མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་བོད་ཀྱི་བྱམས་བརྩེ་ཁང་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་སྐོར་ཞིག་གདན་འདྲེན་ཞུས་ཏེ། བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད་གནང་ཡོད་འདུག

གནས་ཚུལ་བཏང་འབྱོར་ལ། ཟླ་འདའི་ཚེས་ ༢༡ ཉིན་ཕ་རན་སིའི་རྒྱལ་སར་རྟེན་གཞི་བྱས་པའི་བོད་ཀྱི་བྱམས་བརྩེ་ཁང་གི་ངོས་ནས་ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐོར་ཚོགས་པའི་འཐུས་མི་སྐུ་ཞབས་ཇོན་སྤོན་སོ་བ་མཆོག་དང་། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་རྣམ་པ། ཕ་རན་སིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤ་ཡའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་དཱོ་སི་ཁན། ནང་སྲིད་ལྷན་ཁང་གི་གྲངས་ཉུང་མི་རིགས་ཀྱི་ཉམས་ཞིབ་པ། བལ་ཡུལ་བཅའ་བཞུགས་ཕ་རན་སིའི་གཞུང་ཚབ་ཆེན་མོ་བཅས་གདན་འདྲེན་ཞུས་ཏེ། བོད་ཀྱི་བྱམས་བརྩེ་ཁང་གི་འགན་འཛིན་སུམ་གྱང་རིན་པོ་ཆེ་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ཡིག་ངག་གཉིས་དང་། གློག་བརྙན་བཅས་ཀྱི་ལམ་ནས་འབུལ་ལམ་ཞུས་ཡོད་འདུག

སྐབས་དེར་ཧྥ་རན་སི་གྲོས་ཚོགས་འཐུས་མི་ཇོན་སྤོན་སོ་བ་མཆོག་ཧྥ་རན་སིའི་གཞུང་དང་གྲོས་ཚོགས། མི་མང་བཅས་ཀྱི་ངོས་ནས་བོད་ཀྱི་དཀའ་སྡུག་གི་གནས་སྟངས་རྣམས་གསལ་བོ་ཤེས་ཀྱི་ཡོད་པ་དང་། ཧྥ་རན་སན་སིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་དཔོན་རིགས་ཚོར་མཇལ་འཕྲད་གནང་སྐབས་བོད་རྒྱའི་གནད་དོན་དེ་༧གོང་ས་ཏཱ་ལའི་བླ་མའི་དབུ་ཁྲིད་པའི་བོད་ཀྱི་སྐུ་ཚབ་ཚོ་དང་ལྷན་དུ་གྲོས་མོལ་གྱི་ལམ་ནས་ཐག་གཅོག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གྲོས་ཚོགས་དང་མཉམ་འབྲེལ་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་སྐོར་བཅས་བརྗོད་ཡོད་འདག

ཁོང་གིས་མུ་མཐུད་དུ་བརྗོད་དོན། “ ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་སྐོར་ཞིག་བོད་ནང་དུ་འགྲོ་རྒྱུར་རྒྱ་ནག་གཞུང་དང་འབྲེལ་བ་ཞུ་བཞིན་ཡོད། ང་ཚོའི་ངོས་ནས་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཛ་དྲག་གི་གནས་ཚུལ་ནམ་བྱུང་སྐབས། ཐད་ཀར་ཧྥ་རན་སིར་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་འགྲེལ་བཤད་དང་མཚམས་འཇོག་དགོས་པའི་འབོད་སྐུལ་རབ་དང་རིམ་པའི་དགོས་འདུན་བཏོན་པ་ཡིན། ད་རུང་། རྒྱ་ནག་དང་ཡུ་རོབ་མནའ་འབྲེལ་བར་དུ་ཚོང་དོན་གྱི་ཆངས་ཡིག་འཇོག་པ་སོགས་ཀྱི་སྐབས་སུའང་ཧྥ་རན་སིའི་གྲོས་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་དེ་གལ་ཆེན་དོན་ཆེན་དུ་བརྩི་བཞིན་ཡོད” ཅེས་དང་། “ དེ་རིང་ཁྱེད་ཅག་གིས་བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད་གནང་བའི་སྙན་ཐོ་འདི་ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་དང་གྲོས་ཚོགས་འཐུས་མི་རྣམས་ལ་འབུལ་ངེས་ཡིན། མཐའ་དོན། ང་ཚོ་ཧྥ་རན་སིའི་གཞུང་དམངས་གཉིས་ཀྱི་ངོས་ནས་གོང་ས་ཏཱ་ལའི་བླ་མ་གཙོས་བྱས་པའི་བོད་མི་ཡོངས་ཀྱི་རྒྱབ་རྩར་ནམ་ཡང་ཡོད་ལ། ཁྱེད་ཅག་བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད”  ཅེས་བརྗོད་ཡོད་འདུག  

དེ་རྗེས་བལ་ཡུལ་བཅའ་བཞུགས་ཕ་རན་སིའི་གཞུང་ཚབ་ཆེན་མོས། “ངས་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་ཀྱི་ཡོད་ལ། ལྷག་པར་དུ་བལ་ཡུལ་འདི་རྒྱ་གཞུང་གིས་གནོན་ཤུགས་འོག་ཡོད་དུས། བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་དམིགས་བསལ་གྱིས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས། དེའི་ཐད་བལ་ཡུལ་གཞུང་དང་གནད་ཡོད་མི་སྣ་རྣམས་མཇལ་འཕྲད་ཀྱི་སྐབས་སུ་ཡུ་རོབ་མནའ་འབྲེལ་བརྒྱུད་གནོན་ཤུགས་གང་ཐུབ་སྤྲད་པས་མ་ཚད། ད་རུང་ཡིན་རུང་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡིན” ཞེས་སོགས་བརྗོད་བྱུང་།  

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 3

  1. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དངོས་གནས་ཤེས་ཡོན་པའི་ལས་ཀ་ཞིག་དང་ལས་འགུལ་ཅིག་ཏུ་ཚོར་བས་དགའ་བསུ་ཞུ། བོད་ཀྱི་ཚོགས་སྡེ་ཁག་གིས་འདི་ལྟར་ལས་འགུལ་རེ་སྤེལ་ན་རྒྱལ་སྤྱིའི་མཐོང་དང་མཐུན་ལ་བོད་ནང་གི་གནས་སྟངས་ལ་མཐུན་པ་ཞིག་རེད།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་འདི་ལྟར་ཞལ་འདེབས་ཀྱི་དངུལ་ཕོན་ཆེན་པོ་དེ་རྒྱ་དར་ཁག་ཅིག་མེ་བསྲེགས་ཀྱི་སླད་དུ་གཏོང་བ་ལས་རང་གིས་ངོས་ནས་འདི་འདྲ་གནང་རྒྱུ་གལ་ཆེ་ལ། གལ་སྲིད་དེ་མི་འཇོན་ཡང་ཚོགས་སྡེ་འདི་ཚོ་ལ་རྒྱབ་སྐྱོབ་ཀྱི་སླད་དུ་མི་མང་གི་ལག་གི་བསྔུ་བའི་ཞལ་འདེབས་དེ་ཕུལ་ན་ཅི་མ་རུང་།

    Reply
  2. རང་དབང་རྒྱལ། says:
    ལོ་ 14 སྔོན།

    འདི་འདྲའི་སྡིངས་ཆ་ཞིག་གོ་སྒྲིག་གནང་མཁན་ལ་ཐོག་མར་བཀའ་དྲིན་ཆེ་ཞུ།
    ངོ་མ་རེད། ཕྱོགས་གཅིག་ནས་བོད་ཀྱི་གནས་བབ་བོད་རང་གི་སེལ་དགོས་པ་ཡིན་རུང་། ཕྱོགས་གཞན་ཞིག་ནས་ང་ཚོ་ལ་རྒྱབ་སྐྱོར་དགོས་པ་ནི། ཁ་ཚ་དགོས་གཏུགས་ཤིག་རེད། དེ་འདྲ་ཡིན་དུས། ཕ་རན་སིའི་གཞུང་དང་གྲོས་ཚོགས། མི་མང་བཅས་ཀྱི་ངོས་ནས་འདི་ལྟར་རྒྱབ་སྐྱོར་བྱས་པ་ནི། བོད་མི་རིགས་ལ་མཚོན་ན། འཐབ་རྩོད་གསོན་ཤུགས་རྒྱས་སྤྱད་ལྟ་བུ་ཞིག་རེད། འདི་འདྲའི་རྒྱབ་སྐྱོར་བྱེད་དགོས་དོན་ཡང་། བོད་མི་རིགས་ལ་བདེན་པའི་སྟོབས་ཤུགས་དང་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པས་ན། འདི་ལྟར་རོགས་འདེགས་བྱས་པ་ཞིག་རེད། ད་རུང་ཡིན་ཡང་། ང་ཚོའི་ངོས་ནས་གོ་སྐབས་དམ་འཛིན་བྱེད་ཤེས་དགོས་པ་གནད་ཀྱི་དོན་པོ་ཞིག་རེད།

    Reply
  3. རྒྱང་འཁྱམས་པ། says:
    ལོ་ 14 སྔོན།

    བོད་ནང་གི་གནས་བབ་འདི་ལ་མྱུར་སྐྱོབ་བྱེད་དགོས་ཟེར་མཁན་མང་ནའང་དོན་གལ་ཆོད་པ་གཅིག་ཀྱང་མེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese