མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་རྫོང་དུ་ཡར་ལངས་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༧།༣༠ ཐོག མདོ་སྨད་གཙང་དགོན་པ་དང་ཨ་རིག་སྡེ་བའི་སྐྱ་སེར་ ༡༧ ཙམ་གྱིས་སྣེ་འཁྲིད་དེ། རྨ་ལྷོ་སོག་རྫོང་ཁྲོམ་གཞུང་དུ་མི་མང་ ༢༠༠༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་གནང་འདུག  

ད་ལྟ་རང་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༧།༣༠ ཐོག མདོ་སྨད་གཙང་དགོན་པའི་དགེ་འདུན་པ་བཅོ་ལྔ་དང་། ཨ་རིག་སྡེ་བའི་མི་སྐྱ་གཉིས་བཅས་མི་ ༡༧ ཙམ་གྱིས་སྣེ་འཁྲིད་དེ་སྐྱ་སེར་མི་མང་ ༢༠༠༠ ལྷག་གིས་རྨ་ལྷོ་སོག་རྫོང་ཁྲོམ་གཞུང་དུ་“རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་སྤྲོད་དགོས ” ཞེས་སྐད་འབོད་ཀྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་འདུག

ལས་འགུལ་མགོ་བཙུགས་ཏེ་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་འབྱོར་ཏེ། ལས་འགུལ་དེའི་ཐོག་མའི་སྣེ་འཁྲིད་པ་ ༡༧ དེ་འཛིན་བཟུང་བྱས་ཡོད་འདུག་ལ། སྐབས་དེར་མི་མང་གི་ངར་ཤུགས་སྔར་ལས་ཇེ་ཆེར་སོང་སྟེ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་སྒོ་མདུན་དུ་འཛོམས་ཏེ་སྐད་འབོད་བརྒྱབ་ཡོད་པ་དང་། མཚམས་ཤིག་ལ་མི་མང་ཚོས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་ཆེན་གཏོར་ཏེ་འཛིན་བཟུང་བྱས་པ་དེ་དག་ཀློད་གྲོལ་མ་བཏང་ཚེ་ངོ་རྒོལ་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་པའི་རྣམ་འགྱུར་མི་ལེགས་པ་བསྟན་སྟབས། ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་གོང་གསལ་མི་དེ་དག་ཀློད་གྲོལ་བཏང་ཡོད་འདུག ཉེན་རྟོག་པ་ཚོས་ཁོང་ཅག་གི་མིང་དང་ལོ་རྒྱུས་ཐོ་འགོད་བྱས་ཡོད་སྟབས། ལས་འགུལ་ཞི་འཇམ་དུ་སོང་རྗེས་ཁོང་ཅག་བསྐྱར་དུ་འཛིན་བཟུང་བྱ་སྲིད་པའི་དོགས་པ་བྱེད་ཀྱིན་ཡོད་འདུག

ཕྱི་དྲོར་ལས་འགུལ་རིམ་བཞིན་ཞི་འཇགས་སུ་འགྲོ་བཞིན་ཡོད་སྐབས། གཙང་དགོན་པ་ནས་སླར་ཡང་རླངས་འཁོར་ཆེ་བ་གཉིས་འབྱོར་བའི་ནང་དགེ་འདུན་པ་ ༨༠ ཙམ་ཡོད་འདུག་ཀྱང་། ཁོང་ཅག་ལས་འགུལ་སྤེལ་སར་འབྱོར་མ་ཐག་ཉེན་རྟོག་པ་དང་དམག་མིས་བཙན་འགོག་བྱས་ཡོད་འདུག

གཞན། ནམ་རྒྱུན་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་གྲོལ་བཞིན་ཡོད་ཀྱང་། དེ་རིང་རྨ་ལྷོ་སོག་རྫོང་གི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་དགོང་དྲོའི་ཆུ་ཚོད་ ༨།༣༠ བར་བཀག་ཡོད་འདུག

ད་ལྟ་དམག་མིའི་རླངས་འཁོར་ཧ་ཅང་མང་པོ་སོག་རྫོང་དུ་འབྱོར་བཞིན་ཡོད་འདུག་ལ། སོག་རྫོང་གྲོང་འཁྱེར་དང་མཐའ་འཁོར་གྱི་གཞུང་ལམ་ཁག་ཉེན་རྟོག་པ་དང་དམག་གིས་དམ་དྲག་གིས་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག

 

དེ་རིང་ཨ་མདོ་གཙང་དགོན་པའི་དགེ་འདུན་པ་དང་རྨ་ལྷོ་སོག་རྫོང་གི་མི་མང་ཚོས་རྒྱ་གཞུང་ལ་ངོ་རྒོལ།

 

དེ་རིང་ཨ་མདོ་གཙང་དགོན་པའི་དགེ་འདུན་པ་དང་རྨ་ལྷོ་སོག་རྫོང་གི་མི་མང་ཚོས་རྒྱ་གཞུང་ལ་ངོ་རྒོལ།

 

དེ་རིང་ཨ་མདོ་གཙང་དགོན་པའི་དགེ་འདུན་པ་དང་རྨ་ལྷོ་སོག་རྫོང་གི་མི་མང་ཚོས་རྒྱ་གཞུང་ལ་ངོ་རྒོལ།

 

དེ་རིང་ཨ་མདོ་གཙང་དགོན་པའི་དགེ་འདུན་པ་དང་རྨ་ལྷོ་སོག་རྫོང་གི་མི་མང་ཚོས་རྒྱ་གཞུང་ལ་ངོ་རྒོལ།

གནས་ཚུལ་གཏོང་མཁན། ཨ་རིག་དགེ་མཚན།

 

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 10

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    https://www.facebook.com/profile.php?id=100001484395374
    འདིར་ཕ་ཡུལ་གྱི་གསར་འགྱུར་འདི་གསལ་བསྒྲགས་ཀྱི་བརྙན་འཕྲིན་ཐུང་ངུ་ཞིག་ཡོད།

    Reply
  2. རོང་ཕྲུག says:
    ལོ་ 14 སྔོན།

    ཨ་རིག་དགེ་མཚན་ཅན་གྱིས་གནས་ཚུལ་ཞིབ་ཅིང་ཕྲ་བ་གསར་བཏང་བྱས་འདུག ཐུགས་རྗེ་ཆེ་ཡིན།
    རང་གི་ལུང་པ་ན་གནས་ཚུལ་མེད་དུས་གཞན་གྱིས་ཡར་ལངས་བྱས་པའི་གནས་ཚུལ་མཐོང་དུས་མགོ་འཁྲུག་འགྲོ་བ་སོགས་ཀྱི་སྐད་ཆ་བཙོག་པོ་དེ་འདྲ་མ་བཤད་རོགས་ཞུ།

    Reply
  3. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    ང་ལ་གཞི་ལུས་མི་མང་ལ་ངོ་བསྟོད་དང་ཁ་ཡག་ཚིག་མཇལ་བཤད་ནས་བསྡད་འདོད་ཀྱི་སེམས་པ་ཡེ་ནས་མི་འདུག བཙན་བྱོས་བོད་མི་རྣམས་ཀྱིས་གཞི་ལུས་མི་མང་རྣམས་དཔའ་རྒོད་ཡིན་རབས་དང་སྙིང་སྟོབས་ཆེ་བ་བཤད་ནས་ལྷོད་ལྷོད་ཀྱིས་ཉིན་མ་གཏོང་གིས་འདུག ངོ་མ་འདི་ལྟར་བསྡད་ན་ལས་རྒྱུ་འབྲས་ལ་ཡང་རུང་རྒྱུ་མ་རེད་བསམ་ཀི

    མ་ཟད་གསལ་བཤད་བྱས་དགོས་པ་ཞིག་ལ་གཞི་ལུས་མི་མང་་རྣམས་ཚ་ཚ་འུར་འུར་གྱིས་རྒྱ་གཞུང་གི་མེ་མདའི་སོ་ཁར་བཙན་མ་འདེད་རོགས།

    Reply
  4. ཀུན་དགའ། says:
    ལོ་ 14 སྔོན།

    དུས་བབ་གསར་འགོད་པ་ལགས།
    འདིའི་པར་དང་པོ་དེ་གཙང་དགོན་པའི་པར་ཡིན་ཚོད་འདུག འདིའི་འོག་ཏུ་གསལ་མཆན་ཞིག་མ་བཏབ་ན་རྫོང་མཁར་དང་དགོན་པ་གཉིས་ནོར་ཉེན་འདུག བསམ་ཚུལ་ཙམ་ཡིན།

    Reply
  5. ཀུན་དགའ། says:
    ལོ་ 14 སྔོན།

    རྗེས་སུ་ཡི་རང་ཞུ།
    ད་དུང་དུས་བབ་གསར་འགོད་པ་དང་ལས་བྱེད་རྣམས་ནས་གཟའ་ཉི་མའི་ངལ་སོའི་དུས་ཚོད་ལ་ཡང་གསར་གནས་སྤེལ་པར་ཐུགས་རྗེ་ཆེ་ཞུ་འདུན་བྱུང་།

    Reply
  6. ཁ་བའི་འདབ་མ says:
    ལོ་ 14 སྔོན།

    ལྷག་བསམ་དང་སྙིང་སྟོབས་ཅན་གྱི་བོད་མི་སྤུན་ཟླ་ཡོད་དོ་ཅོག་དེང་གི་ཆར་བོད་ནང་དུ་སྡུག་རྩུབ་ཅན་གྱི་རྒྱ་ནག་གཞུང་གིས་དྲག་གནོད་འོག་མྱོང་བཞིན་པའི་དཀའ་སྡུག་ལ་གདུང་སེམས་ཉམས་བསྐྱེད་བྱེད་མོས་ཡིན་

    Reply
  7. ཤིང་ལོ། says:
    ལོ་ 14 སྔོན།

    རིགས་དང་ཆོས་ལུགས་མི་གཙོ་རང་དབང་གཙོ།།
    མིང་དང་འཐེན་འཁྱེར་མི་གཙོ་བདེ་སྐྱིད་གཙོ།།
    ས་དང་ལུང་བ་མི་གཙོ་ཆིག་སྒྲིལ་གཙོ།།
    སུ་ལངས་མི་ལངས་མི་གཙོ་ལངས་སྟངས་གཙོ།།

    Reply
  8. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    གཞན་ཡང་བསྔགས་འོས་པ་ཞིག་ནི།དུས་བབ་ཚང་ནི་བོད་ཀྱི་གསར་ལམ་དང་དྲ་ཚིགས་གཞན་དག་དང་མི་འདྲ་བར་དུས་དང་རྣམ་པ་ཀུན་དུ་དྲ་གྲོགས་རྣམས་ཀྱི་བསམ་འཆར་ལ་ཞིབ་བཤེར་དང་དང་ལེན་བྱེད་པ་མ་ཟད།གསར་འགོད་ནང་དོན་ཐད་རྒྱུན་པར་དུས་བབ་ལ་སྐྱོན་བརྗོད་ཀྱི་མཆན་བཏབ་པ་དག་ཀྱང་དུས་ལྟར་དྲ་བར་སྤེལ་པ་ཞིག་རེད།དེ་བས་དུས་བབ་ཚང་ལ་བཀའ་དྲིན་གྲངས་མེད་ཞུ་བ་ཡིན།

    Reply
  9. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    རྨ་ལྷོ་རྫོང་གི་མི་དམངས་ལ་བསྟོད་བསྔགས་དང་ཡི་རངས་བྱེད།གསར་འགོད་པར་ཞུ་རྒྱུ་ཞིག་ལ་སོག་རྫོང་ཞེས་འབོད་པ་འདི་ནི་གཞན་གྱིས་རྫོང་འདི་ལ་བཏགས་པ་ཞིག་ཡི་པས་དེ་དོར་ནས།ཁོ་ཚོ་ལོགས་སུ་མ་བཀར་ན་ལེགས་པར་སྙམ།རྨ་ལྷོ་རྫོང་གི་མི་དམངས་ཀྱིས་ཁོ་ཚོ་ཡང་༧གོང་ས་མཆོག་གི་རྗེས་འབྲངས་ང་ཚོ་དང་འདྲ་བར་བོད་མི་ཡིན་ཞེས་རྒྱ་གཞུང་ལས་ངེད་བོད་པ་ཚང་ལ་དྲང་བདེན་བརྩོན་ལེན་བྱེད་མཁན་ཤ་སྟག་རེད།གཞན་ཡང་ངོ་རྒོལ་ཞེས་པའི་ཐ་སྙད་འདི་ཡང་ནུབ་གླིང་གི་རིག་གཞུང་ཞིབ་འཇུག་ཁྲོད་དེའི་དོན་མི་ཆོས་རིང་ལུགས་ཀྱི་ལྟ་ཚུལ་དང་ལྡོག་ནས་དུས་དང་མི་འཚམས་པས་དོར་ནས་ད་ལྟ་བརྡ་ཆད་གསར་པ་བེད་སྤྱོད་བཞིན་འདུགདེ་སྔར་ངས་དུས་བབ་སྟེང་མི་ཆེ་གེ་མོ་ཞིག་གིས་གནད་དོན་འདིའི་སྐོར་གླེང་བཞིན་པ་མཐོང་བྱུང་པས་ཁོས་བརྡ་ཆད་དག་ཐེར་བྱེད་བཞིན་པ་དགའ་སྤྲོ་སྐྱེས་བྱུང་།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ད་སྟོད་སྨད་གཉིས་ནས་སྐྱ་སེར་སྡེབས་ལངས་བྱས་སོང་། རྗེས་སུ་ཡི་རངས་ཡོད།་ཚེ་སྲོག་འགྲོ་མི་དགོས་བར།་འཚེ་མེད་ཞི་བ་དང་ཁྲིམས་མཐུན་གནང་རྒྱུ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese