དེ་རིང་ལོ་སར་ཚེས་ ༣ ཉིན་བལ་ཡུལ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ཁང་མདུན་དུ། བོད་མི་ ༡༣ གྱིས་ངོ་རྒོལ་སྐད་འབོད་བྱས་པར་བལ་ཡུལ་ཉེན་རྟོག་པས་གཅར་རྡུང་བཙན་འཁྲིད་བྱས་འདུག
དེ་རིང་ཕྱི་ཚེས་ ༢༤ སྟེ་བོད་ཆུ་འབྲུག་ལོའི་ལོ་སར་ཚེས་ ༣ གྱི་ཉིན་རྒྱབ་ཚུ་ཚོད་ ༢ པའི་སྟེང་། བལ་ཡུལ་རྒྱལ་ས་ཀ་ཊི་མན་ཊོའི་ཇཱ་ཝ་ལ་ཁཱེལ་ས་གནས་སུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ཁང་མདུན་དུ། བུད་མེད་གཉིས་ཚུད་པའི་བོད་མི་ ༡༣ གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་ཛ་དྲག་གནས་སྟངས་ཐད་དོ་སྣང་གནང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་བལ་ཡུལ་ཉེན་རྟོག་པས་བོད་མི་ཚོར་དྲག་གནོན་གཅར་རྡུང་བྱེད་ཞོར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག
གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཉིན་རྒྱབ་བལ་ཡུལ་ནང་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ཁང་མདུན་དུ། བོད་མི་ ༡༣ གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་ཕྱར་ཏེ། “རྒྱལ་ཚོགས་ཀྱིས་བོད་ནང་རྟོག་ཞིབ་ཚོགས་པ་གཏོང་དགོས” “རྒྱ་གཞུང་གིས་དྲག་གནོན་དམར་གསོད་མཚམས་འཇོག་དགོས” སོགས་སྐད་འབོད་བྱས་ཏེ་ཞི་བའི་ངོ་རྒོལ་བྱས་སྐབས། བལ་ཡུལ་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་ཚོར་དྲག་གནོན་གཅར་རྡུང་བྱེད་ཞོར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། བོད་མི་ཞི་རྒོལ་བ་གཅིག་ལ་རྨས་སྐྱོན་ཚབ་ཆེན་ཕོག་སྟེ་སྨན་ཁང་དུ་ཁྲིད་ཡོད་འདུག
རྒྱ་གཞུང་གིས་རང་གི་རྐུབ་སྟེགས་ཆེད་དུ། བལ་བོད་མི་རིགས་གཉིས་ཀྱི་མཐུན་སྒྲིལ་གཏོར་བརླག་གཏོང་རྒྱུ་དེ་རེད། བལ་བོད་མི་རིགས་གཉིས་ཕྱོགས་གཉིས་ཀའི་ཐོག་ནས་མཐུན་སྒྲིལ་རྡོག་རྩ་ཆིག་དྲིལ་ལ་གནོན་ཤུགས་སྤྲོད་དགོས་པའི་དུས་ཚོད་སྔ་མ་ནས་ཤར་ཟིན་པ་མིན་ནམ། བལ་བོད་མི་གཉིས་ཀྱི་མཐུན་ལམ་རྟག་བརྟན་ཤོག །
ང་ཚོ་བོད་མི་ལ་སྡུག་པོ་མྱོང་མཁན་གཉིས་པ་དེ་བལ་ཡུལ་དུ་ཡོད་པ་རྣམས་རེད།ཁྱོད་རྣམས་ལ་ཐུགས་ཆེ་ཞུ་རྒྱུ་དང་སེམས་སྐྱོ་པོ་འདུག་ཞུ་རྒྱུ་ཡིན།བཙན་བྱོལ་གཞུང་གི་དེ་ཐད་བསམ་བློ་ཞིག་བཏང་དགོས་ངོས་ཤིག་རེད།གཞིས་སུ་ཡོད་པ་རྣམས་ལ་རོགས་བྱེད་ཐུབ་ཀྱི་མེད་ཀྱང་བཙན་བྱོལ་ནང་དུ་ཡོད་པ་རྣམས་ལ་ལྟ་སྐྱོང་བྱེད་དགོས་པ་དེ་ལས་འགན་ཞིག་རེད།གལ་སྲིད་དེ་མ་ཐུབ་ན་ད་དུང་བོད་ས་ཡོངས་དགོས་ཟེར་བ་དེ་དོན་མེད་ཅིག་མ་རེད་དམ།
བལ་པོ་ཚོ་ཀྱང་ཉིན་གཅིག་ང་ཚོ་བོད་མི་ལ་ཡོང་རྒྱུ་དེ་ལས་མེད།དེ་ཤེས་ན་ལད་ལྟ་ནས་རང་རྒྱལ་སྲུང་དགོས།
བལ་ཡུལ་གྱི་བོད་མི་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ། རྒྱུན་རིང་ཞིང་ཚོར་སྣང་དང་། རང་དོན་དང་རང་གཅེས་ཀྱི་ཐོག་ནས་ད་བར་ཧང་སངས་དགོས་པའི་ལས་འགུལ་སྤེལ་སོང་།
མུ་མཐུད་འཚེ་མེད་ཞི་བའི་ཐོག་ལས་འགུལ་ལ་བརྟེན་འཛམ་གླིང་རྒྱལ་སྤྱི་གཉིད་ལས་དཀྲོག་དང་ནམ་ཞིག་ང་ཚོ་གཞི་བྱེས་མཉམ་འཛོམ་ཡོང་བའི་དུས་ཞིག་གཏན་གཏན་ཤར་ཡོང་།
བལ་རྒྱལ་འདི་ཡང་རྒྱ་དཀར་ནག་གང་རུང་གི་ཁོངས་སུ་འཛུལ་དགོས་པ་གལ་ཆེ་ནཔོ་རེད་ལ། བལ་བོད་གཉིས་ཀྱི་འདས་པའི་ལོ་རྒྱུས་བཟང་ཕྱོགས་དང་། མ་འོངས་པར་མུ་མཐུད་ནས་ས་འབྲེལ་ལུས་འབྲེལ་ཁྱིམ་འཚེས་གཅིག་ལ་དུས་རྟག་ཏུ་སྡོད་དགོས་པ་དེ་ཡང་བསམ་དགོས་ལགས། ལས་དགོས་ལགས། ཤོད་དགོས་ཡོད་རེད་ལགས།
བལ་ཡུལ་འདི་རྒྱལ་པོ་དམར་གསོད་བྱུང་ནས་བཟུང་བཀྲ་མི་ཤེས་པའི་རྒྱལ་ཁབ་ཅིག་ཆགས་ཟིན་པ་རེད། བལ་རིགས་བུ་མོ་དང་། བུ་མེད་ས་ཡ་གཉིས་ཙམ་གྱིས་རྒྱ་གར་རྒྱལ་ཡོངས་ནང་ལ་བཤང་ཚོང་པའི་ལས་རིགས་བཞུགས་དགོས་པའི་མི་རིགས་ཅིག་ཆགས་ཆགས་ཟིན་པ་རེད། དེར་བརྟེན་བལ་རིགས་དང་བོད་རིགས་ཀྱི་དཔལ་འབྱོར་གནས་སྟངས་དང་། མཐུན་འབྲེལ་ལ་བསམ་ཤེས་བྱས་ནས་སྐད་ཆ་ཤོད་ཐུབ་པ་བྱེད་དགོས་རེད་སྙམ།
བལ་ཡུལ་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་ཚོའི་ཐོག་དཔའ་རྩལ་ཡོད་འདོག་གིས་དྲག་རྩལ་ངོམ་ཁལ་བྱེད་ཀྱི་རེད། བོད་མི་ཞི་རྒོལ་བ་ཚོ་ལ་ཇི་ཙམ་ཉེས་རྡུང་བཏང་ཡང་ཕར་ཡ་ལན་གང་ཡང་མ་བྱས་པར་བརྟེན་ཉེན་རྟོག་པ་དེ་ཚོས་ཧ་ཅང་གི་དཔའ་རྒོད་ཡིན་འདོག་བསྟན་གྱི་རེད། ང་ཚོས་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་མ་འདས་པ་བྱས་པ་མ་གཏོགས། ཕར་ཡ་ལན་ལོག་དགོས་ན་ང་གཅིག་བུས་ཉེན་རྟོག་པ་གང་མཚམས་རིས་ཐུབ་ས་རེད།་
བལ་ཡུལ་གཞུང་ནི་རྒྱ་ནག་གཞུང་གི་རྒྱུག་ཁྱིག་བདག་མེད་ཅིག་ཡིན་པས་འདིས་བྱེད་སྟངས་ནི་ཧ་ཅང་ཐབས་སྐྱོ་བ་ཞིག་རེད།
བལ་ཡུལ་དུ་གནས་སྡོད་ཀྱི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པ་ནི་གཞིས་ལུས་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས་དང་འཇིགས་སྐྲག་གཅིག་མཚུངས་སུ་རེད་འདུག
རྒྱལ་ཁབ་ཅི་འདྲ་ཞིག་ཡིན་ཀྱང་རྒྱལ་ཁབ་ལ་རྩ་ཁྲིམས་དང་། མི་མང་རང་དབང་དགོས་པ་ནི་དོན་གྱི་དམ་པ་ཡིན། འོན་ཀྱང་རྒྱ་ནག་སྲིད་གཞུང་དང་བལ་ཡུལ་རྒྱལ་ཁབ་གཉིས་ལ་དེ་ལྟར་མེད་པ་ཡོངས་གྲགས་ཡིན་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བལྟ་བའི་མིག་དང་ཉན་པའི་རྣ་ཅོག་མེད་པས་དེ་བས་སེམས་སྐྱོ་དགོས་པ་ཞིག་རང་རེད། རྒྱ་ནག་སྲིད་གཞུང་ནས་འདི་ལོ་བོད་ནས་གཉེན་ཕྲད་དུ་ཡོངས་མཁན་དག་ཕར་འབྱོར་བ་དང་བཟང་བཙོན་དུ་བཅུགས་ནས་ཉེས་ཆད་བཏོང་བཞིན་ཡོད་པ་མ་ཟད་བོད་པ་མང་པོ་ཞིག་རང་ཡུལ་ལ་ལོག་མ་ཐུབ་པ་ད་ལྟ་བལ་ཡུལ་ནང་ཉེན་གཡོལ་ལ་སྡད་ཡོད་ཀྱང་། བལ་པོས་གང་ཞིག་བྱས་ཡོངས་སྙན་ནས་ཉིན་མཚན་མེད་ཞེད་སྣང་བྱས་སྡད་འདུག
བལ་གཞུང་གི་བྱེད་སྟངས་འདི་ལ་ཁོང་ཁྲོ་ཟ་བ་ཙམ་ལས
རྒྱལ་ཁབ་དང་མི་སྒེས་སུ་འདྲ་ཞིག་ཡིན་ཡང་།
རང་ཚུགས་དང་རང་ཉིད་ལ་ལྟ་གྲུབ་ཞིག་མེད་ན།
ཁྲེལ་གཞུང་དང་ངོ་ཚ་ཟེར་བ་ཡང་གཏན་ནས་ཡོད་མི་སྲིད་ལ།
སྤྱི་སེམས་དང་དྲང་བདེན་ཟེར་བ་ནི་དེ་ལས་ཀྱང་ག་ལ་ཡོད།
འདི་ཚོས་་་་ལྟོ་གོས་དང་སྒོར་མོའི་ཆེད་་་རང་གི་རྒྱལ་ཁབ་དང་རང་ཉིད་ཀྱི་ཕ་མ་ཡང་མེད་པར་བཟོ་སྲིད་པས་་་དཔྱོད་ལྡན་གྱི་མི་བུ་དག་གིས་དྭོགས་ཟོན་མཛད་རོགས།།
བོད་ལ་རང་དབང་ཞིག་ཐོབ་ན། བལ་ཡུལ་ལ་བལྟས་མོ་ཞིག་ལྟ་ཨ། ཕོ་ཤི་རེ་ཁ།