་གསལ་ཡོད་འདུག་པས་ཞི་རྒོལ་ཉིན་གྱི་གནས་ཚུལ་མ་ཡིན་པར་གསལ།
འོན་ཀྱང་གསར་ལམ། དྲ་ལམ། ཁ་པར་སྟེ་བརྒྱུད་ལམ་ཚང་མ་བཀག་ཡོད་པས་མི་སེས་ཀྱང་གནས་ཚུལ་ཤེས་མི་ཐུབ་པ་རེད་མོད་གནས་ཚུལ་གཟབ་ནན་མ་བྱས་པར་བསྒྲགས་མི་རུང་བ་དེ་རེས་ཉམས་མྱོང་གཅིག་བསགས་པ་རེད།
བྲག་མགོའི་གནས་ཚུལ་བྱུང་རྗེས་རྒྱ་ནག་གིས་ཉམས་མྱོང་གཅིག་བསགས་ཏེ་བརྒྱུད་ལམ་བཀག་འགོག་བྱས་པ་ཡིན་སྲིད།
གསེར་རྟ་རུ་ཞི་རྒོལ་བྱུང་ཉིན་དང་ཟླ་བ་གྲགས་པ་གསོད་ཉིན་དེ་་ 2012 / 1 / 24 ཉིན་ཡིན་པ་དང་གནས་ཚུལ་ཡོངས་གྲགས་ཆགས་ཟིན་པ་རེད།
མི་་༣་མེ་ལ་བསྲེག་ཡོད་མེད་ཀྱི་གནས་ཚུལ་་1012 / 2 / 3 ཉིན་གྱི་གནས་ཚུལ་ཡིན་པས་དེ་གཉིས་ཚེས་གྲགས་ཁ་ཁ་ཡིན་པ་གསར་ལམ་ཁག་ཏུ་གསལ་ཡོད།
གསར་འགྱུར་དེ་འདྲ་ཞིག་ཁྱབ་བསྒྲགས་བྱས་པ་མཐོང་སོང་། དེའི་སྔོན་ལ་བྲག་མགོ་རྫོང་དུ་ཞི་རྒོལ་བྱུང་ཉིན་འཕྲལ་དུ་བོད་ནང་ལ་ཁ་པར་ལམ་ནས་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་ཙང་གནས་ཚུལ་ལམ་སང་ཧ་གོ་ཡི་ཡོད་པ་རེད།
དེ་རྗེས་༢༠༡༢་ ཟླ་ ༡་་ཚེས་༢༤ ཉིན་་གསེར་རྟ་རྫོང་ཐོག་ཏུ་གཞི་རྒྱ་ཆེ་བའི་ཞི་རྒོལ་ཞིག་བྱས་ཡོད་པ་དང་སྐབས་དེ་དུས་བོད་པ་ཟླ་བ་གྲགས་པ་དམག་མིས་བསོད། གཞན་མི་མང་པོ་རྨས་སྐྱོན་ཚབ་ཆེན་དང་དེ་བཞིན་མི་བཞི་བཅུ་ཙམ་འཛིན་བཟུང་བྱས་ཏེ་གནས་སྟངས་ཛ་དྲག་ཏུ་གྱུར་བར་མ་ཚད་་སྐབས་དེ་དུས་ནས་བཟུང་ཁ་པར་དང་བརྒྱུད་ལམ་ཚང་མ་བཀག་འགོག་བྱས་ནས་གནས་ཚུལ་ཇི་བཞིན་པ་སུས་ཀྱང་ཤེས་ཀྱི་མེད་པ་རེད།
དེ་ནས་ཕྱི་ཚེས་་༣་་་ཉིན་མི་གསུམ་མེ་སྲེག་བཏང་བའི་གནས་ཚུལ་ཞིག་བྱུང་ཡོད་པ་ཡང་གསེར་རྟ་ས་གནས་སུ་འབྲེལ་ལམ་བཀག་ཡོད་ཙང་སུས་ཀྱང་གནས་ཚུལ་རྒྱུས་ལོན་བྱེད་ཐབས་མེད་ཚུལ་འབྲེལ་ཡོད་ཁག་གིས་བཤད་པ་རེད། དེང་སང་གསེར་རྟ་ས་གནས་སུ་ཁ་པར་དང་བརྒྱུད་ལམ་བཀག་ཡོད་པ་རེད་ཅེས་བཤད་ཡོད།
གསེར་རྟ་རྫོང་ཐོག་གི་བོད་མིའི་ངོ་རྒོལ་སྐབས་རང་ལུས་མེར་བསྲེག་ཀྱི་གནས་ཚུལ་བྱུང་ཡོད་མེད་ད་དུང་གསལ་བོ་བཤད་ཁག་པོ་རེད། ཚེ་རིང་དང་སྐྱ་རིས་གཉིས་ལ་ཁ་པར་མཐུད་ཐུབ་པ་ཙམ་གྱིས་གནས་ཚུལ་དེ་འདྲ་བྱུང་མེད་པ་བཤད་ཁག་པོ་རེད། ཉེ་ལམ་གསར་ལམ་ཁག་ཏུ་ཐོག་མ་སླེབས་དུས་ནས་ཀྱང་། ཚེ་རིང་དང་འབུམ་ཤུལ་སྐྱ་རིས་ཟེར་བ་གཉིས་ལ་རྨས་སྐྱོན་ཐེབས་ཡོད་པ་ལས་གྲོངས་མེད་པ་བསལ་བོར་བསྒྲགས་ཡོད་པ་རེད།
གལ་སྲིད་རྫུན་ཡིན་ཚེ། ཡང་བསྐྱར་གསེར་རྟ་བ་གཉིས་ལ་རྩོད་གཞི་གསར་པ་ཞིག་སླེབས་སོང་། ཁ་བརྡ་དྲ་ཚིགས་ཐོག་གནས་ཚུལ་དེ་ཐོག་མ་སྤེལ་མཁན་བོད་ཀྱི་བང་ཆེན་ཡིན་པ་བཀོད་འདུག མདོ་སྨད་ཀྱི་གསེར་རྟ་ཚུལ་ཁྲིམས་དང་ཁམས་པའི་གསེར་རྟ་ཚུལ་ཁྲིམས་གཉིས་ཀྱིས་སུ་བདེན་སུ་རྫུན་རྩོད་པ་བརྒྱོབ་ཁུངས་སྐྱེལ་བྱོས།
འདི་རྒྱ་གི་གཡོ་ཐབས་ཤིག་ཡིན་པའི་དོག་གཞི་ང་ལ་ཡང་ཡོད། གང་ཡིན་ཟེར་ན། ཉེ་ལམ་བྲག་མགོ་སེར་སྐྱ་མི་དམངས་ཀྱིས་ཞི་རྒོལ་བྱུང་སྐབས་རྒྱ་ནག་་་་་་་་་་་་གསར་ཁང་གིས་བྲག་མགོའི་དགེ་འདུན་པ་གསུམ་གྱིས་རང་སྲེག་བྱས་འདུག་ཟེར་ནས་གསར་འགྱུར་སྤེལ་འདུག སྐབས་དེར་ཕྱི་ཕྱོགས་ཀྱི་གསར་ལམ་གང་དུའང་བྲོག་མགོར་མེར་སྲེག་གནས་ཚུལ་བྱུང་ཡོད་སྐོར་བཀོད་མི་འདུག ཐེངས་འདིའི་ཉམས་མྱོང་རྒྱུད་ནས་ཕྱིས་སུ་དོག་ཟོན་བྱེད་དགོས།
ཉེ་ལམ་བྲག་མགོའི་དོན་རྐྱེན་སྐབས་ཀྱི་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་འདི་རེད།
四川炉霍县发生聚集打砸事件 不法分子1死4伤
2012年01月24日15:01 来源:新华网
新华网成都1月24日电 1月23日下午两点左右,四川省甘孜州炉霍县发生聚集、打砸事件,在有不法分子“将有3名僧人自焚,不能把遗体交给政 府处理”造谣煽动下,上百名藏族僧俗群众在县城聚集,部分人员手持刀具,并向值勤民警和武警投掷石块,冲击公安派出所,砸毁2辆警车和2辆消防车,打砸商 铺和银行取款设备。
事件造成5名公安民警受伤,不法分子1死4伤,伤者已送医院救治。经过做工作,聚集人员于当日19时许陆续散去。目前,炉霍县城秩序已恢复正常。
|
གནས་ཚུལ་གསལ་བཤད་དང་བསྐྱར་དུ་ཞིབ་འཇུག་གནང་བ་ཐུགས་རྗེ་ཆེ། གནས་ཚུལ་དེ་ཐོག་མ་སྤེལ་མཁན་བོད་ཀྱི་བང་ཆེན་དྲ་རྒྱ་རེད། ཚེས་ ༥ ཉིན་རེས་གཟའ་ཉི་མར་བོད་པའི་གསར་ལམ་ཁག་ཚང་མར་སླེབས་འདུག གནས་ཚུལ་འདི་རྒྱ་ནག་ལ་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་ན་ཁུངས་སྐྱེལ་དགོས་པ་རེད།
བོད་ཀྱི་དུས་བབ་ལ་བསྔགས་བརྗོད་ཡོད། རྒྱལ་སྤྱིའི་གསར་ལམ་ཚད་ལྡན་དག་གི་འགན་འཁྲི་འཁྱེར་འདུག རྒྱལ་སྤྱིའི་སྟེང་ངོས་འཛིན་ཡོད་པའི་ནེའོ་ཡོག་དུས་བབ་དང་། ལོན་ཌོན་དུས་བབ། BBC.CNN སོགས་ལ་མཚོན་ནའང་གནས་ཚུལ་ནོར་འཁྲུལ་ཅན་སྤེལ་ཏེ་རྗེས་སུ་ནོར་བ་ར་སྤྲོད་བྱུང་མཚམས། བསྐྱར་དུ་ནོར་འཁྲུལ་ངོས་ལེན་དང་གསལ་བཤད་ཞུ་སྲོལ་ཡོད་པ་རེད། འོན་ཀྱང་། བཙན་བྱོལ་ནང་གི་གསར་ལམ་གཞན་དག་གིས་མ་ཡིན་ཡིན་མདོག་གིས་ཡིབ་སྡོད་བྱས་དོན་གང་ཡིན་ནམ
སྤྱི་སྟང་གསར་འགོད་པ་ཟེར་བ་འདི་ཕྱོགས་ལྷུང་དང་བྲལ་བའི་གནས་ཚུལ་བཟང་ངན་ཅི་བྱུང་ཅི་མ་ཅི་བཞིན་བློ་གཟུ་བོར་གནས་བའི་ཐོག་ཞིབ་འཇུགས་གནང་ནས་སྤེལ་དགོས་བ་ཞིག་ཡིན་ཡང་། གསར་འགོད་པ་ལ་ལ་ཞིག་ནས་ཞིབ་འཇུགས་གང་ཡང་མེད་པར་ཐོས་ཚད་ཡིག་ཐོག་དུ་བཀོད་ནས་གསར་འགྱུར་བརྒྱུད་ལམ་ཁགས་སུ་རང་འདོད་དུ་བསྒྲོགས་པ་དང་། ད་དུང་ཕྱོགས་ལྷུང་ཐེན་འཁྱེར་གྱི་རིལ་དྲི་ཁ་བ་འདིས་བོད་སྤྱི་ཚོགས་སུ་ཕན་ལས་གནོད་ཚབ་ཆེ་བས་ན། གསར་འགོད་པ་དག་གིས་དངོས་པར་གཟབ་པར་འཚལ།
ཁག་མི་འདུག ཛ་དྲག་གི་གནས་སྟངས་སྐབས་སུ་ཡིན་ཀྱང་ཚབ་ཚུབ་ཡིན། རྗེས་སུ་ཐུགས་འཇགས་གནང་རོགས་ཞུ།