མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་ལྕེ་དང་བོད་དོན།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

འོད་དཀར།

༢༠༠༩ ལོ་ནས་ཀིརྟིའི་གྲྭ་བཀྲ་བྷེས་རང་ལུས་མེ་མཆོད་ལ་ཕུལ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་ད་བར་བོད་ནང་ས་ཁུལ་ཁག་མ་འདྲ་བ་ནས་སྐུ་ལུས་མེ་མཆོད་དུ་ཕུལ་མཁན་དཔའ་བོ་དཔའ་མོ་ཉི་ཤུ་རྩ་གསུམ་བྱུང་ཟིན་པ་ནི་བོད་ཀྱི་ལོ་རྒྱུས་ཙམ་མ་ཡིན་པར་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེ་མཆོད་ལ་ཕུལ་ནས་ངོ་རྒོལ་བྱེད་མཁན་ཆེས་མང་ཤས་ཀྱི་གྲས་སུ་ཆགས་ཡོད། སྤྱིར་ན་དཔལ་འབྱོར་ཁོ་ན་ལ་མགོ་འཁོར་པའི་དེང་སྐབས་ཀྱི་སྐྱེ་བོ་རྣམས་ཀྱིས་ཐོས་ཚེ་འདི་ནི་ཆེས་འཇིགས་སྣང་ཞིག་དང་བཟོད་དཀའ་བའི་ཐབས་སྐྱོའི་བྱེད་ཐབས་ཤིག་ཡིན་ཡང་སྲིད། འོན་ཀྱང་ཉིན་མཚན་མེད་པར་བཙན་གནོན་དང་བརྙས་བཅོས་འོག་ཏུ་ཡོད་པའི་མི་རིགས་ཤིག་གི་ངོས་ནས་བརྗོད་ན་འདི་ནི་བྱེད་འོས་པ་ཞིག་དང་དེ་བས་ཀྱང་བསམ་ཡུལ་ལས་འདས་པའི་ངོ་རྒོལ་གྱི་རྣམ་གྲངས་གཞན་ཡང་འབྱུང་སྲིད།

 

 ཇི་ལྟར་དཀའ་ཉོག་ཆེ་བའི་གནད་དོན་འདི་ལ་རྒྱ་དམར་གཞུང་གིས་དོན་ཕན་ལྡན་པའི་ཐག་གཅོད་ཅིག་མ་བྱས་པར་དེ་ལྟར་ངོ་རྒོལ་གྱི་རྣམ་གྲངས་འདི་མུ་མཐུད་ནས་འགྲོ་ངེས་ཡིན་པ་གསལ་བོར་མཐོང་ཐུབ། གལ་སྲིད་སུ་གང་གིས་གནད་དོན་འདི་དེ་མ་ཐག་མཚམས་འཇོག་དགོས་ལུགས་བརྗོད་ཚེ་དེ་ནི་མི་སྲིད་པ་ཞིག་ཡིན། རྒྱུ་མཚན་ནི་གོང་བླ་སྤྲུལ་རྣམས་དང་དཔོན་རིགས་སུ་གཅིག་ལའང་ལས་འགུལ་འདི་ཉིད་མཚམས་ཞོག་ཅེས་བཀའ་ཁྱབ་གཏོང་རྒྱུའི་འོས་འགན་དང༌།  ཡང་ན་དབང་ཆ་གང་ཡང་མེད།

 

གལ་སྲིད་དེ་ལྟར་བརྗོད་པའི་དབང་དུ་བཏང་ཡང་དེ་ནི་ལོ་རྒྱུས་ཀྱི་ཉེས་ཅན་དུ་གྱུར་སྲིད་ལ། ཡང་ཕྱོགས་གཞན་ཞིག་ནས་བརྗོད་ན་དེ་ནི་ཁོ་ཚོས་བརྗོད་ནས་བསྒྲུབ་ཐུབ་པ་ཞིག་ཀྱང་མིན། རྒྱ་མིའི་གཏམ་དཔེར། སྦྲུལ་གྱི་མདུད་པ་སྦྲུལ་གྱིས་བཀྲོལ་དགོས་ཞེས་པ་ལྟར་གནད་དོན་འདི་ཉིད་དོན་དངོས་ནས་ཐག་གཅོད་བྱེད་དགོས་ན་རྒྱ་དམར་གཞུང་གིས་ཐག་གཅོད་བྱ་དགོས་ལ། རྒྱ་དམར་གཞུང་ལ་དེ་ལྟར་ཐག་གཅོད་བྱེད་པའི་ནུས་པ་དང་འོས་འགན་ཆ་ཚང་ཡོད། དེའི་ཕྱིར་དེང་སྐབས་བཙན་བྱོལ་ནང་བོད་མི་ཅོལ་ཆུང་ཁ་ཤས་ཀྱིས་ལས་འགུལ་འདི་ཉིད་མཚམས་འཇོག་དགོས་པར་བརྗོད་བཞིན་པ་དང༌། དེ་བཞིན་༧གོང་ས་མཆོག་གིས་མཚམས་འཇོག་དགོས་པའི་བཀའ་སློབ་ཕེབས་དགོས་པར་བརྗོད་བཞིན་པ་དག་ལ་ཁོ་བོས་ལེགས་སོ་བརྗོད་ཐུབ་མེད་སོང༌།

 

རང་ཉིད་ཤི་རྒྱུ་སྐྲག་ན་ཞི་འཇམ་གྱི་གནས་ཞིག་བཙལ་ནས་སྡོད་དང་ཁྱོད་ལ་བཙན་སྐུལ་གྱིས་འཐབ་རྩོད་ནང་ཞུགས་དགོས་ཞེས་བཀའ་གཏོང་མཁན་མེད། མི་རིགས་ཀྱི་ལས་དབང་སེམས་གཏིང་ནས་འཚོས་ཤིང་རྒྱལ་ཁབ་ཀྱི་ལ་རྒྱའི་སྙིང་སྟོབས་མེ་ལ་སྦར་ཐུབ་པའི་དཔའ་བོ་ཚོར་ཁྱོད་ཚོ་ལྟ་བུའི་སྡར་མ་ཚོའི་སྐད་ཆ་བཤད་པའི་རིན་འབབ་མེད་སོང༌། སྔོན་གྱི་བཙན་པོ་རྣམས་ཀྱི་སྐབས་སུ་ཡང་དཔའ་བོར་བྱ་དགའ་དང་ནང་མི་ལ་གཟེངས་བསྟོད་གཏོང་པ་ལས་བོད་མི་རྫོགས་ཉེན་ཆེད་དམག་འཐབ་འཇོག་དགོས་བརྗོད་པའི་བཀའ་དེ་འདྲ་གཏོང་མཁན་བཙན་བློན་གང་ཡང་བྱུང་མེད་ན། དུས་ད་ལྟ་ཡང་བོད་ཀྱི་བཙན་པོའི་སྙིང་སྟོབས་ལ་ཤེས་རིག་གི་མདའ་གཞི་ཐོགས་ཡོད་པའི་སྐབས་འདིར་གླེན་པ་ཚོའི་གཏམ་སྨྲ་བའི་ངང་ཚུལ་དེ་རང་དུ་དོར་དགོས་པར་མཐོང༌། དུས་ད་ལྟའི་བར་རྒྱལ་ཁབ་སུ་ཞིག་གི་ཁྲག་གིས་འགྲོ་གྲོན་མ་བཏང་པར་བདག་དབང་ལེན་ཐུབ་མེད་པ་བཞིན་ང་ཚོ་ཡང་དེ་བཞིན་ཡིན་པ་ལོ་རྒྱུས་དང་རྒྱལ་ཁབ་སོ་སོའི་བདག་དབང་རྩོད་ལུགས་སོགས་ལ་ཞིབ་ལྟ་བྱེད་མྱོང་བ་ཞིག་ཡིན་ཚེ་གནས་ལུགས་འདི་ཉིད་རང་བཞིན་གྱིས་རྟོགས་འོང༌། ཅི་སྟེ་རྒྱལ་ཁབ་ཀྱི་འཐབ་རྩོད་རྣོ་ངར་མི་རིགས་ཀྱི་ཆགས་འཇིག་ལ་ཐུག་པའི་ཚེ་མི་རིགས་དེ་ཉིད་ཀྱི་བདག་དབང་ཐོབ་ལ་ཉེ་བ་ཡང་གནས་ལུགས་ཞིག་ཡིན།

 

བོད་མིའི་གཏམ་དཔེ་ཝ་རྔ་མ་ཤ་ལེར་འབྲོ་པ་ལས་སྟག་འཛུམ་དྲུག་ཀྱིལ་ལེར་ཤི་ན་དགའ་ཞེས་པ་ནི་མེས་པོ་རྣམས་ཀྱིས་མི་རབས་ཕྱི་མ་ལ་བཞག་པའི་བསླབ་བྱ་ཡིན་སྐད། འོ་ན་ང་ཚོས་ཇི་ལྟར་བྱེད་དགོས་ཞེ་ན། བོད་ནང་རང་སྲོག་བློས་བཏང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་དང་ཁོ་ཚོའི་འདོད་དོན་འཛམ་གླིང་རྒྱལ་སྤྱི་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་ནང་གསལ་བསྒྲགས་དང་ཤེས་རྟོགས་བྱེད་རྒྱུ། ས་གནས་གང་ས་ནས་རང་ནུས་གང་ཡོད་ཀྱིས་རྒྱ་གཞུང་ལ་རིགས་མི་འདྲ་པའི་ངོ་རྒོལ་བྱ་རྒྱུ། རྒྱ་མིའི་བཅའ་དངོས་ཉོ་ཚོང་མི་བྱེད་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ལ་ས་རྟགས་བསྡུ་རུབ་ཀྱི་སྙན་ཞུ་གཏོང་རྒྱུ་སོགས་ནི་ང་ཚོའི་འོས་འགན་ཉག་ཅིག་ཡིན།

 

སྤྱིར་ན་བོད་པ་ཞེས་པ་ནི་དཔའ་ངར་ལྡན་ཞིང་འབྲོང་གི་སྙིང་སྟོབས་དང་སྟག་གི་ངར་ཤུགས་ཡོད་པའི་སྲིད་གསུམ་དབང་དུ་བསྡུ་མྱོང་པའི་བཙན་པོ་དག་གི་མི་རབས་ཕྱི་མ་ཡིན་པས། དེ་ལྟར་སྡར་མའི་ངང་ཚུལ་འཛིན་པ་ཞིག་མ་ཡིན་པ་ཁོ་བོར་ཡིད་ཆེས་ཡོད་ཀྱང༌། སྐབས་རེར་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ཁ་ཤས་ཀྱི་བསམ་བློ་མེད་པའི་བྱིས་པའི་སྐད་ཅོར་དང༌། ཡོང་མི་སྲིད་པ་དང་འགྲུབ་མི་སྲིད་པའི་སྡར་སྐད་ཉིན་ནས་ཟླ་དང་ལོ་མཐུད་དེ་བརྗོད་པས། ཤེས་ཡོན་གྱི་རྨང་གཞི་མེད་པའི་སྐྱེ་བོ་རྣམས་མགོ་སྐོར་འོག་ཚུད་བཞིན་པ་ནི་བློ་ཕམ་གྱི་གནས་ཞིག་རེད་ལ། དེ་བས་ཀྱང་མི་རབས་ཕྱི་མར་ལག་རྗེས་ངན་པ་བཞག་པ་ཡང་མ་ཡིན་ནམ། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཁྱེད་ཚོའི་བོད་སྐད་མ་བཤད་ཀྱང་ཆོག བོད་ལྭ་མ་གྱོན་ཀྱང་ཆོག འོན་ཀྱང་ཁྱེད་ཚོའི་ཤ་དང་ཁྲག་བོད་པ་ཡིན་པས་དེ་བསྒྱུར་མི་ཐུབ་ཞེས་པ་ནི་མི་རབས་འདི་དག་ལ་བཞག་པའི་ལུང་བསྟན་ཞིག་ཀྱང་ཡིན་པར་མཐོང༌།

 

ང་ཚོ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་པ་ཞིག་ཡིན་པ་ལས་ལྟོ་གོས་མེད་པའི་སྐྱབས་བཅོལ་བ་ཞིག་མིན་པ་སྐྱེ་བོ་བླུན་པོ་ཚུན་ཆད་ཀྱིས་ཤེས་ཀྱིན་ཡོད་ན་ད་དུང་ཆབ་སྲིད་ཀྱི་གནད་དོན་ལ་ཆབ་སྲིད་ཀྱིས་འཐབ་རྩོད་བྱེད་མ་ཐུབ་པ་ནི་ནམ་ཡང་ཁོ་བོའི་བློ་ཡུལ་དུ་འཁོར་མ་ཐུབ་པའི་དྲི་བ་གལ་ཆེན་ཞིག་ཡིན་སོང༌། རྒྱ་ཕྱོགས་ལ་མཚོན་ན་ང་ཚོར་ནམ་ཡང་དམའ་འབེབས་དང་བཙན་གནོན་སོགས་བཙན་པོའི་དབང་འོག་ནས་བོད་མི་རིགས་ལ་རྒྱལ་ཁབ་གཅིག་གི་འདུ་ཤེས་ཏིལ་འབྲུ་ཙམ་ཡང་འཇོག་གི་མེད་ན་ང་ཚོས་མཉམ་གནས་དང་རྒྱ་དམར་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་པ་དེ་ཡང་ཁོ་བོའི་བློ་ཡུལ་དུ་ཤོང་དཀའ་ཐལ།

 

མཐའ་དོན། བཙན་པོའི་གདོང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཚོ་ལག་རྡང་གཅིག་ལ་སྦྲེལ་ནས་མཉམ་དུ་འཐབ་རྩོད་ནང་ལོང་ཤོགས། རི་བོ་ཞིག་གི་ཕ་རོལ་ན་ང་ཚོའི་ཕུ་ནུ་མང་སྲིང་ཚོས་རེ་བའི་སྙིང་རླུང་སྟོད་ལ་འཚང་ནས་ང་ཚོར་སྒུག་བསྡད་ཡོད། བོད་པ་ཚོ། ཕ་ཡུལ་གངས་ཅན་ལྗོངས་ན་ང་ཚོའི་ཕ་མ་དང་སྤུན་མཆེད་ཚོས་མིག་ཟུང་མཆི་མས་གང་ནས་༧གོང་ས་སྐྱབས་མགོན་མཆོག་དང་ང་ཚོར་རེ་བའི་སྒུག་བཞིན་འདུག གདོང་དམར་བོད་པ་ཚོ། ཧི་མ་ལ་ཡའི་ཕ་རོལ་ན་གདོང་དམར་དཔའ་བོ་ཚོའི་དམར་པོ་ཁྲག་དང་མེ་ཡི་ནང་ནས་ང་ཚོ་འབོད་སྒྲ་སྒྲོག་བཞིན་འདུག མ་འདུག་མ་འདུག་བོད་པ་ཚོ། ལོངས་ཤོག བཙན་པོའི་སྙིང་སྟོབས་སེམས་ལ་ཉར་ནས་ཡར་ལ་ལོངས་ཤོགས། མི་རིགས་ཤིག་གི་བདེ་སྐྱིད་ཆེད། རྒྱལ་ཁབ་ཅིག་གི་བདག་དབང་ཆེད་ཡར་ལོངས་ཤོག་བོད་པ་ཚོ།

༢༠༡༢།༠༢།༢༧ ཉིན་ཨ་རིའི་གྲོང་ཁྱེར་ནུའི་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ནས་བྲིས།

 

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༨ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 7

  1. ཁང་མུན་གྲོལ། says:
    ལོ་ 13 སྔོན།

    རྩོམ་ཡིག་འདི་ཧ་ཅང་ཡག་པོ་བྲིས་འདུག་པས་སྐུ་ཉིད་ལ་རྗེས་སུ་ཡི་རངས་ཡོད། ད་དུང་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་ལ་ཅི་བས་ཀྱང་ཡི་རངས་ཞུ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    འོད་དཀར་ལགས་ཀྱི་རྩོམ་འདི་ལ་གུས་སྐུར་ཞུ་འོས་པ་མ་ཟད། ཀློག་པ་པོ་རྣམས་ཀྱིས་ཞིབ་ཏུ་ཀློགས་ཏེ་ཉམས་སུ་ལེན་དགོས་སོ།།

    Reply
  3. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    སྐུ་ཞབས་ཤིང་བཟའ་རིན་པོ་ཆེ་མཆོག་གིས་འདི་བཞིན་སྐུ་ཚེགས་ལ་མ་འཛེམས་པར་མི་རིགས་དང་རིག་གཞུང་སོགས་ཀྱི་ཆེད་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་རྗེས་སུ་ཡི་རངས་དང་། རིན་ཐང་གཞལ་དུ་དཀའ་བའི་རྩོམ་ཡིག་འདི་ཕྲན་སོགས་ཀློག་པ་པོ་དག་གི་བགོ་བསྐལ་དུ་ཕྱིན་པར་བཀའ་དྲིན་བླ་མེད་དུ་ཆེ།

    Reply
  4. ནད་པ says:
    ལོ་ 13 སྔོན།

    རྩམ་ཡིག་ཡག་པོ་ཞིག་སྤེལ་འདུག་པར་སྙིང་དབུས་ནས་དགའ་བསུ་དང་བསྔགས་བརྗོད་ཞུ།

    རང་གི་བརྩེ་བའི་མི་རིགས་དང་གཅེས་པའི་རྒྱལ་ཁབ་ཀྱི་དོན་དུ་འཐབ་རྩོད་རྣོ་ང་ར་ལྡན་པའི་ལས་འགུལ་རབ་དང་རིམ་པ་སྤེལ་མཁན་ཡོངས་ལ་དགའ་སྤྲོའི་བསུ་བ་ཆེན་པོ་ཞུ་རྒྱུ་ཡིན།

    Reply
  5. རིན་ཆེན་གྲགས་པ། says:
    ལོ་ 13 སྔོན།

    ༧གངས་ཅན་ཁ་བའི་ལྗོངས་ཀྱི་བླ་ཆེན་དག་གི་དབུ་དགྱེས་་ནས་གསན་བར་མཛོད།
    ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གི་ཐུགས་འགན་བཞེས་སྟངས་ནང་བཞིན་བོད་སྤྱི་དོན་ལ་ནུས་ཤུགས་འདོན་པའི་དུས་ལ་བབ་འདུག་པ་མཁྱེན་རྟོགས་ཡོང་བ་ཞུ། སྐུ་ན་ཕྲ་བའི་དམ་པ་ཁོང་ན་མཚོན་ན་བོད་སྤྱི་བའི་དོན་ལ་སྔ་བཞུགས་བར་གསུམ་དུ་ལས་དོན་མང་པོ་བསྒྲུབས་མྱོང་ལ། ལྷག་པར་བཙན་བྱོལ་ཁྲོད་སྔར་བྱུང་མྱོང་མེད་པའི་སྙན་ངག་གི་འགྲན་བསྡུར་སྤེལ་བ་སོགས་ལས་དོན་རླབས་པོ་ཆེ་མང་པོ་བསྒྲུབས་མྱོང་ཡོད་པས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ད་ཐེངས་་ཀྱང་བོད་ནང་གི་རང་ལུས་མེར་གསེགས་ཀྱི་ཡ་ང་བའི་གནས་སྟངས་ལ་ཐུགས་ཀྱིས་མ་བཟོད་པར་བླ་བྲང་་དང་འབྱོར་བ་རྒྱབ་ཏུ་བཞགས་ནས་སྐུ་རྐྱང་དུ་བོད་སྤྱི་བའི་དོན་ལ་ཟས་བཅོད་ངོ་རྒོལ་གནང་བ་ནི་དོན་དངོས་སྟེངས་ནས་་བཤད་ན་བཙན་བྱོལ་ནང་མི་ལོ་ལྔ་བཅུ་ལྷག་ཟིན་པའི་ནང་བོད་ཀྱི་བླ་ཆེན་ཞིག་གིས་བོད་དོན་ཆེད་ལས་འགུལ་སྤེལ་བ་ཐོག་མ་ཆགས་ཡོད་པས། ཤ་ཁྲག་གཅིག་པའི་བོད་པའི་སྐྱེས་ཆེན་དག་གི་མིག་དཔེར་བལྟས་ན་རེད། མཐའ་དོན་སྐུ་ཉིད་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་ཡིད་ཆེས་བྱེད་ཀྱིན་ཡོད། བོད་རྒྱལ་ལོ།

    Reply
  6. རྟམ་ཁོ། says:
    ལོ་ 13 སྔོན།

    རིགས་ཞེན་ཆེ་ཞིང་རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་སྔ་ཕྱི་བར་གསུམ་དུ་རང་ཚུགས་བརྟན་པའི་རྩོམ་པ་པོ་འོད་དཀར་གྱི་ཕྱག་ལས་དང་དགོངས་འཆར་བཅས་ལ་སེམས་གཏིང་ནས་རྗེས་སུ་ཡི་རང་ཞུ། ལྷག་པར་གང་ཉིད་ཀྱིས་ < ས་གནས་གང་ས་ནས་རང་ནུས་གང་ཡོད་ཀྱིས་རྒྱ་གཞུང་ལ་རིགས་མི་འདྲ་བའི་ངོ་རྒོལ་བྱེད་དགོས། >ཞེས་པ་འདི་ནི་བོད་མི་ཀུན་གྱིས་ཤེས་དགོས་པའི་གནད་ཀྱི་དོན་པོ་ཞིག་ཏུ་སེམས།

    Reply
  7. རྨ་དུག་ལྕེ། says:
    ལོ་ 13 སྔོན།

    ཤིང་བཟའ་ཚང་ལ་མཚོན་ལ་གསེར་ཁྲི་སེར་པོའི་ཡང་སྟེང་ན་བཞུགས་པའི་བླ་སྤྲུལ་ཞིག་ཡིན་ལ། སྟོང་འཚོགས་པའི་གྲྭལ་མགོར་འགྱིང་བའི་དགེ་བཤེས་ཤིག་ཀྱང་ཡིན།
    བླ་སྤྲུལ་དང་དགེ་བཤེས་དག་ལ་ཐུན་མོང་གི་ལམ་བུ་ཞིག་ཡོད་པ་ནི། སྐྱིད་ཉལ་སྐྱིད་ལང་དང་རྒྱས་སྤྲོས་བྱེད་རྒྱུ་དེ་རེད། འོན་ཀྱང་ཤིང་བཟའ་ཚང་ལ་མཚོན་ན། སྔ་ཕྱིར་བོད་དུ་ཞི་བའི་གོམ་བགྲོད་ཐེངས་གཉིས་དང་། བོད་ཀྱི་རིག་གཞུང་ཉམས་གསོའི་ཆེད་དོན་ཕན་ལྡན་པའི་ལས་འགུལ་སྣ་མང་སྤེལ་མྱོང་། མཐར་གཏུགས་ན་ཁོང་གི་ཉིན་ཞག་ཕྲུག་གཅིག་གི་ནང་དུ་བོད་དོན་ཐུགས་ནས་འདོར་མྱོང་མེད། བཀྲེས་ལྟོགས་ཀྱི་མནར་གཅོད་འོག་ནས་བྲིས་པའི་<<མེ་ལྕེ་དང་བོད་དོན>>བཀླགས་དུས། སྐུ་ཉིད་ཀྱི་གཟུགས་གཞིའི་གནས་བབས་ངའི་མིག་ལམ་དུ་ཤར་བྱུང་ལ། ཉིན་ལྔའི་ནང་དུ་སྤྱི་རྒྱ་བཞི་སྟེ་རྒྱ་མ་བརྒྱད་ཙམ་མར་ཆགས་པའི་གནས་ཚུལ་གསར་ལམ་ཁག་ལས་མཐོང་བས། སྐུ་ཉིད་ཀྱིས་བཀྲེས་ལྟོགས་ཀྱི་མནར་གཅོད་འོག་ནས་ཕྱག་འདར་བཞིན་བྲིས་པའི་བརྩམ་ཆོས་འདི་ལ་དམིགས་བསལ་གྱི་བརྩེ་བ་ཞིག་སླེབས་སོང་། ད་ནི་བླ་བྲང་རེ་རེའི་ནང་དུ་ཁྱི་ལྟར་ཉལ་ཞིང་ཕག་ལྟར་ཟ་བ་དག་གིས་ཀྱང་བསམ་གཞིགས་ཤིག་བྱ་རན་རེད་སྙམ། གང་ལྟར་སྐུ་ཉིད་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་པར་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese