མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་ལའི་ཁྱིམ་རྒྱུད་ནང་ཡལ་ལ་ཉེ་བའི་མི་རིགས་འདི་སྐྱོབས་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp


བོད་མིའི་རང་དབང་སྒེར་ལངས་ཐེངས་ང་གསུམ་པའི་ཉིན་
འཇར་མན་གྲོང་ཁྱེར་ཧྥི་རན་ཁི་ཧྥོར་ཊི་རུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དུས་དྲན་སྲུང་གཙི་གནང་ཏེ། རྒྱ་རིགས་རྩོམ་པ་པོ་བྷེན་ལཱེན་ལགས་ཀྱིས་ང་ཚོ་ཐུན་མོང་གི་འཐབ་རྩོད་འདི་རྒྱུན་འཁྱོངས་བྱ་དགོས་ན་ཚེ་སྲོག་གལ་ཆེན་ཡིན་པས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་མཚམས་འཇོག་ཡོང་རྒྱུར་ཞུ་བ་བྱེད་བཞིན་ཡོད་ཟེར། 

རེས་གཟའ་སྤེན་པའི་འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་ང་གསུམ་པའི་ཉིན་གྱི་ཆུ་ཚོད་ ༢ སྟེང་། ཡུ་རོབ་འཇར་མན་དབུས་བོད་རིགས་ཚོགས་པའི་སྣེ་འཁྲིད་ཅིང་ས་གནས་ཚོགས་ཆུང་དྲུག་ཐུན་མོང་གི་གོ་སྒྲིག་འོག གྲོང་ཁྱེར་ཧྥི་རན་ཁི་ཧྥོར་ཊིའི་དཀྱིལ་དབུས་སུ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་ ༣༠༠ ལྷག་འདུ་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ཞིང་། བོད་ནང་སྐུ་ལུས་མཆོད་མེར་ཕུལ་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་འགྲེམས་སྟོན་འོག་སྐར་མ་གཅིག་རིང་ངག་བཅད་མྱ་ངན། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱོང་བཅས་གྲུབ་རྗེས། གདན་ཞུའི་སྐུ་མགྲོན་གཙོ་བོ་ཡུ་རོབ་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་གཙོ་འཛིན་སྐུ་ཞབས་ཐོ་མཱ་སི་མཱན(Thomas Mann)མཆོག་དང་། འཇར་མན་གྲོས་ཚོགས་གོང་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་(Sabine Batzing Lichtent)ཆོག ཨ་རིར་གནས་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་རྩོམ་པ་པོ་དང་གྲགས་ཅན་(Bei ling)གསུམ་གྱིས་རིམ་པ་བཞིན་གཏམ་བཤད་གནང་སོང་། གཞན། འཇར་མན་ནང་གི་བོད་རིགས་འདུས་སྡོད་ཁུལ་དུའང་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། འཇར་མིན་ནང་ཉིན་མོ་དེ་ནི་བོད་ཀྱི་ཉིན་མོ་ཞིག་ལ་སྲུང་གཙི་གནང་སྟེ། འཇར་མན་རྒྱལ་ཡོངས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ལས་ཁུངས་དང་ཚོགས་པ་ཁག དེ་བཞིན་གྲོང་སྡེ་བཅས་སུ་བོད་ཀྱི་རྒྱལ་དར་ ༡༢༡༢ ཙམ་བསྒྲེངས་འཛུགས་བྱས་ཡོད་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་ཐོ་མ་སི་མན་མཆོག་གིས་ཐོག་མར་རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་གཞིས་བཞུགས་སྤུན་ཟླ་རྣམས་ལ་ཐུགས་གསོའི་འཚམས་འདྲི་དང་སྦྲགས། བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ང་ཚོ་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་ཡོད་ལ། ནམ་ཡང་བོད་མའི་དཔུང་རོགས་ཡིན་ཅེས་དང་། ཁོང་རང་ཉིད་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་མུ་མཐུད་དུ་ཡོ་རོབ་གྲོས་ཚོགས་ནང་བོད་དོན་དམིགས་གསལ་སྐུ་ཚབ་ཞིག་འཇོག་དགོས་བའི་ཐོག་ཤུགས་རྒྱག་གི་ཡོད་ཅེས་གསུངས་སོང་།

 

འཇར་མན་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ས་བྷེ་ན་བྷེ་ཙེན་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཡོངས་བཀག་སྡོམ་བྱས་ཡོད་པར་སྐྱོན་བརྗོད་དང་། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་རེ་རེ་བཞིན་རྩ་མེད་བཏང་སྟེ། བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་ཡོད་པ་དང་། བོད་རིགས་རྒྱ་རིགས་སུ་སྒྱུར་བཞིན་ཡོད་པ་སྐོར་སོགས་བརྗོད་བྱུང་། ཁོང་མོས་བརྗོད་དོན། “ རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཡོངས་སུ་ཕྲོགས་ཏེ། བོད་མི་རྣམས་ཨུ་ཐུག་ཐབས་ཟད་བཟོས་ཡོད་སྟབས། འདས་བའི་ལོ་ཤས་ནང་གཅིག་བུར་བོད་པ་ཕོ་མོ་ ༢༦ ཙམ་གྱིས་རང་ལུས་མེ་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། དེའི་ནང་དུ་ཕྲུ་གུ་དམར་རྗེན་ཞིག་གི་ཨ་མ་ཡང་ཚུད་ཡོད། ང་རང་འཇིག་རྟེན་གྱི་ཨ་མ་ཞིག་ཡིན་པའི་ཆ་ནས་ཚོར་བ་འདི་ངས་བཟོད་ཐུབ་ཀྱི་མི་འདུག སྐྱེས་མ་འདིའི་ཨུ་ཐུག་པའི་གདམས་ཀ་དང་ཆོད་སེམས་འདིས། ངས་བོད་པ་ཚོས་མྱོང་བཞིན་པའི་དཀའ་སྡུག་དང་མནར་གཅོད་ཚང་མ་གསལ་བོར་མཐོང་ཐུབ་ཀྱི་འདུག དེར་བརྟེན་ང་རྒྱལ་ཁབ་འདིའི་གྲོས་ཚོགས་ཁང་གི་མི་དམངས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་དེ་རིང་ངས་སླར་ཡང་སྐད་གསེང་མཐོན་པོ་བྱས་ཏེ། འཇར་མན་གཞུང་ལ་སའི་གོ་ལའི་ཁྱིམ་ཚང་ཆེན་མོ་འདིའི་ནང་གཏན་དུ་ཡལ་ལ་ཉེ་བའི་མི་རིགས་འདི་སྐྱོབས་རོགས་ཞེས་ཞུ་བཞིན་ཡོད” ཅེས་བརྗོད་བྱུང་།

 

མཇུག་ཏུ་རྒྱ་རིགས་རྩོམ་པ་པོ་པེ་ལིས་ལགས་ཀྱིས་གསུངས་དོན། “རྒྱ་ནག་གཞུང་གི་བྱ་སྤྱོད་དང་ད་ལྟ་འབྱུང་བཞིན་པའི་བོད་ནང་གི་གནས་སྟངས་ལ་བལྟས་ཡོང་ན། ང་རང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་དེ་རིང་གི་དུས་དྲན་འདིའི་ཐོག་གཏམ་བཤད་བྱ་རྒྱུའི་སྤོབས་པ་མི་འདུག ང་རང་འཛམ་གླིང་མི་མང་དང་། ལྷག་པར་དུ་བོད་མི་ཚོར་ངོ་གནོང་གི་འདུག ཡིན་ནའང་དེ་རིང་ང་ཚོ་ཚང་མས་མཉམ་དུ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་གོ་སྐབས་ཤིག་བྱུང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་རྩོམ་པ་པོ་ཞིག་གི་ངོས་ནས་དེང་སང་བོད་ནང་དུ་རྩོམ་པ་པོ་དང་གསར་འགོད་པ། ཤེས་ཡོན་ཅན་སོགས་ཀྱིས་མྱངས་དང་མྱོང་བཞིན་པའི་སྡུག་བསྔལ་ཤེས་ཀྱིན་ཡོད་ལ། ང་རང་ཐེ་བའི་ཕྱི་སྡོད་རྒྱ་རིགས་ཚོར་བོད་ནང་གི་གནས་སྟངས་ངོ་མ་དེ་རྒྱ་རིགས་མི་དམངས་ཁྲོད་དྲ་རྒྱ་དང་མྱུར་འཕྲིན། ཚགས་པར། ཐ་ན་སྒེར་གྱི་ཁ་པར་སོགས་སྤྱད་ནས་ངོ་སྤྲོད་བྱེད་དགོས་པའི་འགན་འཁྲི་ཡོད་པ་ངས་དང་ལེན་ཞུ་རྒྱུ་ཡིན” ཞེས་བརྗོད་བྱུང་།

 

ཁོང་གིས་མུ་མཐུད་དུ་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་བྱ་རྒྱུ་དེ་ཐུན་མོང་གི་འཐབ་རྩོད་ཅིག་ཡིན་ཞིང་། ཐུན་མོང་གི་འཐབ་རྩོད་དེ་རྒྱུན་འཁྱོངས་བྱེད་པར་ཚེ་སྲོག་ལ་གཅེས་སྤྲས་བྱ་དགོས་པའི་འབོད་སྐུལ་ཞུས་དོན་ “ ད་ལྟའི་འཆར་བོད་རིགས་རྩོམ་པ་པོ་འོད་ཟེར་ལགས་གཅིག་བུ་རྒྱ་ཡིག་ནང་བོད་དོན་སྐོར་གྱི་རྩོམ་ཡིག་བྲིས་ཏེ། བོད་ནང་གི་གནས་སྟངས་ཕྱི་ཕྱོགས་སུ་གསལ་བཤད་བྱེད་མཁན་གཅིག་པུ་དེ་ཆགས་ཡོད། འོན་ཀྱང་། ཁོ་མོ་ད་ལྟ་པེ་ཅིན་མཁར་དུ་བཟང་བཙོན་ལ་བཅུག་ཡོད། དེར་བརྟེན། ང་ཚོ་ཚང་མ་མཉམ་བསྒྲིལ་ཐོག་དམིགས་འབེན་གཅིག་ལ་འཐབ་རྩོད་བྱེད་དགོས། ཁྱོད་ཚོའི་སྡུག་བསྔལ་འདི་ང་ཚོའི་སྡུག་བསྔལ་ཡིན་ལ། ཁྱོད་ཚོའི་ཆགས་འཇིག་འདི་ང་ཚོའི་ཆགས་འཇིག་ཀྱང་ཡིན། འོན་ཀྱང་། ང་ཚོའི་འཐབ་རྩོད་འདི་རྒྱུན་འཁྱོངས་བྱེད་དགོས་ན་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས། ངས་དེ་རིང་པུས་མོ་ས་ལ་བཙུགས་ནས་བོད་རིགས་སྤུན་ཟླ་རྣམས་ལ་རེ་འབོད་སྐུལ་ཞིག་ཞུ་རྒྱུ་ཡོད། ད་མུ་མཐུད་དུ་རང་ལུས་རེར་བསྲེགས་ཀྱི་ལས་འགུལ་མ་སྤེལ་རོགས་ཞེས་ཞུ་བ་བྱེད་རྒྱུ་ཡིན” ཞེས་བརྗོད་བྱུང་།

དེས་རྗེས་བོད་རིགས་ཚོགས་པའི་ཚོགས་གཙོ་བྱམས་པ་ལགས་ཀྱིས་སྐུ་མགྲོན་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གྱིས་ཐེངས་འདིའི་གསུམ་བཅུའི་དུས་དྲན་ཐེངས་ང་གསུམ་པར་ཆེད་ཕེབས་ཀྱིས་གལ་ཆེའི་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།  བོད་དོན་ཐོག་མུ་མཐུད་དུ་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བཅས་ཞུས་ཏེ་མཇུག་སྡོམ་གཏམ་བཤད་གནང་གྲུབ་རྗེས། སྐུ་མགྲོན་གཙོ་བོ་གསུམ་དང་ངོ་རྒོལ་བ་ཡོངས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་བར་སྤྱི་ལེ་གསུམ་ལྷག་གི་སར་སྐད་འབོད་གོམ་བགྲོད་གནང་ཏེ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་གནང་སོང་།

ས་གནས་གསར་འགོད་པ། ནམ་མཁའ་བསྟན་འཛིན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    http://www.youtube.com/watch?v=1AlVVsIUrUM&feature=channel
    དྲ་ཐག་འདིར་གཟིགས་ན་གཏམ་བཤད་སྙིང་བསྡུས་ལ་བལྟ་ཐུབ།

    Reply
  2. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    ཡོ་རོབ་གྲོས་ཚོགས་སུ་བོད་དོན་དམིགས་གསལ་སྐུ་ཚབ་ཞིག་བསྐོ་འཇོག་ཡོང་བར་བོད་གཞུང་དམངས་གཉིས་ཀྱིས་ད་བར་འབོད་སྐུལ་ཞུས་བ་རེད། ད་ཐེངས་སྐུ་ཞབས་ཐོ་མ་སི་མཱན་མཆོག་གིས་སླར་ཡང་ཁོས་མུ་མཐུད་དུ་འདིའི་སྟེང་ལ་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡིན་ཞེས་བོད་རིགས་མི་དམངས་ལ་དམ་བཅའ་ཞུས་སོང་། དེ་ས་རྒྱ་རིགས་རྩོམ་པ་པོ་ཁོང་གིས་རྡིང་ཆའི་སྟེང་ནས་པུས་མོ་གཉིས་ཀྱི་སླ་ང་ས་ལ་བཙུགས་ཏེ་བོད་རིགས་སྤུན་ཟླ་རྣམས་ལ་ང་ཚོའི་འཐབ་རྩོད་རྒྱུན་འཁྱོངས་བྱེད་ན་ཚེ་སྲོག་ལ་གཅེས་སྐྱོང་བྱེད་དགོས་བས་ད་མུ་མཐུད་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་དེ་མ་སྤེལ་རོགས་ཞུ་ཞེས་ངུ་ངག་དང་བཅས་འབོད་སྐུལ་ཞུས་སོང་། རྒྱལ་སྤྱིའི་སྒང་སྙན་གྲགས་ཡོད་པའི་རྒྱ་རིགས་ཞིག་གིས་འབོད་སྐུལ་འདི་ཞུས་བ་ཐོག་མ་ཆགས་འདུག འོན་ཀྱང་བོད་པའི་གསར་ལམ་ཁ་ཤས་ནས་འདི་ད་དུང་གསར་འགྱུར་ནང་འགོད་ཐུབ་མིན་མི་ཤེས་ཀི ཁོང་ཚོར་ས་གནས་མང་པོ་ནས་ལས་འགུལ་སྤེལ་བའི་གནས་ཚུལ་འབྱོར་བྱུང་ཟེར། ཕྱི་སྡོད་རྒྱ་ཡིག་གི་རླུང་འཕྲིན་དང་གསར་ལམ་ཁ་ཤས་ན་འདི་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་འདུག

    Reply
  3. ཅང་མེད། says:
    ལོ་ 14 སྔོན།

    གནད་ཡོད་གི་སྐུ་མགྲོན་གསུམ་ལ་སྙིང་ཁུང་ནས་བཀའ་དྲིན་ཆེ་དང་ཆབ་ཅིག་ཏུ་མུ་མཐུད་དུ་་་་་་་ཞེས་པའི་འབོད་སྐུལ་དུ། ཡང་ཡང་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese