མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལོ་སར་ཚེས་ ༡ ཉིན་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག བཞུགས་སྒར་དྷ་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ ཀྱི་གོམ་བགྲོད་ལས་འགུལ་ཅིག་སྤེལ་མགོ་བརྩམས་སོང་།

དེ་རིང་བོད་ཆུ་འབྲུག་ལོའི་ལོ་སར་ཚེས་ ༡ ཉིན་གུང་ཆུ་ཚོད་ ༡༢ སྟེང་། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག དྷ་ས་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ཞེས་པའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་མགོ་བརྩམས་སོང་། གོམ་བགྲོད་དབུ་འཛུགས་མ་གནང་གོང་གདན་ཞུའི་གཏམ་བཤད་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག་དང་། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་རཱམ་ས་ཝ་རཱོབ་ལགས་གཉིས་གཙོས་པའི། ལས་འགུལ་བ་རྣམས་ལྷན་དུ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ཤིང་། ཆུ་ཚོད་སྐར་མ་ ༡ རིང་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་མྱ་ངན་གུས་དུད་ཞུས་རྗེས། ལས་འགུལ་བའི་འཐུས་ཚབ་པས་མཉམ་འབྲེལ་རྒྱལ་ཚོགས་ལ་ཆེད་དུ་འབུལ་འཆར་གྱི་སྙན་ཞུའི་སྟེང་ཁྲག་དམར་གྱི་ས་རྟགས་བསྐྱོན་པ་དང་། གོམ་བགྲོད་ལས་འགུལ་བ་ ༣༠ ཡིས་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་སྐེ་ལ་བཏེགས་ཤིང་། ལག་ཏུ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འཕྲེད་བྱང་བཟུང་སྟེ་རྔ་རྡུང་བཞིན་གོམ་བགྲོད་དངོས་སུ་དབུ་འཛུགས་གནང་སོང་།

གོམ་བགྲོད་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། “ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་འདིའི་ཐད། ང་ཚོ་བོད་རིགས་ཡོད་དོ་ཅོག་གིས་འགན་ཁུར་ཏེ། ཆེ་ཆུང་ལ་མ་བལྟས་པའི་སྒོ་ནས་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད། ལས་འགུལ་ལ་རྣམ་གྲངས་མ་འདྲ་བ་ཡོང་གི་རེད། རྣམ་འགྱུར་སྟོན་སྟངས་མ་འདྲ་བ་ཡོང་གི་རེད། ངོ་བོ་མི་འདྲ་མང་པོ་ཡོང་གི་རེད། དེ་རིང་ཁྱོད་ཚོས་སྤེལ་བཞིན་པའི་ལས་འགུལ་འདི་ཡང་། ང་ཚོས་འཛམ་གླིང་སྒང་ལས་འགུལ་མང་པོ་ཞིག་སྤེལ་གྱིན་ཡོད་པའི་ནང་གི་ཆ་ཤས་ཤིག་ཆགས་བསྡད་ཡོད་པ་རེད། སྤེལ་མཁན་སྒྲིག་འཛུགས་མ་འདྲ་བ་ཡིན་ནའང་། སྒྲུབ་བྱའི་གནད་དོན་གཅིག་གི་སྒང་ལ་ཡིན་སྟབས། ཁྱེད་ཚོའི་ལས་འགུལ་དེ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ” ཞེས་གསུངས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཆེད་བཙན་བྱོལ་དུ་གནས་པའི་བོད་མི་སྤྱི་སྒེར་ཚང་མས་སོ་སོའི་ངོས་ནས་གང་ཐུབ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་སོང་།

དབུ་མའི་ལམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། རྒྱལ་ཚོགས་གཉིད་དཀྲོགས་ཀྱི་གོམ་བགྲོད་ལས་འགུལ་སྤེལ་མཁན་ཁྲོད་ས་རཱ་མཐོ་སློབ་དང་ནོར་གླིང་། སྒྲོལ་མ་གླིང་བཙུན་དགོན། སྨན་རྩིས་ཁང་། དེ་མིན་གྱི་ས་གནས་གཞན་བཅས་ནས་བོད་མི་གཞོན་སྐྱེས་མི་ ༣༠ ཡོད་པ་དང་། གོམ་བགྲོད་ལས་འགུལ་བའི་གྲངས་འབོར་དེའང་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་། ཉེ་ཆར་ཁམས་བྲག་མགོ་དང་གསེར་རྟ་སོགས་སུ་རྒྱ་གཞུང་གིས་མེ་མདའ་བརྒྱབ་ཏེ་དམར་གསོད་བཏང་བའི་བོད་མི་བཅས་ཀྱི་གྲངས་འབོར་མཚོན་ཆེད་ཡིན་ལ།  དེ་རིང་ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་ནས་མགོ་བཙུགས་ཏེ། མོག་གྷན་ཁྲོམ་གཞུང་བརྒྱུད་དྷ་ཤོད་ཀ་ཊ་རི་དང་། ཨུ་རུ་ན། ཅན་ལྡི་གྷར་བར་དང་། སང་ཉིན་ཕྱི་ཚེས་ ༢༣ ཉིན་ཨམ་བྷ་ལ་དང་སོ་ནའེ་བྷ་སོགས་ལམ་བར་གྱི་གྲོང་ཁྱེར་ཁག་ནང་གོམ་བགྲོད་སྐད་འབོད་དང་གསལ་འགོད་གསལ་བསྒྲགས་སྤེལ་བཞིན་ལྡི་ལིར་བསྐྱོད་རྗེས། ཕྱི་ཚེས་ ༢༤ ཉིན་གྷན་དྷིའི་རྗེས་དྲན་བང་སོ་དང་ཅན་གྷིར་མན་གྷར་བཅས་སུ་གོམ་བགྲོད་སྐད་འབོད་དང་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་དང་། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བཅས་སུ་བསྐྱོད་དེ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 19

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    རང་བཙན་དང་དབུ་མ་གང་ཡིན་ཡང་གཅིག་ཕན་གཅིག་གྲོགས་འགྲོ་རྒྱུ་གལ་ཆེ།
    ལམ་དབུ་མ་ལ་མཚོན་ན་བཙན་བྱོལ་ནང་ན་དེ་མི་ཤེས་མཁན་དང་མི་མཁན་ཞིག་ཡོད་མ་རེད། བྱས་ཙང་དགོས་པ་གང་ཡང་མེད་པའི་་་དབུ་མའི་ལམ་གྱི་ལས་འགུལ་ཁང་་་ཟེར་བ་འདི་ལ་དོན་དག་ཅི་ཡང་མེད།
    དབུ་ལམ་ཚོགས་གཙོ་ཟླ་བ་དཀྲུགས་རྒན་དང་་་སྐུ་སྒེར་བྲེ་སྲང་སྐུ་ངོ་གཉིས་ཀས་དབུ་མ་དང་རང་བཙན་བར་འགལ་བ་བཟོས། ༸གོང་ས་མཆོག་ལ་ཞུ་ལོག་ཕུལ་ཏེ་འདྲ་མིན་བཟོས་ཡོད་རེད་་ཁོང་གཉིས་ལ་དོགས་པ་ཆེ།

    Reply
  2. སྲོང་བཙན་སྒམ་པོ། says:
    ལོ་ 14 སྔོན།

    བསོད་རྒྱལ་ལ། བོད་པའི་སྤྱི་ཚོགས་ཀྱི་ཞན་ཆ་ཆེ་ཤོས་ནི་ནང་ཁུལ་ནས་རྐང་པས་འཐེན་རེས་བྱེད་པ་དེ་རེད། རང་ཉིད་མི་དགའ་བའི་རྒྱུ་མཚན་དེ་ལས་འགུལ་གྱི་ངོ་གདོང་ལ་བཞག་ནས་མི་གཞི་ལ་དམའ་འབེབས་དང་མཐོང་ཆུང་བྱེད་ཀྱིན་ཡོད་པ་དེ་ཁྱོད་དང་ཁྱོད་ལྟ་བུའི་ཆབ་སྲིད་ཚོར་བའི་རྗེས་འབྲངས་བ་ཁག་ཅིག་གི་ཞན་ཆ་ཆེ་ཤོས་རེད།
    སྤྱི་འཐུས་ཟླ་བ་ཚེ་རིང་དང་ཁྱོད་ཚོ་ཁག་ཅིག་གི་བར་ཏུ་སྒེར་ནད་ཡོད་པ་ཚང་མས་ཤེས་གསལ་ཡིན། སྒེར་ནད་དེ་སྤྱི་དོན་ལ་མཉམ་བསྲེས་བྱེད་བཞིན་པ་ཁྱེད་ཀྱི་བྱ་སྤྱོད་ཅོལ་ཆུང་རེད།
    དྲང་མོར་བཤད་ན་མི་དངོས་སྐུང་དེ་དྲ་ལམ་ནས་སྡིགས་དམོད་བྱེད་པ་འདི་སྡར་མའི་བྱེད་སྟངས་རེད། ཟླ་བའི་ཕྱོགས་གཏོགས་བྱེད་དགོས་པ་མེད་ལ། ཁྱོད་ལ་སྡང་དགོས་པའང་མེད། ཁྱོད་ཚོ་ཁག་ཅིག་གི་བྱ་སྤྱོད་དོགས་གཞི་ཅན་ཞིག་ལས་སུ་གང་ལ་ཕན་པ་ཞིག་མ་རེད།
    རྩུབ་མོ་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང་།། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ཉམས་འགྱུར་བས་གསུང་པ་ལྟར། སྐུང་ནས་གབ་ནས་མི་ལ་ཕོག་ཐུག་བཟོ་བ་འདི་མཚམས་འཇོག་རེ་བྱེད་ཐུབ་ན་འདི་ཕྱི་གཉིས་ཕན་རེད།
    དེ་མིན་རང་མ་སྐྱིད་པ་དེ་སྡུག་གྱོང་ཁོ་ན་རེད། ཁྱོད་ལ་དོགས་པ་ཡོད་ཆོག་པ་ནང་བཞིན་ཁྱོད་རང་མི་ཡི་རྒྱུད་སྐུལ་པ་དང་། རྗེས་འདེད་པ། རྒྱུ་དངོས་ལྐོག་ལེན་པ་ཡིན་པའི་དོགས་པ་ཡོད་ཆོག་གི་རེད།
    དབུ་མ་དང་རང་བཙན་དུ་དཀྲུག་ཤིང་བྱེད་པར་གྲི་འཛུགས་དགོས་པ་མ་རེད། རང་ཉིད་རང་བཙན་ལ་རྒྱབ་སྐྱོར་བ་ཞིག་ཡིན་མདོག་གིས་དབུ་མའི་ལམ་གྱི་ལས་འགུལ་པ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་མཐོང་ཆུང་དང་ལོག་བཤད་བྱས་བསྡད་པ་དེས་རང་བཞིན་གྱིས་འགལ་ཟླ་བཟོ་བཞིན་པ་ཆོས་ཉིད་རེད། འདི་ནི་དྲ་ཐོག་ནས་སེམས་གཏམ་ཙམ་ཡིན། དེ་མིན་ཁྱོད་ཀྱིས་རང་སྡུག་རང་གིས་ཅི་ཙམ་ཉོས་ཕྲག་དོག་འཕག་འགུལ་ཅི་ཙམ་བྱས་ཀྱང་ང་ལ་འབྲེལ་བ་སྤུ་ཙམ་མེད།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རྒྱ་རྙི་ལགས་ཁྱེད་ཀྱིས་དོགས་པ་ཟ་ཆོག་གི་རེད། འོན་ཀྱང་ངས་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་དེ་དབུ་མའི་ལམ་གྱི་ཁ་བཏད་དུ་ལངས་མྱོང་མེད། རྩ་བའི་ཆ་ནས་ཅིའི་ཕྱིར་རང་བཙན་གྱི་ལངས་ཕྱོགས་བཟུང་ན་དབུ་ལམ་ལ་བར་ཆད་འགྲོའམ། དེ་ལས་ལྡོག་སྟེ་རང་བཙན་ལས་འགུལ་ནི་དབུ་ལམ་གྱི་མཐུན་རྐྱེན་དུ་འགྲོ་བ་རེད། མ་རེད་དམ། འདི་ལ་ལན་ཅིས་ཀྱང་འདེབས་རོགས་གྱིས། དེ་ལས་དབུ་ལམ་ཚོགས་པའི་ཚོགས་གཙོ་ཟླ་བ་ཚེ་རིང་གིས་སྐབས་རེ་དབུ་ལམ་ལ་རྒྱབ་སྐྱོར་བྱེད། སྐབས་རེ་དབུ་ལམ་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་དེ་ཁྱེད་ཀྱིས་མ་རྟོགས་པ་རེད་དམ། ཡང་ན་ཁྱེད་ཕྱོགས་ལྷུང་གི་མུན་ནག་ནང་ཚུད་པ་རེད་དམ། ཡང་ན་ཆེད་མངགས་རྒྱ་དམར་གྱི་ལས་དོན་སྒྲུབ་ཀྱིན་ཡོད། ཁོང་གིས་སྤྱི་འཐུས་ནང་དབུ་མའི་ལམ་ལ་དགག་བྱ་བྱས་ཏེ་རང་ཐག་རང་བཅོད་ལ་རྒྱབ་སྐྱོར་བྱེད་པ་དེའང་ཁྱེད་ཀྱིས་མ་མཐོང་རེད་ག་རེ་རེད། དེ་ཙམ་མ་ཚད་ཟླ་ཚེ་འདི་སྤྱི་ཚོགས་ནང་གཡོ་རྩོང་མཁན་ཞིག་རེད། རེ་རེ་བཞིན་འདིར་བཀོད་པའི་སྐབས་སུ་མ་བབས། ཁྱེད་དངོས་གནས་དབུ་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན། དྷ་སའི་དབུ་ལམ་ཚོགས་པ་དེ་ལ་རྒྱབ་སྐྱོར་དགོས་མིན་རྟོགས་ཞིབ་ནན་མོ་དགོས། དེའི་ནང་གི་ཚོགས་མི་ཁག་གཅིག་གི་མཛད་སྤྱོད་ལ་གཟིགས་དང་། ངོས་རང་དབུ་ལམ་དང་རང་བཙན་གཉིས་ཀར་རྒྱབ་སྐྱོར་ཡོད་མཁན་ཡིན། དེ་གཉིས་པོ་གཅིག་ཕན་གཅིག་གྲོགས་བྱེད་དགོས། འོན་ཀྱང་དྷ་སའི་དབུ་ལམ་ཚོགས་པ་དེ་ལ་ཁོང་རྣམས་པས་བྱེད་ཕྱོགས་ལ་འགྱུར་བ་མ་གཏོང་བར་རྒྱབ་སྐྱོར་དུས་ནམ་ཡང་བྱེད་ཐུབ་ས་མ་རེད། ཁྱེད་ལམ་ནོར་ལ་ལྡོག་ཤེས་གནང་ན་བཟང་། དེ་མིན་ཁྱེད་ཀྱིས་ང་ལ་རྒྱ་མིའི་དངུལ་ཟ་མཁན་དང་དམོད་མོ་འདེབས་པ་དང་སྙད་འདོགས་ག་རེ་བྱེད་ནའང་། ངས་དུས་ནམ་ཡང་ཞེད་སྣང་བྱེད་སྲིད་ཀྱི་མ་རེད། སྨྲ་བརྗོད་འགོག་ཐུབ་ཀྱི་མ་རེད།

    Reply
  4. རྒྱ་རྙི། says:
    ལོ་ 14 སྔོན།

    དོགས་པ་ཟ་ས་མང་པོ་རེད། བསོད་ནམས་རྒྱ་མཚོ་ཟེར་བའི་དཀྲུག་རྒན་འདིས་རྒྱ་གུང་ཁྲན་གྱི་དངུལ་ལོ་ག་ཚོད་ཟས་ཡོད་མེད་ལའང་དོགས་པ་རེད། བསོད་ནམས་དཀྲུག་རྒན་འདིས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་དབུ་ལམ་དང་རང་བཙན་བར་ཏུ་དཀྲུག་ཤིང་བྱེད་ཀྱིན་ཡོད་མེད་འང་དོགས་པ་རེད།

    Reply
  5. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    སྤྱིར་བཏང་ལས་འགུལ་སུ་ཞིག་གིས་སྤེལ་ན་རྗེས་སུ་ཡི་རང་ཡོད། འོན་ཀྱང་དཀྲུགས་རྒན་ཟླ་བ་ཚེ་རིང་གིས་དབུ་མའི་མིང་བྱང་འོག་ནས་དམིགས་ཡུལ་ཅི་ཞིག་བཅངས་ཡོད་པར་ཐེ་ཚོམ་གནས། དབུ་ལམ་ཚོགས་པ་འདི། མི་དམངས་ཀྱིས་མཐོང་ཆེན་བསླེབ་ཆེད་ལས་འགུལ་སྤེལ་བ་ཡིན་སྲིད། ཚོགས་པ་འདི་ཆེན་པོ་ཆགས་ན་སྤྱི་དོན་ལ་ཕན་པའི་ལས་ཀ་བྱེད་རྩིས་ཡོད་པར་ཡིད་ཆེས་དཀའ་འོ།།

    Reply
  6. སྒེར་གཅོད་པ། says:
    ལོ་ 14 སྔོན།

    འོ་ཡ་ཁ་སང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགུལ་ཡག་པོ་སྤེལ་འདུག རྗེས་སུ་ཡི་རངས་ཡོད། ཡིན་ནའང་རྒྱུན་དུ་ང་འཆོང་གི་ཡིན། ཁོ་འཆོང་གི་ཡིན་ཟེར་ནས་ངར་ངར་ཤོར་བྱེད་བཞིན་པའི་སྤྱི་འཐུས་དབུས་གཙང་ཚོགས་གཙོ་ཟླ་བ་ཚེ་རིང་དང་། བུད་མེད་ཚོགས་ཟུར་བུ་མོ་ཚེ་རིང་། དབུས་གཙང་ཚོགས་ཟུར་སྒྲོལ་མ་ཚེ་རིང་གསུམ་གར་སོང་མི་འདུག་ཟེར། ད་དུང་རྡ་སའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཕལ་ཆེ་བ་ལས་འགུལ་དེའི་ནང་མཉམ་བཞུགས་བྱས་ཀྱང་དབུ་མེད་ལམ་གྱི་ལས་འགུལ་ཁང་ཟེར་བས་སྤོར་གཅོག་སློག་ནས་ལས་འགུལ་ནང་མཉམ་ཞུགས་མ་བྱས་པར་ཁོ་ཚོས་ལས་འགུལ་ཟུར་དུ་སྤེལ་འདུག

    Reply
  7. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    དབུ་མའི་ལམ་གྱི་ལས་འགུལ་འདིར་ཡི་རངས་བྱེད་ཀྱིན་ཡོད་ལ་ལས་འགུལ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་ཞུ་བཞིན་ཡོད།

    Reply
  8. སྲོང་བཙན་སྒམ་པོ། says:
    ལོ་ 14 སྔོན།

    ལས་འགུལ་སྤེལ་མཁན་ཚང་མ་ཡག་པོ་འདུག རྒྱལ་སྤྱི་ཟེར་བའི་མིང་བརྫིག་འདིས་བོད་པ་ཚོར་མཐོང་ཆུང་བྱེད་ཀྱིན་འདུག བོད་པ་རང་གིས་འགུལ་སྤེལ་དགོས། ལས་འགུལ་ཆེ་ཕྲ་ཆུང་གསུམ་ག་རེ་ཡིན་ཡང་དགོས་མཁོ་འདུག བོད་ནང་གི་བོད་མི་ཚོ་སྙིང་རྗེ། བོད་ནང་གི་བཙོན་པ་ཚོ་སྙིང་རྗེ། བོད་ཀྱི་གཞོན་ནུ་དང་། བོད་ཀྱི་དབུ་མ། ཚང་མས་ནུས་པ་གནང་རོགས།
    དྲ་འབུ་བཀྲ་ཤིས་ཀྱི་ཁ་ལ་ལོ་མཇུག་གི་གླུད་དེ་བརྫངས་ནས་༢༠༡༢་བཀྲ་ཤིས་ཀྱི་ལོ་ནག་ཏུ་བཏང་ཆོག

    Reply
  9. ཟླ་བ་དབང་ཕྱུག says:
    ལོ་ 14 སྔོན།

    བོད་རྒྱལ་གྱུར་ཅིག དབུ་མའི་ལམ་གྱི་ལས་འགུལ་བ་རྣམས་རྒྱལ་གྱུར་ཅིག བོད་རང་རང་དབང་རང་བཙན་གྱི་འཐབ་རྩོད་པ་རྣམས་རྒྱལ་གྱུར་ཅིག དྲ་འབུ་བཀྲ་ཤིས་མིང་ཅན་སོགས་བོད་ཀྱི་ལས་འགུལ་བའི་རིགས་རྗེས་འདེད་གཏོང་མཁན་གྱི་མི་ངན་བོད་འཚོང་བ་རྣམས་ཕམ་པར་རྒྱག་དགོས།
    རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞལ་ཆེམས་ལག་ལེན་དུ་བསྟར་ཏེ་བོད་རིགས་ནང་ཁུལ་མཐུན་སྒྲིལ་བྱེད་དགོས། བོད་མི་རྣམས་ལས་འགུལ་ལ་མཉམ་རུག་བྱེད་དགོས། དྲ་གྲོགས་རྣམས་ཀྱིས་ཀྱང་ནང་ཁུལ་གཏོར་གཤིག་དང་། ལས་འགུལ་བ་རྗེས་འདེད། ལས་འགུལ་བའི་སེམས་ཤུགས་གཅོག་ཐབས་བྱེད་པའི་དྲ་འབུ་རྣམས་རྒྱ་དགའ་རྣམས་ཡན་པོར་གཏོང་མི་རུང་།
    དྲ་བདག་གིས་ཀྱང་བརྗོད་གཞི་དང་འཚམ་པ། དོན་དངོས་དང་འབྲེལ་བའི་མཆན་ལ་ཞིབ་གཤེར་བྱེད་དགོས་པ་ལས་ཟིན་བྲིས་འདི་རྒྱ་དགའ་རྣམས་ཀྱིས་ལས་འགུལ་བ་བརྡུང་བརྡེག་བྱེད་སར་བེད་སྤྱོད་བྱས་ན་མི་འགྲིག
    བོད་པ་ཚོ་ལོངས་ཤོག བོད་མི་འབྱོན་ཐང་ཅན་རྣམས་ལོངས་ཤོག བོད་མི་དཔའ་བོ་རྣམས་ལོངས། དཔའ་མེད། འབྱོན་ཐང་མེད། ནུས་པ་མེད་མཁན་ཚོས་ཀྱང་གཞན་གྱི་ལས་འགུལ་ལ་ཁ་མ་གཏོང་། ཕྲག་དོག་མ་བྱེད། ལས་རྒྱུ་འབྲས་ལའང་རུང་ངེས་མ་རེད། རང་མི་དགའ་རྒྱུ་མཚན་དུ་བྱས་ན་བོད་སྤྱི་བའི་ལས་འགུལ་སྤེལ་སྐབས་འཁོན་འཛིན་མ་བྱེད། འདི་ཚོ་ཅོལ་ཆུང་རེད། དཀྲུགས་ཤིང་རེད། ལོངས་ཤོག བོད་རང་དབང་ལོངས།
    བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག དབུ་མའི་ལམ་རྣམ་པར་རྒྱལ་གྱུར་ཅིག

    Reply
  10. ཁམས་པ། says:
    ལོ་ 14 སྔོན།

    རྒྱལ་ཚོགས་གཉིད་ལས་དཀྲོག་དགོས་ན། རྒྱལ་ཚོགས་ཀྱི་ཁ་ལ་སྐྱག་པ་མ་བགོས་ན་ཁོ་ཚོ་བོད་མི་ཉམ་ཆུང་ཚོས་གཉིད་ལས་དཀྲོག་ཐུབ་ས་མ་རེད།

    Reply
  11. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    སྐུ་ངོས་ཟླ་བ་ཚེ་རིང་གི་ལས་འགུལ་འདི་འདྲ་ཞིག་སྤེལ་བ་དེ་སེམས་སྟེང་ནས་དགའ་བསུ་ཡོད་། འོན་ཀྱང་སྐུ་ངོས་མཆོག་ལ་མི་རིགས་ཀྱི་ལ་རྒྱ་ཡོད་ན་གཉེད་དཀྲོགས་དགོས་པ་དེ་རྒྱལ་ཚོགས་ཙམ་ག་ལ་ཡིན་གཞིས་བྱེས་གཉིས་ཀྱི་དབུས་གཙང་མི་མང་རྣམས་རེད་། ད་ལོང་ཤོག། བོད་ཁམས་ཡོངས་ལ་རང་དབང་མེད་ན་དབུས་གཙང་མི་དམངས་ལ་རང་དབང་ག་ནས་ཐོབ། བོད་རིགས་མི་མང་གི་རང་དབང་གི་འབོད་སྒྲ་མེད་ན་རྒྱལ་ཚོགས་ལ་ཐབས་ལམ་ག་ནས་ཡོད་། ལོང་ཤོག་སྟོད་པ་བ། ག་དུས་ཡིན་ན་གཞུང་གི་སྐྱབས་གསོལ་ལ་བསྟན་ནས་དུས་ཚུད་ཆོལ་གི་མ་རེད་། དྲང་བདེན་གྱི་ལམ་བུ་འཁྱེར་ནས་ལོང་ཤོག་མངའ་རི་བ། སྡ་སའི་སྐྱིད་སྡུག་ཁང་པ་དེ་ཁེ་ཕན་ཡོད་མདོག་ཆེ་རུང་ཁྱེད་རང་ལ་དག་པ་ག་ཡིན་། ལོང་ཤོག་དབུས་གཙང་མི་མང་རྣམས་ནང་ཁུལ་དབྱིན་དཀྲུགས་ཀྱི་དམགས་མཐབ་ལ་ཞུགས་པ་བཞིན་ལོང་ཤོག། དེ་རིང་ཁྱེད་རང་མི་མང་རྣམས་ཁ་ཡོད་ལག་སྟོང་དང་ཤ་ཡོད་སྙིང་མེད་ཀྱི་གྲས་སུ་ཡིབ་ནས་མ་སྡོད་པ་ཆིག་སྒྲིལ་ཀྱི་དར་ཆེན་འོག་ནས་ལོང་ཤོག།

    Reply
  12. ཤིང་ལོ། says:
    ལོ་ 14 སྔོན།

    རང་ཉིད་གཉིད་ལས་མ་སད་གོང་།།
    གཞན་ཞིག་དཀྲོག་པར་འདོད་པ་མཚར།།
    རྒྱལ་ཚོགས་རྒྱ་ཡིས་བཟི་སྨན་གྱིས།།
    སད་རྒྱུ་མེད་པའི་གཉིད་དུ་ཡུར།།

    གོམ་བགྲོད་བྱེད་པའི་གོམས་སྲོལ་དང་།།
    དཔའ་གཏམ་མང་བོའི་བཙལ་བྱོལ་བ།།
    གཞན་དང་མི་མཚུངས་རེ་བ་ཡིས།།
    བོད་ཀྱི་ཡུལ་དུ་གཤར་ན་བཟང་།།

    Reply
  13. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་ཡོད། དབུ་མའི་ལམ་ལ་བརྒྱ་བཤད་སྟོང་བཤད་བྱེད་མཁན་གྱི་ཆབ་བྲག་ལྷ་མོ་སྐྱབས་ལགས་གང་དུ་ཡོད་དམ། གཉན་ཕྲང་གི་དུས་ཚོད་འདིའི་ནང་དུ་སྨྱུག་རྩེ་ནས་སྟོང་འབྲི་བྱས་པས་མི་ཕན། དོན་ངོ་མའི་ལག་ལེན་གྱི་ཆ་ནས་དགོས་ཀྱི།

    Reply
  14. བཀྲ་ཤིས། says:
    ལོ་ 14 སྔོན།

    ཟླ་བ་དབང་ཕྱུགས་ལགས།
    ((ད་ནི་བུ་རྒོད་པོ་ཡོད་ན་དཔའ་རྟགས་ངོམ་པའི་དུས་ཚོད་རན་ཡོད་མོད།))་་ད་ནི་་་ད་ནི་་་ད་ནི་་་་ད་ནི་དབུ་མའི་སྲིད་བྱུས་ལ་གྲུབ་འབྲས་མ་ཐོན།
    ད་ནི་་ག་རེ་བྱེད་དགོས།
    ད་ནི་་་་ཡོད་ཚད་ཕྱི་དྲག་སོང་།
    ད་་་ནི་་་ཏིང་ཞོ་ཕེངས་མགོ་སྐོར་བཏང་བཞག་་་་་་ད་ནི་གང་དྲག
    ད་་་ནི་དབུ་མའི་ལམ་གྱི་མིང་བྱང་ལག་ཏུ་བསྣམས་ནས་རྡ་སའི་དཀྲུགས་རྒན་ཟླ་བ་ཚེ་རིང་།
    ད་་་ནི་་་ཡོད་ན་མ་འཕྱུགས་རོགས་་ལྟད་མོ་ལྟ་ཡ།

    Reply
  15. ཟླ་བ་དབང་ཕྱུག says:
    ལོ་ 14 སྔོན།

    དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་སོགས་དབུ་མའི་ལམ་གྱི་སྣེ་ཁྲིད་པ་དང་། ལས་འགུལ་པ་ཚང་མར་དགའ་བསུ་ཞུ། སྟོང་བཤད་རྒྱབ་ནས་བསྡད་པ་ལས་འཕག་འཚགས་རྒྱག་པའི་དུས་ཚོད་ཡིན།
    ད་ནི་བུ་རྒོད་པོ་ཡོད་ན་དཔའ་རྟགས་ངོམ་པའི་དུས་ཚོད་རན་ཡོད་མོད་དྲ་འབུ་འདི་ཚོས་ནང་ལ་རྙོག་དྲ་རེ་བཤད་རྒྱུ་མ་གཏོག་རྒྱ་ཚང་ལ་ཕུ་ཙམ་ཡང་འདེབས་མི་ཐུབ། དཔའ་རྒོད་ཚོ། ཚོགས་པ་ཚོ།་ལོངས་ཤོག

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    འདི་ལྟར་ཡུལ་ཁྲིམས་དང་རྒྱལ་སྤྱིའི་མཐོང་སྣང་ལ་མི་གནོད་པའི་ལས་འགུལ་ཆེ་ཆུང་རིགས་སུ་ཞིག་གིས་སྤེལ་ན་དགའ་བསུ་ཡོད་དང་ཡོད།

    Reply
  17. སངྒེ ། says:
    ལོ་ 14 སྔོན།

    རྗེས་སུ་ཡི་རངས་ཀྱི་གནས་རེད། ཁ་ཕོ་བཤད་ནས་བསྡད་པ་ལས་འདི་ལྟར་གོམ་བགྲོད་ལས་འགུལ་སྤེལ་ན་ལོས་བཟང་།

    Reply
  18. སྲོང་བཙན་སྒམ་པོ། says:
    ལོ་ 14 སྔོན།

    བཀུར་འོས་དབུས་གཙང་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱི་གཙོ་བོས་ལས་འགུལ་བ་ཡོངས་ལ་གནམ་ལོ་གསར་བའི་འཚམས་འདྲི་དང་ཆབས་ཅིག་ཁྱོད་ཅག་གིས་ལས་དོན་བཟང་པོར་གུས་བརྩི་དང་དགའ་ཞུ་ཆེན་པོ་ཞུ་རྒྱུ་ཡིན།
    དུས་ཐོག་ཆར་བ་རེད། རྒྱལ་ཚོགས་ཀྱི་གཉིད་བཀྲོགས་དགོས་པ་མ་ཟད་དྲ་འབུ་བཀྲིས་ཀྱི་རྣ་བ་འང་བཀྲོག་དགོས།

    Reply
  19. བཀྲ་ཤིས། says:
    ལོ་ 14 སྔོན།

    དབུ་མེད་ལས་མེད་ཚོགས་པས། །
    ལས་འགུལ་སྤེལ་བ་ཕྱི་སོང་། །
    བཙན་བྱོ་སྤྱི་ཚཽགས་ནང་ཁུལ། །
    དཀྲུགས་ཤིང་རྒྱག་རྒྱུ་མང་སོང་། །

    མཉམ་འབྲེལ་རྒྱལ་ཚོགས་སྟེང་ལ། །
    སྙན་ཞུ་འབྲི་བ་འཕྱི་སོང་། །
    རྒྱ་ནག་དམར་པོའི་སྲིད་གཞུང་། །
    སྟོབས་ཆེན་རྒྱལ་ཁབ་ཆགས་ཚར། །

    བོད་དོན་དབུ་མེད་ལམ་ནས། །
    རྒྱ་ནག་རྒྱལ་ཁ་ཐོབ་སོང་། །
    རྒྱ་ལོ་དོན་འགྲུབ་རྒད་པོར །
    རེ་བ་སྟོང་ཟད་ཆགས་སོང་། །

    རྒྱ་རི་བློ་གྲོས་སོང་ནས། །
    རྒྱ་བོད་ཞི་མོལ་མི་དགོས། །
    རྒྱ་མའི་རྣ་བའི་ནང་ལ། །
    བོད་དོན་བཤད་པ་ཁག་ཙམ། །

    མི་ལོ་སུམ་ཅུའི་རིང་གི །
    སྲིད་ཇུས་དབུ་མེད་ལམ་ནས། །
    བོདཔའི་གོ་སྐབས་ཡོད་ཚད།
    ཀུང་བྲན་ཏིང་ལ་ཤོར་སོང་།

    དབུ་མེད་ལམ་གྱི་ཚོགས་གཙོ། །
    གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་། །
    དབུ་མེད་མིང་བྱང་ཁུར་ནས། །
    བཙན་བྱོལ་དཀྲུགས་རྒྱུ་མང་སོང་། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese