མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བཙུན་ཚོས་རིཊ་གཅིག་རྐང་འཛིན་དང་ཆེད་ལས་གནང་གལ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

འབྲོང་ངུར་ཕོ་ཉ།

སྤྱི་ཡོངས་ནས་བཤད་ན་དེང་སང་ཤེས་ལྡན་པ་ཕལ་མོ་ཆེས་ང་ཚོའི་སྤྱི་ཚོགས་འདིར་རིག་གཅིག་རྐང་འཛིན་པ་དང་ཆེད་ལས་པས་ཕོངས་ཡོད་པའི་གནས་ཚུལ་ཤུགས་ཆེར་གླེང་བཞིན་ཡོད་ལ། དེ་ཐད་འབད་རྩོད་གནང་དགོས་པའི་སྐུལ་མའང་གལ་ནན་གྱིས་གནང་བ་མཐོང་མོད། སྐབས་འདིར་སྤྱི་ལྡོག་ནས་མིན་པར་གྲྭ་པའི་གནས་སྟངས་༼ སྡོམ་ལྡན་གྲྭ་ཆས་གྱོན་ཚད་ལ་གོ་དགོས ༽ཀྱི་སྐོར་ནས་རིགས་གཅིག་རྐང་འཛིན་པ་དང་ཆེད་ལས་པའི་གནད་དོན་ཤོད་འདོད་བྱུང་།

དེ་ཡང་གནའ་སྔོན་གྱི་ཐ་སྙད་བྱས་ན་བཀའ་བབ་ཅེས་ཟེར་ལ། དེང་དུས་ཀྱི་ཐ་སྙད་བྱས་ན་ཆེད་ལས་ཞེས་ཟེར།

 ཆོས་བརྒྱུད་ཆེན་མོ་བཞིའི་གྲྭ་བཙུན་རྣམས་ཀྱིས་རང་རང་གི་ཆོས་བརྒྱུད་ལ་གང་ཞིག་བཀའ་བབ་ཡོད་པ་དང་ཆེད་ལས་གང་ཞིག་ཡིན་པ་དེ་ཐོག་མ་ཉིད་དུ་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། ཤེས་ནས་དེ་དོན་བཞིན་ལམ་ལ་ཞུགས་ཏེ་རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་གནང་བ་ཡིན་ན། སངས་རྒྱས་བསྟན་པ་སྤྱིའི་འཛིན་སྐྱོང་སྤེལ་གསུམ་སྲ་བརྟན་ཡུན་གནས་ཡོང་བར་རླབས་ཆེན་གྱི་དགེ་མཚན་ལྡན་པ་ཞིག་ཡིན།

 

དེ་ཡང་དཔེ་མཚོན་འགའ་ཞུས་ན། དེ་ཡང་རྩོད་པའི་བཀའ་བབ་རི་བོ་དགེ་ལྡན་པ་ཞེས་ཡོངས་སུ་གྲགས་པ་ལྟར་གནའ་ནས་ད་བར་རི་བོ་དགེ་ལྡན་པ་རྣམས་ཀྱིས་རྩོད་པ་ཉིད་རྩལ་དུ་བཏོན་ནས་རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་གནང་དང་གནང་བཞིན་ཡོད། དགེ་ལྡན་རྣམས་ཀྱིས་རང་གི་བཀའ་བབ་ཆེད་ལས་ངོས་འཛིན་ཐོག་དུས་དེ་རིང་ཡང་རང་གི་བཀའ་བབ་ཀྱི་ལམ་ཁ་དེའི་ཐོག་ཤར་སྐྱོད་རྐང་འཛིན་གནང་བཞིན་པ་ནི་ཆེས་གུས་བསྔགས་འོས་པ་ཞིག་རེད།

ད་དུང་མུ་མཐུད་བསྟན་པ་ནམ་གནས་བར་དེ་ལྟར་སྐྱོད་ཐུབ་པའི་རེ་སྨོན་ཡོད། དེ་ལས་གཞན། སྒྲུབ་པའི་བཀའ་བབ་རྒྱལ་བ་བཀའ་བརྒྱུད་པ་ཞེས་གངས་ལྗོངས་ལོ་རྒྱུས་ཐོག་ས་ཁྱབ་རྡོ་ཁྱབ་ཀྱི་ཚུལ་དུ་ཡོངས་སུ་གྲགས་པ་ལྟར་སྔོན་གྱི་དམ་པ་གོང་མ་རྣམས་ཀྱིས་རང་ལ་གང་ཞིག་བཀའ་བབ་ལྟར་རྣམ་ཐར་བསྐྱངས་འདུག་ནའང་། དུས་དེ་རིང་ཁ་སང་བཀའ་བརྒྱུད་པ་རྣམས་ཀྱིས་རང་གི་བཀའ་བབ་བམ་ཆེད་ལས་དེ་ཉིད་རང་ངོ་མ་ཤེས་པའམ་ཡང་ན་སྣང་མེད་དུ་བཏང་སྟེ།

 སྒྲུབ་པ་ཉམས་ལེན་རྩལ་དུ་བཏོན་ནས་རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་གནང་མཁན་ཧ་ཅང་དཀོན་པར་སྣང་། སྣང་ཚུལ་དེས་སངས་རྒྱས་ཀྱི་བསྟན་པ་སྤྱི་ཡོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ལ་ཉམས་ཉེས་འབྱུང་བཞིན་ཡོད།

འཇིག་རྟེན་པའི་རིག་གནས་ཐོག་ནས་བསམ་ན། སློབ་སྦྱོང་བྱས་དང་བྱེད་ཀྱིན་པའི་སྐབས་སུ་ཕལ་མོ་ཆེར་རིགས་གཅིག་རྐང་འཛིན་དང་གང་ཞིག་ཆེད་ལས་བྱ་དགོས་པ་སོགས་མ་ངེས་པར་མགོ་རྨོངས་གཞི་ཞིག་ཏུ་སྣང་ན་ཡང་། བོད་ཀྱི་ཆོས་བརྒྱུད་ཆེན་མོ་བཞི་ཡི་རྗེས་འཇུག་གྲྭ་བཙུན་རྣམས་ལ་ནི་དེ་ལྟར་མིན་པར་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་བརྒྱུད་ནས་ཡོང་བའི་རང་རང་སོ་སོའི་ཆོས་བརྒྱུད་ཀྱི་བཀའ་བབ་ཆེད་ལས་དང་། རིགས་གཅིག་རྐང་འཛིན་བྱེད་ས་མ་བསྒྲིགས་རང་འགྲིགས་སུ་ཡོད་ཡོད་པ་ཡིན།

 

 དེ་ཡང་སྐུ་ཉིད་ལ་གསལ་འདེབས་ཀྱི་ཆེད་དུ་འདིར་འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གསུང་ཞིག་དྲངས་ན་འདི་ལྟར། དེ་ལ་མདོ་ཡི་བཀའ་བབ་དགེ་ལྡན་པ། སྔགས་ཀྱི་བཀའ་བབ་རྙིང་མ་པ། བཤད་པའི་བཀའ་བབ་ས་སྐྱ་པ།

སྒྲུབ་པའི་བཀའ་བབ་བཀའ་བརྒྱུད་པ། མཁྱེན་པའི་དབང་ཕྱུག་ས་སྐྱ་པ། སྨྲ་བའི་དབང་ཕྱུག་དགེ་ལྡན་པ། རྟོགས་པའི་དབང་ཕྱུག་བཀའ་བརྒྱུད་པ། ནུས་པའི་དབང་ཕྱུག་རྙིང་མ་པ། ངོ་མཚར་ཆེའོ་བཀའ་བབ་བཞི། ལྟ་བ་མཐའ་བྲལ་རྙིང་མ་པ། སྒོམ་པ་ནན་ཏན་བཀའ་བརྒྱུད་པ།  སྤྱོད་པ་ཕུན་ཚོགས་དགེ་ལྡན་པ། བསྙེན་སྒྲུབ་ཆོས་སྤྱོད་ས་སྐྱ་པ། ཀུན་ལའང་ཐམས་ཅད་ཚང་མོད་ཀྱང་། །རང་རང་བརྟུལ་ཞུགས་རྩལ་དུ་འདོན། །རྙིང་མའི་འདོན་པ་སྣ་ནས་འདོན།།ས་སྐྱ་པ་རྣམས་མཆུ་ནས་བསྒྲགས། །དགེ་ལྡན་མགྲིན་པའི་སྒྲ་གདངས་གཙོ། །བཀའ་བརྒྱུད་གྲེ་ཕུག་བསྒྲིམས་ནས་འདོན། །དགེ་ལྡན་པ་རྣམས་གཞུང་ལམ་རྫོགས་པས་བསྟན་པའི་ལུས་དང་འདྲ། །ས་སྐྱ་པ་རྣམས་མདོ་སྔགས་ཟུང་དུ་འབྲེལ་བས་བསྟན་པའི་མིག་དང་འདྲ། །བཀའ་བརྒྱུད་པ་མོས་གུས་ཉམས་ལེན་ཆིག་དྲིལ་བྱེད་པས་བསྟན་པའི་སྙིང་དང་འདྲ། །རྙིང་མ་པ་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་ཟབ་གནད་ཡོད་པས་བསྟན་པའི་སྲོག་དང་འདྲ། །ཞེས་གསུངས་འདུག་པར་བསམ་གཞིག་རེ་གནོངས་དང་། བཀའ་བརྒྱུད་པ་ཟེར་བ་དེ་གང་འདྲ་ཞིག་རེད་འདུག་མཁྱེན་ངེས་ཡིན། ཟུར་དུ་བཏོན་ན། སྒྲུབ་པའི་བཀའ་བབ་བཀའ་བརྒྱུད་པ།སྒོམ་པ་ནན་ཏན་བཀའ་བརྒྱུད་པ། བཀའ་བརྒྱུད་པ་མོས་གུས་ཉམས་ལེན་ཆིག་དྲིལ་བྱེད་པས་བསྟན་པའི་སྙིང་དང་འདྲ། །ཞེས་པ་དག་ལས་ཤེས་ཡོང་བ་ནི། བཀའ་བརྒྱུད་པའི་ཆེད་ལས་རིགས་གཅིག་རྐང་འཛིན་བྱེད་ས་དེ་གང་འདྲ་ཞིག་ཡིན་པ་མཁྱེན་ངེས་སྙམ།

 

ཡང་གཅིག་ཞུས་ན། སྒྲུབ་པ་ཉམས་ལེན་གྱི་བཀའ་བབ་ཟེར་དུས་ཐོས་བསམ་བྱེད་མི་དགོས་པའི་དོན་མིན། ཐོས་པ་མེད་པའི་སྒོམ་པ་དེ་ལག་རྡུམ་བྲག་ལ་འཛེག་པ་འདྲ་བ་ཡིན་པས། དེས་ཅི་ཡང་མི་ཕན། འོ་ན་ཅི་ཞེ་ན། ལོ་ངོ་དགུ་བཅུ་ཙམ་ཐོས་བསམ་སྔོན་དུ་སོང་ནས་དེ་ཕྱིན་ཆད་སྒྲུབ་པ་ཉམས་ལེན་རྩལ་དུ་བཏོན་ནས་སྒྲུབ་པ་ཉམས་ལེན་ལ་རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་གནང་དགོས་པའི་དོན་ཡིན། རི་བོ་དགེ་ལྡན་པ་ལྟ་བུ་ཡིན་ན་རྩོད་པ་དང་ཐོས་བསམ་རྩལ་དུ་བཏོན་ནས་སྒྲུབ་པ་ཉམས་ལེན་ཞར་དང་ཞོར་ལ་གནང་ནའང་འོས་ཤིང་འཚམས་པ་ཞིག་རེད། དེས་རིགས་བསྒྲེས་ནས་ས་སྐྱ་དང་རྙིང་མའི་གྲྭ་བཙུན་རྣམས་ཀྱིས་ཀྱང་རང་རང་གི་བཀའ་བབ་ཆེད་ལས་ལ་འབད་བརྩོན་གནང་དགོས་པ་ཤིན་ཏུ་གལ་ཆེ་སྙམ། མདོ་དོན་ཡང་སྙིང་རང་རང་སོ་སོའི་ས་ནས་གྲྭ་བཙུན་རྣམས་ཀྱིས་ཐོས་བསམ་སློབ་གཉེར་ལེགས་པར་བྱས་ཏེ་ཤེས་ནས་རང་གི་ཆོས་བརྒྱུད་ཀྱི་བཀའ་བབ་ལྟར་རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་གནང་རྒྱུ་རྩོམ་འདིའི་ཉིང་དགོས་ཡིན་ལགས།

 

སྤྱི་ལོ་ ༢༠༡༢ ཟླ་བ་ ༠༣ ཚེས་ ༠༣ ཉིན་སཱ་ར་མཐོ་སློབ་ཏུ་བྲིས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༠ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 5

  1. Dawai Shonu says:
    ལོ་ 14 སྔོན།

    འབྲོང་ངུར་ཕོ་ཉ་ལགས། གྲྭ་བཙུན་ནང་རིག་གཅིག་རྐང་འཛིན་མེད་མ་ཅི་ཡང་མ་རེད། ང་ཚོའི་སྤྱི་ཚོགས་ནང་དེང་དུས་ཤེས་ཡོན་ཐོག་རིག་གཅིག་རྐང་འཛིན་པ་ཧ་ཅང་དཀོན་པོ་ཡིན་པ་ནི་དངོས་གནས་རེད།
    ཆོས་རྒྱུད་ཁག་སོ་སོའོ་ལུག་སྲོལ་རྙིང་པ་ལྟར་འགྲོ་དགོས་པར་ཨུ་ཚུགས་བྱེད་མི་རིགས། དེང་སང་འགྱུར་བ་མང་པོ་བྱུང་བཞིན་ཡོད། དཔེར་ན་དགེ་ལུགས་དགོན་སྡེ་ཁག་ནས་ཚན་རིག་གི་སློབ་སྦྱོང་སྤྲོད་ཀྱི་ཡོད། དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་སྤྲོད་བཞིན་ཡོད། སྨན་རྩིས་ཁང་ནང་ཕྱི་ལུགས་སྨན་ལུགས་ནས་སློབ་སྦྱོང་བྱེད་ཀྱི་ཡོད་ལ་དཔེ་མང་པོ་ལེན་ཐབས་བྱེད་ཀྱི་ཡོད། འོ་ན་ཁྱེད་རང་གིས་དེ་ཚོ་བྱེད་ན་འོས་འཚམས་མིན་པ་བཤད་ཐུབ་བམ།

    Reply
  2. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    དྲ་གྲོགས་ལགས་ཀྱིས་། བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞིའི་ནང་སོ་སོར་ལ་བཀའ་བབ་འང་ཆེད་ལས་རིགས་ཅིག་རྐང་འཛིན་བྱེད་ཡུལ་རེ་སྔོན་ནས་ཡོད་པའི་ཐོག་ཤུགས་རྒྱབ་དགོས་པ་གསུངས་བར་མོས་མཐུན་གཙང་མ་ཡོད། ཡིན་ན་ཡང་དགེ་ལྡན་པར་ལྟ་བུ་རྩོད་པ་ཉིད་རྩལ་དུ་བཏོན་ནས་རིགས་གཅིག་རྐང་འཛིན་མུས་ཡིན་ན་དགེ་མཚན་ཡོད་པ་དང་བཀའ་རྒྱུད་པ་རྣམས་དེ་ལྟར་གནང་ན་མི་འོས་པ་ལྟ་བུ་ཞིག་གསུངས་འདུག་ཀྱང་གནས་ལུགས་ལྡན་པའི་རྒྱུ་མཚན་ནི་རྐང་གཅིག་ཀྱང་བགྲང་རྒྱུ་མི་འདུག་པས། སྔོན་གྱི་ལུགས་སྲོལ་ཙམ་ཞིག་ཡིན་ན་ལམ་དེར་ངེས་པར་འགྲོ་དགོས་དོན་གང་ཡང་མེད། དེས་ན་གྲོགས་པོས་ལྔོན་གྱི་ལུགས་སྲོལ་དེར་རང་སོང་ན་དགེ་མཚན་གང་ཡོད་མེད་སྐོར་གསུངས་རོགས་གནང།

    Reply
  3. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    འབྲོང་ངུར་ལགས་བཟང་ངོ།།རྒྱ་སྒྲུང་ནང་གི་ལེ་ཡིན་བསམ་པའི་གསེར་སྡེར་དང་འགྱུར་སྟན་གཉིས་ལ་སྙིང་བོས་དབུལ་ལོ།།
    ངས་བལྟོས་ན་བར་སྐབས་འདིར་བཀའ་བབ་ཅེས་པ། རིགས་གཅིག་རྐང་འཛིན་ཏུ་གོ་ལོན་མཁན་ཐོག་མ་བ་རང་ཡིན་པར་འདོད་དོ།།

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    འབྲོང་ངུར་ལགས་ཀྱིས་རིགས་གཅིག་རྐང་འཛིན་དང་ཆེད་ལས་མཁས་པས་ཕོངས་འདུག་ཟེར་ལབ་དུས་ནང་དོན་རིག་པ་ཁོ་ནས་ཕོངས་པ་འདྲ་ཞིག་གོ་ཡིན་པ་འདྲ། ནང་དོན་རིག་པའི་ཐད་རིགས་གཅིག་རྐང་འཛིན་དང་ཆེད་ལས་མཁས་པས་ཕོངས་བ་ཞིག་ཅང་མཐོང་མ་སོང་། ང་ཚོའི་ཕོངས་ས་གཙོ་བོ་དེ་དེང་དུས་ཤེས་ཡོན་གྱི་ཐད་རིགས་གཅིག་རྐང་འཛིན་དང་ཆེད་ལས་མཁས་པས་ཕོངས་སོང་བ་མ་ཟད་བོད་དང་བོད་མི་རིགས་ཀྱི་དཀའ་རྙོག་དེ་ཡང་འདི་དང་འབྲེལ་ཡོད་པ་གསལ་པོ་མ་རེད་པས།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་པ་ལ་སྔ་འཕྱི་བར་གསུམ་ལ་རིགས་གཅིག་རྐང་འཛིན་ཞིག་ཡོད་པ་དེ་གྲྭ་བཙུན་ཁོ་ན་ཡིན་པའི་གནས་ལུགས་ད་དུང་ཡང་མཁྱེན་མེད་པའི་ས་རཱའི་སློབ་མ་དེ་ལ་སྙིང་རྗེ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese