མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ཚོའི་སྐུ་ཚབ་བོད་ནང་ཡོང་འཇུག་རོཊ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་ལྷག་པའི་ཉིན་ཧྲིལ་བོར་སྤྱི་འཐུས་གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་མཐར། གྲོས་ཆོད་དོན་ཚན་ ༨ ལ་སྤྱི་མོས་བྱུང་ཡོད་པའི་ནང་། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་རྔ་པ་དང་། རྟའུ། དཀར་མཛེས། ཆབ་མདོ།  ཁྲི་འདུ། ཐེམ་ཆེན། དར་ལག  རྨ་ཆུ། རེབ་སྐོང་བཅས་སུ་རང་རིགས་སེར་སྐྱ་ཕོ་མོ་ ༢༨ ཀྱིས་རང་ལུས་ཞུགས་འབུལ་གནང་སྟེ།  སེར་སྐྱ་ ༢༠ སྐུ་སྲོག་ཤོར་ཡོད་པ་དང་།  གཞན་རྣམས་ཀྱི་གནས་སྟངས་ཇི་ཆགས་ཤེས་རྟོགས་ཐུབ་མེད།

ཉེ་ཆར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས།  རྒྱ་གཞུང་སྤྱི་བདེ་ལས་བྱེད་དང་དྲག་ཆས་ཉེན་རྟོག་མི་སྣས་ཞི་རྒོལ་མང་ཚོགས་ཁྲོད་མདེལ་ཆར་ཕབས་ཏེ།  བྲག་མགོ་རྫོང་དུ་མི་ ༤ དང་། གསེར་རྟ་རྫོང་དུ་མི་ ༢   ཛམ་ཐང་རྫོང་དུ་མི་ ༡ མགོ་ལོག་པདྨ་རྫོང་དུ་མི་ ༡ བཅས་དམར་གསོད་བཏང་ཡོད།  འདི་ལོ་ཕྱི་ཟླ་ ༢ ཚེས་ ༨ ཉིན་གོང་གསལ་རྫོང་ཁག་དང་།  རྫ་སྟོད།  ནང་ཆེན། ཁྲི་འདུ།  འབར་ཁམས། པད་མ། ཆབ་ཆ། འབྲི་རུ་སོགས་སུ་མང་ཚོགས་ཀྱིས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ལྷག་དཀར་སྲུང་བརྩི་དང་འབྲེལ་བའི་བོད་མིའི་རང་དབང་རྩོད་ལེན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ ཡོད་ཅེས་བཀོད་འདུག

གྲོས་ཆོད་དོན་ཚན་དང་པོའི་ནང་དུ་བོད་མིའི་རང་དབང་དང་ཐོབ་ཐང་ཆེད་རང་ལུས་མེར་བསྲེགས་ཀྱིས་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་བ་གཟི་བརྗིད་དང་། བློས་གཏོང་ཆེན་པོའི་དཔའ་མཛངས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ་སྐུ་སྲོག་ཤོར་བ་རྣམས་དང་། འཛིན་བཟུང་དོ་དམ་འོག་མནར་གཅོད་མྱོང་བཞིན་པ་བཅས་ལ་སྙིང་དབུས་ནས་གུས་འདུད་ཞུ། ༢ རྒྱ་དམར་གཞུང་གིས་བོད་མིའི་ཐོག་བཙན་གནོན་གྱི་སྲིད་བྱུས་ཐབས་སྡུག་འདི་རིགས་འཕྲལ་མྱུར་མཚམས་འཇོག་གིས་བོད་མིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ཐོབ་ཐང་ཁག་ལག་བསྟར་འགན་ལེན་བྱ་དགོས། ༣ བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་དེ་དག་ལག་བསྟར་ཡོང་ཆེད་བོད་རྒྱ་གཉིས་བར་ཞི་མོལ་གྱི་ལས་དོན་འཕྲལ་དུ་མགོ་འཛུགས་དགོས།

༤ རྒྱལ་སྤྱིའི་ཕྱོགས་ལྷུང་མེད་པའི་སྐུ་ཚབ་ཚོགས་པ་བོད་ནང་འཕྲལ་གཏོང་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པ་བོད་ནང་འཕྲལ་མར་ཡོང་འཇུག་དགོས། ༥ རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་དང་འབྲོག་པ་གནས་སྤོ། རྒྱ་མི་བོད་དུ་གནས་སྤོར་འཕྲལ་དུ་མཚམས་འཇོག་དགོས། ༦ པཎ་ཆེན་ཆུང་སྲིད་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་དགོས། ༧ འཛམ་གླིང་གི་དབུ་ཁྲིད་རྣམ་པས་བོད་མིའི་དགོས་འདུན་ཁག་འགྲུབ་ཐབས་དང་ཚེ་སྲོག་སྐྱོབ་ཐུབ་ཀྱི་འགན་འཁུར་འཕྲལ་མར་ལེན་དགོས། ༨ རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། བོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་སྐུ་ཚབ་བསྐོ་གཏོང་ཡོང་དགོས་ཞེས་བཀོད་འདུག

མཆན། 4

  1. མགོ་ལོག་ཟླ་བྷེ། says:
    ལོ་ 11 སྔོན།

    དོན་ཚན་བརྒྱད་པོར་རྒྱབ་སྐྱོར་དང་། །
    དོན་ཚན་གཉིས་ཀྱི་ཁ་སྣོན་ཡོད ། །
    གངས་རིའི་ཁོར་ཡུག་འབག་བཙོག་དང་། །
    གཏེར་ནགས་དྲངས་འདྲེན་མཚམས་འཇོག་དགོས ། །

    Reply
  2. ཤིང་ལོ། says:
    ལོ་ 11 སྔོན།

    ཤོག་གུའི་ངོས་ཀྱི་སྟག་ཡིན་ནའང་ཉོ་མཁན་ཡོད་པ་རེད། དེ་བཞིན་ཤོག་གུའི་ངོས་ཀྱི་གྲོས་ཆོད་ཡིན་ཀྱང་ལྟ་མཁན་ཡོད། མ་གཞི་ཕྱག་ལེན་དུ་བསྟར་གནང་རྒྱུ་མཁྱེན་མཁྱེན།

    Reply
  3. གླག་སྨྱོན། says:
    ལོ་ 11 སྔོན།

    བཟུང་སྔགས་ཟླས་པ་ལྟ་བའི་གྲངས་ཀ་ཞིག་ཏུ་འགྱུར་མོ་འགྲོ་བའི་རེ་བ་ཆེ།

    Reply
  4. མིག says:
    ལོ་ 11 སྔོན།

    རེད་། དུས་ཚོད་དང་གནས་བབ་ཀྱིས་གཞུང་གིས་ཀྱང་སྐད་ཆ་དེ་ཡང་བསྐྱར་མི་བཤད་ཐུ་མེད་རེད། ཡིན་ནའང་སྐད་ཆ་དེ་རྒྱ་ནག་ལ་མཚོན་ན་བོད་རང་བཙན་ཡིན་ཟེར་བ་ལྟ་བུ་ལས་དོན་སྙིང་གང་ཡང་ལྡན་མེད། གལ་ཏེ་རྒྱ་ནག་གིས་ངོ་མར་ང་ཚོ་དང་སྐད་ཆ་ཞིག་འཆད་འདོད་ཚེ་ང་ཚོ་ཁུ་སིམ་མེར་བསྡད་ཀྱང་ཁོང་ཚོས་གསར་འགྱུར་ཁང་ནས་ང་ཚོ་ལ་བརྡ་ལན་གསལ་པོ་སྤྲད་ངེས་ཡིན། དེ་དུས་ད་ལྟར་གནས་བབ་ལས་རྒྱ་ནག་རྦད་དུ་ཟགས་ཟིན་པ་རེད་སྙམ། ང་ཚོས་རེ་འདུད་གདོན་དགོས། ང་ཚོས་དུས་ཚོད་འདིར་དེ་ལས་ཀྱང་རྣོ་ངར་ལྡན་པའི་རེ་འདུད་གདོན་དགོས དེ་ནི་ཆབ་སྲིད་ཀྱི་ང་ཚོར་གཡོ་འགུལ་ཐེབས་སུ་བཅུག་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist