མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིག་སྒྲིབ་རྒྱལ་དཀྲོགས་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་སྒེར་ལངས་དུས་དྲན་ཉིན། རྒྱལ་གཅེས་དཔའ་བོ་མིག་དམར་ལགས་ཀྱིས་རང་གི་མིག་གཉིས་རས་ནག་གིས་སྒྲིབ་སྟེ། རྒྱལ་གར་རྒྱལ་ཡོངས་ནང་གོམ་བགྲོད་ཀྱི་ལས་འགུལ་ཅིག་བརྩམས་སོང་།

དེ་རིང་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་གྱི་གཞུང་འབྲེལ་མཛད་སྒོ་གྲུབ་པའི་རྗེས།  ཉེ་ཆར་བོད་དོན་འཐབ་རྩོད་ཆེ་རྒྱ་གར་རྒྱལ་ས་ལྡི་ལིར་རང་ལུས་མེར་བསྲེགས་གཏོང་མྱོང་མཁན་གྱི་རྒྱལ་གཅེས་དཔའ་བོ་མིག་དམར་ལགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཡོངས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དོ་སྣང་དང་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཆེད། རང་ཉིད་ཀྱི་མིག་གཉིས་རས་ནག་པོ་ཞིག་གིས་སྒྲིབ་སྟེ། རྒྱ་གར་རྒྱལ་ཡོངས་ནང་གོམ་བགྲོད་ཀྱི་ལས་འགུལ་ཞིག་བཞུགས་སྒར་དྷ་ནས་དབུ་འཛུགས་གནང་སོང་།

ལས་འགུལ་དེ་དབུ་འཛུགས་ཀྱི་གཏམ་བཤད་སྐབས། རྒྱལ་གཅེས་དཔའ་བོ་མིག་དམར་ལགས་ཀྱིས། “ རྒྱ་གཞུང་གི་དམར་གསོད་དྲག་གནོན་གྱི་སྲིད་ཇུས་འོག ད་ལྟ་བོད་ནང་གནས་སྟངས་ཧ་ཅང་ཛ་དྲག་ཏུ་ཕྱིན་ཡོད་པའི་སྐབས་འདིར། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་གཞུང་གིས། བོད་མིའི་རྩ་དོན་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཀྱི་གནས་སྟངས་ཐད་གོ་མེད་ཚོར་མེད་ཀྱི་རྣམ་འགྱུར་བཟུང་སྟེ་ཁུ་སིམ་མེར་སྡོད་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་ཡིན་ལ།  རྒྱལ་ཁབ་དང་སྒྲིག་འཛུགས་དེ་དག་གིས་མིག་གཉིས་ཕྱེ་དེ་ང་ཚོར་རྒྱབ་སྐྱོར་གནང་རོགས། ” ཞེས་བརྗོད་དེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་འོག་བོད་ནང་ང་ཚོའི་དཔའ་བོ་དཔའ་མོ་མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད་ལ། འབྱུང་འགྱུར་ཀྱང་མུ་མཐུད་དུ་འདས་གྲོངས་སུ་འགྱུར་ཉེན་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་པའི་ཛ་དྲག་གནས་སྟངས་ལ་དོ་སྣང་དང་རྒྱབ་ཡོང་བར་འབོད་སྐུལ་ཆེད། རྒྱ་གར་རྒྱལ་ཡོངས་ནང་གོམ་བགྲོད་ཀྱི་ལས་འགུལ་དེ་སྤེལ་བཞིན་པ་ངོ་སྤྲོད་གནང་སོང་།

མིག་དམར་ལགས་ཀྱི་མིག་སྒྲིབ་རྒྱལ་དཀྲོགས་ཀྱི་གོམ་བགྲོད་ལས་འགུལ་དེ། དེ་རིང་ཉིན་གུང་ཆུ་ཚོད་ ༡༡ ལྷག་གི་སྟེང་བཞུགས་སྒར་དྷ་ས་ནས་དབུ་འཛུགས་གནང་སྟེ། ཉིན་ལྟར་ཞོགས་པ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་མིག་གཉིས་རས་ནག་གིས་སྒྲིབ་སྟེ་གཞུང་ལམ་བརྒྱུད་རྒྱ་གར་རྒྱལ་ཡོངས་ནང་གོམ་བགྲོད་བྱ་རྒྱུ་ཡིན་འདུག 

བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཀྱིན་པར་ངོ་རྒོལ་ཆེད། རྒྱལ་གཅེས་དཔའ་བོ་མིག་དམར་ལགས་ཀྱིས་དེ་སྔོན་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རང་ལུས་མེར་བསྲེགས་བཏང་མྱོང་ཡོད་པ་དང་། སྐབས་དེར་ཁོང་གི་རྐང་པ་གཡོན་པར་མེར་བསྲེགས་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པར་བརྟེན། ད་ལྟའང་ལག་རྟེན་བཟུང་སྟེ་རྐང་པ་འཐེང་འགྲོས་ཀྱིས་ཕེབས་དགོས་ཀྱི་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།  

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 10

  1. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཡག་པོ་ཞེ་དྲག་རེད། རྗེས་སུ་ཡིད་རངས་ཡོད། བཙན་བྱོལ་ནང་གི་བོད་མི་ཚོས་མིག་དཔེ་བལྟ་འོས་པ་ཞིག་རེད། ཁ་ནས་ཧམ་པ་དང་རྫིག་པོ་རི་འདྲ་ཞིག་བཤད་ནས་འགྲོ་བ་ལས་ཁོང་དང་འདྲ་བ་བྱེད་ན་མི་དགའ་འམ།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    མིག་དམར་ལགས་ཀྱི་བསམ་དོན་འགྲུབ་པར་ཤོག

    Reply
  3. thapkegyatso says:
    ལོ་ 14 སྔོན།

    འདི་ནི་གངས་ཅན་པའི་ཆེད་དུ་ཁྱེད་ཀྱིས་ཡོངས་གྲགས་སུ་མཆོངས་བསྐྱོད་བྱས་པ་ཐེངས་གཉིས་པ་དེའོ།།ཉིད་ཀྱི་ལྷག་བསམ་རྣམ་དག་ལ་ཡི་རང་ཞུའོ།།

    Reply
  4. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    རྒྱལ་གཅེས་ལྷག་བསམ་ཅན་གྱི་སྤུན་ཟླ་མིག་དམར་ལགས་སུ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཚད་མེད་ཞུ། ཁྱེད་དང་འདྲ་བ་བཙན་བྱོལ་ནང་སྐྱེས་ཅིང་འཚར་ལོངས་དང་རང་གཞུང་དང་༧གོང་ས་མཆོག་གི་ཐུགས་རྗེ་བླ་མེད་ལས་དེང་དུས་འཛམ་གླིང་སྤྱི་མཚུངས་ཀྱི་ཤེས་ཡོན་དང་དགོས་ངེས་མཐུན་རྐྱེན་ཆ་ཚང་བ་རག་པ་རྣམས་ཀྱིས་རང་གི་ཕ་ཡུལ་སྤུན་ཟླ་རྣམས་ཀྱི་བདེན་དོན་ལ་དགོངས་བཞེས་ཀྱི་ཕྱག་ལས་ཤིག་གནང་གི་ཡིན་ན་ལེགས་པོ་གང་འདྲ་མི་འདུག་གམ།

    Reply
  5. ཡུལ་གྱར་བའི་མི་ཚེ། says:
    ལོ་ 14 སྔོན།

    མིག་དམར་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་། གང་ཡིན་ཞེ་ན་བཙན་བྱོན་ནང་ཁྱེད་དང་འདྲ་བའི་གཞོན་སྐྱེད་གང་མང་ཞིག་བྱུང་ན་ཅི་མ་རུང་།   བཙན་བྱོན་ནང་མཆུ་ཏོ་བ་མང་དྲག་ནས་ལས་འགུལ་དངོས་ལ་བཞུགས་མཁན་དཀོན་པོ་འདུག
    ཡེ་རྡོར་གྱི་སྐད་ཆ་དེ་མ་བཤད་སྔོན་ང་རང་གི་བསམ་ཚུལ་ཞིག་དྲིས་ནས་དུས་བབ་གསར་ཁང་ལ་བསྐུར་ཡོད་། འོན་ཀྱང་དུས་བབ་གསར་ཁང་ནས་བསྟོན་མ་སོང་། དེའི་སྐབས་ངས་བརྗོད་གཞི་དང་མ་འཚམ་པ་དེ་འདྲ་གང་ཡང་དྲིས་མེད་། དེ་རིང་འདོན་པའི་རེ་བ་ཆེ།

    Reply
  6. རྡོ འཇམ་ཚུལ། says:
    ལོ་ 14 སྔོན།

    སྙིང་སྟོབས་དང་ལྷག་བསམ་དེས་ནམ་ཡང་མི་རིགས་འདི་ཞུམ་པ་མེད་པའི་བདེན་དཔང་བྱས་སོང་བས་བཀའ་དྲིན་ཆེ་་་་་

    Reply
  7. རྡོ་རྗེ་བཀྲ་ཤིས། says:
    ལོ་ 14 སྔོན།

    མིག་དམར་གྱི་སྤོབས་པར་རྗེས་སུ་ཡི་རངས་ཡོད།

    Reply
  8. གཟི་མིག་༣པ says:
    ལོ་ 14 སྔོན།

    མིག་དམར་ལགས་ཁྱེད་ཀྱི་ད་བར་བོད་དོན་ཆེད་ལས་འགུལ་སྣ་ཚོགས་སྤེལ་གནང་བར་བསྔགས་བརྗོད་ཞུ་བཞིན་ཡོད་

    འོན་ཀྱང་ད་རེས་ཁྱེད་ལ་ངས་རེ་བ་ཞུས་ན་ང་ཚོ་ནི་ཅིག་བསྒྲིལ་གྱི་ནུས་པ་འདོན་དགོས་རེ་རེ་བྱས་ན་ང་ཚོའི་ནུས་པ་དོན་མེད་དུ་མི་འགྲོ་སམ་
    བོད་རྒྱལ་ལོ་

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    མིག་དམར་ཁོང་གིས་ག་དུས་ཡིན་ན་བོད་ཀྱི་བསྟན་སྲིད་སླད་དུ་ཕྱག་ལས་གནང་གིན་འདུག་པས་དགའ་བསུ་དང་རྗེས་སུ་ཡི་རང་ཡོད་ལ། བསམ་དོན་ཅི་བཞིན་འགྲུབ་པར་སྨོན།

    Reply
  10. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese