ཁ་སང་ཕྱི་ཚེས་ ༡༠ ཉིན་བྷེལ་ཇམ་ནང་བོད་མིའི་སྒེར་ལངས་ཐེངས་ང་གསུམ་པ་སྲུང་གཙི་གནང་ཡོད་འདུག བྷེལ་ཇམ་བོད་རིགས་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག་དང་ཡུ་རོབ་བོད་རྒྱ་མཛའ་འབྲེལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བྷེལ་ཇམ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཉིས་བཅས་ནས་མཉམ་རུབ་ཐོག་གོ་སྒྲིག་ཞུས་དེ། ཡུ་རོབ་ཀྱི་རྒྱལ་ས་སྦར་སིལ་ནང་ངོ་རྒོལ་སྐད་འབོད་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་འདུག སྐབས་དེར་ས་ཁུལ་འདིར་གནས་སྡོད་བོད་རིགས་མི་མང་དང་། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་པ་བཅས་ཁྱོན་མི་གྲངས་ ༨༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག་ལ། ཉིན་དེར་ཕྱི་སྡོད་རྒྱ་རིགས་ཀྱི་ཚོགས་ཁག་གི་སྐུ་ཚབ་མི་གྲངས་ ༡༢ མཉམ་ཞུགས་གནང་ཡོད་འདུག
ཁ་སང་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་བོད་མིའི་སྒེར་ལངས་ང་གསུམ་པ་སྲུང་གཙི་གནང་བཞིན་པ།

བྷེལ་ཇམ་དུ་ཡོད་པའི་གངས་ཅན་པ་ཚོ་དང་གངས་ཅན་པའི་གྲོགས་པོ་ཚོར་ཐུགས་རྗེ་ཆེ་ཞུ།
ད་དུང་བོད་པ་ཚོས་ནམ་ཡང་རང་ཉིད་བོད་པ་ཞིག་ཡིན་པའི་རང་ཚུགས་མ་དོར་རོགས།