མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་ཤུགས་འོག་སྐུ་ཕུང་ཞུགས་འབུལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བཙན་བཀའ་དང་འཇིགས་སྐུལ་བྱས་པར་བརྟེན། དོ་དགོང་བོད་ནང་གི་ཆུ་ཚོད་ ༡ ཐོག་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་བྱ་དགོས་བྱུང་ཡོད་འདུག

དེ་རིང་བོད་ནང་གི་ཆུ་ཚོད་ ༢ སྟེང་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་ནས། རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་པའི་རྗེས། རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་དོ་དགོང་གང་མགྱོགས་ཞུགས་འབུལ་བྱེད་དགོས་པ་དང་། གལ་སྲིད། དོ་དགོང་ཁོང་གི་སྐུ་ཕུང་ཞུགས་འབུལ་མ་གནང་ཚེ་ཕྱིར་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་རྐྱེན་གྱིས། དོ་དགོང་བོད་ནང་གི་ཆུ་ཚོད་ ༡ སྟེང་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་དགོན་པའི་ཉེ་འཁྲིས་རི་འདབས་ཀྱི་དུར་ཁྲོད་ནང་ཞུགས་འབུལ་བྱ་རྒྱུ་ཡིན་འདུག

ཇོ་ནང་འགྲོ་ཕན་མཐུན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང་། ཁོང་གིས་བོད་ཁ་བ་གངས་པའི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་ཡིན་ལ། ནང་མི་ཉེ་འབྲེལ་ཚང་མའི་ཁོང་གི་ཆེད་དུ་སེམས་ཁྲལ་དང་ཡིད་སྐྱོ་མ་གནང་རོགས་ཞེས་སོགས་བྲིས་ཡོད་འདུག དེ་བཞིན། དོ་དགོང་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འདབས་དུར་ཁྲོད་ནང་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་གི་ཡོད་སྟབས།  དགོན་པ་དེ་གའི་གྲྭ་བཙུན་གཅིག་པུ་ཙམ་མ་ཡིན་པར། འཛམ་ཐང་ས་ཁུལ་གྱི་དགོན་སྡེ་གཞན་དག་ནས་ཀྱང་གྲྭ་བཙུན་མང་པོ་འབྱོར་ཡོད་པ་དང་། ད་ལྟའི་ཆར་དགོན་པའི་ཉེ་འདབས་དུར་ཁྲོད་ནང་གྲྭ་བཙུན་ ༡༠༠༠ ལྷག་འཛོམས་ཡོད་པ་མ་ཟད། ས་གནས་མང་ཚོགས་ཀྱང་ཧ་ཅང་མང་པོ་སླེབས་ཡོད་སྟབས། རྒྱ་གཞུང་གིས་དྲག་ཆས་དམག་མི་མང་པོ་བཏང་སྟེ་དགོན་པའི་ཉེ་འདབས་དུར་ཁྲོད་ཀྱི་མཐའ་ཡོངས་སུ་བསྐོར་ཏེ་དམ་དྲགས་ཤུགས་ཆེན་པོ་བྱས་ཡོད་འདུག 

རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ནི་རང་ལོ་ ༡༨ ཡིན་པ་དང་། ཁོང་གི་ཕའི་མཚན་ལ་སྤྱན་གཟིགས་དང་མའི་མཚན་ལ་སྙིང་མོར་འབོད་ཀྱིན་འདུག 

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 10

  1. ཤར་མདའ། says:
    ལོ་ 14 སྔོན།

    རླབས་ཆེན་གྱི་དཔའ་བོ་ཁོང་ལ་མྱ་ངན་དང་རྗེས་དྲན་ཞུ་རྒྱུ་ཡིན་པར་མ་ཟད་གུས་འདུད་དང་བཅས་བསྔོ་སྨོན་ཞུ་རྒྱུ་ཡིན།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ནུབ་ཕྱོགས་བདེ་བ་ཅན་ལ་སྐྱེ་བར་ཤོག།
    ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ

    Reply
  3. sangkye says:
    ལོ་ 14 སྔོན།

    དཔའ་བོ་སྣང་གྲོལ་ལགས་ལ་བསྔགས་བརྗོད་ཡོད། ཡིན་ན་ཡང་དེ་གེའི་མི་སྣ་ཡོངས་ནས་ཁོང་མར་མེ་ནང་བཞིན་སྒྲོན་པའི་སྐུ་པར་ཞིག་རག་མི་འདུས་ངོས་ནས་སྐྱོ་བོ་རེ།

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    གཟུགས་གཞིའི་ལང་ཚོ་འབར་ཀྱང་རྣམ་ཤེས་གསོན།།
    འཇིག་རྟེན་འདི་ལ་བྲལ་ཡང་ཕྱི་ལམ་སྙེད།།
    འགྱོད་པས་ངུས་ཀྱང་ལ་རྒྱའི་དགོད་འཛུམ་ཡོད།།
    དཔའ་བོ་རེ་ཞིག་ཕེབས་ཀྱང་སླར་ཡང་བྱོན།།

    Reply
  5. འཇའ་ཐང་འབྲོག་བུ། says:
    ལོ་ 14 སྔོན།

    ཧ་ཅང་གི་ཡིད་སྐྱོ་བ་ཞིག་ལ་རྒྱལ་གཅེས་དཔའ་བོ་ཁོང་གི་དམར་ལྷོག་ལྷོག་ཏུ་འབར་བཞིན་པའི་འདྲ་པར་ཞིག་ཀྱང་རག་མི་འདུག

    Reply
  6. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ཉེ་ཆར་བཙན་བྱོལ་གཞུང་གིས་བཀའ་ཁྱབ་བཞིན་ལོ་གསར་ལ་མཆོད་འབུལ་སྨོན་ལམ་འཚོགས་འཆར་དེ་འཛམ་གླིང་གང་སར་བོད་རིགས་འདུས་སྡོད་བྱེད་སའི་ས་གནས་ཁག་ཚང་མས་ཀྱང་ལོ་གསར་མི་གཏོང་བའི་ཆོད་སེམས་ཡོད་ཀྱང་།
    གང་ཟག་སྒེར་བ་རེ་ཟུང་གིས་ལོ་གསར་གྱི་གྲ་སྒྲིག་དྲ་རྒྱའི་བརྒྱུད་ལམ་ཁག་མཐོང་རྒྱུ་འདུག་པས་ཤིན་ཏུ་ཐབས་སྐྱོ་བོ་རེད།
    བོད་ནང་ལ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རྒྱུན་མ་ཆད་པར་བྱེད་བཞིན་ཡོད་ན་དེི་གང་ཟག་སྒེར་གྱི་ཆེད་ཡིན་མིན་བོད་ཕྱི་ནང་གི་བོད་མི་ཚང་མས་མཁྱེན་དགོས་ངེས་རེད། ལོ་གཅིག་ལ་ཁྱོད་ཅག་གིས་སྤྲོ་སྐྱིད་གཏོང་མ་ཐུབ་ཀྱང་དེ་ནི་ཁྱོད་ཚོའི་འཚོ་བའི་ཁྲོད་ཀྱི་ཞན་ཆ་ཞིག་ཏུ་འགྱུར་མི་སྲིད་པས་ངེས་བར་ཏུ་བསམ་བློ་གཏོང་དགོས་འདུག། གོ་ཐོས་ལ་རྒྱ་གར་གཞིས་ཆགས་ཁག་ནས་ལོ་གསར་གྱི་གྲ་སྒྲིག་རྒྱ་ཆེན་འདུག་ཟེར་ན་་དེི་ནི་ཆེས་ཀླད་མེད་བྱབ་ཆུང་གི་ལས་ཤིག་ལ་ངོས་འཛིན་བྱ་ཆོག། བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་ཤུལ་ལུས་ཀྱི་ནང་མི་སྤུན་མཆེད་རྣམས་ཀྱིས་འདས་བོ་རྣམས་ཀྱི་དགོང་ཞག་མཆོད་འབལ་ལས་ལ་བྲེལ་བཞིན་སྐབས་འདིར་ང་ཚོའི་ཕྱི་ཕྱོགས་ནས་ལོ་གསར་གྱི་མཛད་སྒོར་གྲ་སྒྲིག་བྱས་ན་བོད་མི་རིགས་འདི་རྡོག་རྩ་གཅིག་སྒྲིལ་མིན་པའི་དན་རྟགས་སུ་གྱུར་ཡོད།

    Reply
  7. སངྒེ ། says:
    ལོ་ 14 སྔོན།

    ད་ནི་ང་ཚོ་ཚང་མས་མེ་བསྲེག་གཏོང་དགོས་ས་རེད། དེ་མིན་འདི་ལྟར་བལྟས་ནས་བསྡད་ན་ཕན་ཅི་ཡོད། ཡང་མིན་ན་ང་ཚོ་གཞིས་བྱེས་ཚང་མ་རྒྱ་ནག་གི་ཁྲིམས་ཁང་དུ་དགའ་དགའ་སྤྲོའི་སྤྲོའི་ངང་ནས་འགྲོ་དགོས་ས་རེད། ད་ནི་འུ་ཅག་གི་བཀའ་ཤག་ཚང་ལྟར་ལྷོད་བཞུགས་གནང་བའི་དུས་དེ་གཏན་ནས་མ་རེད།

    Reply
  8. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།།
    སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་།།
    ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།
    འབྲས་བཟང་རྟག་ཏུ་མྱུར་དུ་འཆར་ཤོག  །

    Reply
  9. རྒྱང་མིག says:
    ལོ་ 14 སྔོན།

    དཔའ་བོ་ཁོང་ལ་མྱ་ངན་དང་རྗེས་དྲན་ཞུ། (ཡིད་སྐྱོ་ན་གནང་རོགས) (ཧ་ཅང་པོ་སླེབས) སོགས་བཏགས་ནོར་བྱས་པ་རྣམས་བཅོས་རོགས།

    Reply
  10. འོ་མ། says:
    ལོ་ 14 སྔོན།

    ཡེ་གེ་ལ་ཆད་ལྷག་འཆོར་གྱི་མ་འཇོག་འདོན་ས་ཡང་ཡག་པོ་ཞིག་མི་འགྲོ་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese