མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་སར་སྐྱིད་པོ་ཐོངས་ཨཱ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

 བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༤༦ སྟེང་གི་རྩོམ་སྒྲིག་པའི་གཏམ། 

སྤྱིར་ལོ་གསར་རྙིང་གཉིས་ཀྱི་བར་མཚམས་འདིར་བོད་ཀྱི་དུས་བབ་ཀློག་པ་པོ་ཡོངས་ལ་ཆུ་འབྲུག་ལོའི་གནམ་ལོ་གསར་བཞད་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་རེ་དང་། དེང་གི་བརྡ་འཕྲིན་བརྒྱུད་ལམ་ནས་ངོ་ཤེས་གྲོགས་པོ་དང་དགའ་བོ་ཉེ་བོ་ཚོར་ལོ་སར་ལེགས་སྐྱེས་ཀྱི་ཤིས་ཚིག་རེ་བསྐུར་རྒྱུར་འོས་འགན་ཡོད་ལ། ལམ་སྲོལ་འདི་འུ་ཅག་བོད་པ་ཙམ་དུ་མ་ཟད། འཛམ་གླིང་གི་མི་རིགས་ཚང་མར་གདོད་ནས་དར་བའི་སྤྱི་སྲོལ་ཞིག་ཡིན་མོད། ཁ་སང་དེ་རིང་བོད་ནང་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པ་དང་། རྒྱ་དམར་གྱི་མེ་མདའི་འོག་ཏུ་གཞིས་སྲུང་སྤུན་ཟླ་སྡེབ་གསོད་བྱེད་བཞིན་པའི་གནས་ཚུལ་རིམ་བསྟུད་དུ་ཐོས་ཡོང་སྐབས། མིའི་ལུང་པ་ཞིག་ནས་ལོ་སར་བཏང་སྟེ་དགའ་མགུར་རོལ་རྒྱུའི་སྤྲོ་བ་སེམས་རྩ་ནས་བརླགས་སོང་ལ། ལོ་སར་ལེགས་སྐྱེས་གཏོང་རེས་ཀྱི་ཡི་ག་དེ་ཡང་ཞེ་གཏིང་ནས་འགག་སོང་།

ལོ་དགའ་རབ་ཅིག་གི་གོང་ནས་བོད་ནང་གི་བོད་མི་ཚོར་ལོ་གསར་གྱི་དང་དོད་རྨང་ནས་ཡལ་ཏེ།  “ཁ་དང་ཁ་སྤུ་ཁ་ཁ་དང་གྲི་དང་སྡེར་མ་སོ་སོ” བོད་རྒྱ་མི་རིགས་ཐ་དད་དང་། ཡུལ་གོམས་གཤིས་ལུགས་སོ་སོ་ཡི་མངོན་འདོད་ཅིག་གིས་ཀུན་ནས་བསླངས་ཏེ། བོད་པའི་ལོ་སར་གཅིག་གྱུར་བཟོ་དགོས་པའི་གླེང་སློང་ཞིག་བྱུང་ཡོད་ལ། ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་མངོན་འདོད་དེ་ཤུགས་ཇེ་དྲག་ཏུ་ཕྱིན་ཏེ་ཨ་མདོའི་ས་ཁུལ་མང་པོ་ཞིག་གིས་རྒྱ་ནག་དང་ལྷན་དུ་ལོ་སར་གཏོང་མཚམས་བཞག་ཡོད། ལྷག་པར་དུ་ད་ལོའི་དཔྱིད་གསར་དུས་ཆེན་སྐབས་བོད་ནང་གི་ས་ཁུལ་མང་པོ་ཞིག་ཏུ། ལོ་སར་ལ་སྤྲོ་སྐྱིད་གཏོང་བའི་ཚབ་ཏུ་རྩམ་སྐྱ་འགམ་ཞིང་གོས་ཧྲུལ་གྱོན་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ལ། ས་གནས་རེ་ཟུང་ནང་ཕྱག་མཆོད་སྨོན་ལམ་གསུངས་ཤིང་མར་མེ་ཁྲོམ་སྐོར་བྱས་ཏེ་འདས་ལོར་མྱ་ངན་ཞུས་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་བ་འགའི་གོང་ནས་ད་ལོའི་ལོ་སར་མེད་པ་དང་། ལོ་སར་སྐབས་སུ་རྩ་དོན་ཐོག་ལས་འགུལ་སྤེལ་དགོས་པའི་གསལ་བསྒྲགས་བསྐྱངས་ཡོད་ལ། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་ཀྱང་བཙན་བྱོལ་བོད་མི་ཡོངས་ཀྱིས་བོད་ཆུ་འབྲུག་ལོའི་ལོ་སར་སྐབས། སྲོལ་རྒྱུན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས་སྤྲོ་སྐྱིད་མི་གཏོང་རྒྱུར་འབོད་སྐུལ་ཞུས་ཡོད། བོད་ནང་གི་གནས་སྟངས་སྔར་བས་ཇེ་སྡུག་ཏུ་ཕྱིན་མ་ཐག་བཀའ་སྤྱི་ལྷན་རྒྱས་ཛ་དྲག་གི་ཚོགས་འདུ་ཚོགས་ཏེ། ལས་འགུལ་སྤེལ་ཕྱོགས་གང་དགའ་ཅི་ལེགས་ཀྱི་གྲོས་ཁ་བསྡུར་རབས་འདུག་མོད། ལོ་སར་ཚེས་གཅིག་ཉིན་ངྷ་ས་གཙུག་ལག་ཁང་དུ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་གནང་རྒྱུའི་གསལ་བསྒྲཊ་ནང་། འཛིན་སྐྱང་བཀའ་ཤག་དང་གཞུང་ཞབས་ལས་བྱེད་ཀྱི་མིང་ཙམ་ཡང་མི་འདུག  

གངས་ཅན་སྐྱིད་གཤོང་ན་གཞུང་འབྲེལ་གུང་གསེང་དང་སྒེར་གྱི་ཐོབ་གསེང་ཁག་ཡར་འདེད་མར་འདེད་ཀྱི་མིག་མང་གི་རྩེ་མོར་ལེགས་པར་བྱང་བའི་གཞུང་ཞབས་ལས་བྱེད་རེ་ཟུང་གིས་ཉིན་གསུམ་གྱི་ལོ་སར་གུང་གསེང་གི་ཐོག་ལ། གཟའ་ཉི་མ་དང་སྤེན་པ་བཞི་བ་བསྣན་ཏེ། ད་ལོའི་ལོ་སར་ལ་ཉིན་ལྔ་ཡི་སྤྲོ་སྐྱིད་དུས་ཚོད་རག་པར་སྤྲོ་འཛུམ་གྱིས་ཁེངས་འདུག བདུན་ཕྲག་གཅིག་གཉིས་གོང་ནས་གཞུང་གི་ལས་ཁུངས་ཁག་ཏུ་ལས་བྱེད་ཇེ་ཉུང་དང་། ཕྱོགས་སྐྱོད་རླངས་འཁོར་དང་མེ་འཁོར། གནམ་གྲུ་སོགས་སུ་གཞུང་ཞབས་ལས་བྱེད་འཚང་ཁ་ཤིག་ཤིག་གུང་གསེང་ལ་ཕེབས་བཞིན་ཡོད་རབས་འདུག་ལ། བཀའ་བློན་ཁྲི་པ་མཆོག་ཀྱང་གཞུང་འབྲེལ་ཕྱོགས་སྐྱོད་ཅིག་དང་སྟབས་བསྟུན་ཨ་རིར་ཉིན་འགར་སྒེར་གྱི་གུང་གསེང་ལ་བཞུགས་འཆར་ཡོད་རབས་ཐོས།

 

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༥ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese