མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲངས་ཉུང་མི་རིགས་ཀྱི་ཁ་ཕྱོགས་གསར་པ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྐྱིད་བྱམས་བསྟན་འཛིན་དགའ་བ།

 

རྒྱ་གཞུང་གི་དབང་སྒྱུར་འོག་གནས་བཞིན་པའི་ང་ཚོ་གྲངས་ཉུང་མི་རིགས་ཚོར་ཐུན་མོང་གི་ཕུགས་མདུན་ཞིག་མཆིས་པ་དེ་ནི་རང་དབང་རང་ལག་ཏུ་སོན་པ་བྱ་རྒྱུ་དེ་རེད་ལ། ང་ཚོའི་མི་རིགས་ཀྱི་ཆེད་དུ་འདས་པའི་དཔའ་བོ་ཕོ་མོ་དེ་དག་གིས་འཆི་ཁའི་འབོད་སྒྲ་དང་བར་དོའི་རྣམ་ཤེས་འཁྲེང་ས་ཡང་རེད། དེ་ལྟ་ནའང་ཕུགས་མདུན་དེ་མངོན་འགྱུར་ཡོང་བར་ང་ཚོས་ནད་ལ་སྨན་གྱི་དཔེ་ལྟར་ཕན་འབྲས་མྱུར་ཐོན་ཡོང་ཐབས་ལ་ཐབས་རྩལ་གནད་དུ་འཁེལ་བ་ཞིག་གདིང་དགོས་པ་ནི་ད་ལྟའི་དུས་སྐབས་སུ་ང་ཚོ་ཐུན་མོང་གི་བསམ་གཞིགས་བྱ་གཞི་དང་། གླེང་སློང་བྱ་གཞིའི་བརྗོད་གཞི་ཆེ་ཤོས་དེ་རེད། དེའི་རྒྱུ་མཚན་ནི་ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རང་རང་ལ་ཕ་མེས་ནས་བདག་པའི་ཁེ་དབང་ཁག་ལ་སྲུང་སྐྱོབ་དང་འཛིན་སྐྱོང་སླད་ད་བར་མི་རྒྱུ་གཉིས་ཀྱིས་འགྲོ་གྲོན་བཏང་རུང་རྒྱ་གཞུང་གིས་དོན་དངོས་རང་བཞིན་ལ་བསམ་ཤེས་བྱེད་རྒྱུ་ལས་ལྡོག་སྟེ། ང་ཚོའི་སྤུན་ཟླ་བརྒྱ་ཕྲག་དུ་མར་རྡུང་རྡེག་བཙོན་འཇུག་དང་བསད་རྨས་དབང་གཅོད་ཀྱི་དྲག་གནོན་ལུ་གུ་རྒྱུད་དུ་སྤེལ་ཡོད་པས་རེད། ད་དུང་ང་ཚོས་འདས་ཟིན་པའི་ལས་འགུལ་སྤེལ་སྟངས་དེ་དག་གིས་རྒྱ་གཞུང་ལ་གཡོ་འགུལ་དེ་ཙམ་གཏོང་མི་ཐུབ་པའི་རྒྱུ་རྐྱེན་ལ་འཚོལ་ཞིབ་དང་། དེའི་རྐྱེན་རྩ་སྡོག་འདོན་མཐིལ་ཕྱིན་མ་བྱས་པར་མུ་མཐུད་སྔར་ལམ་ད་གནས་ཐོག་ཤར་སྐྱོད་བྱས་ན་བྱས་པ་རྗེས་མེད་དུ་འགྲོ་རྒྱུ་ཡིན་པ་ནི་མ་བསམ་ཡང་ཤེས་ཐུབ་པ་ཞིག་རེད།   དེ་བས་ན་འདས་ཟིན་པའི་ང་ཚོའི་ལས་འགུལ་དེ་དག་གིས་རྒྱ་གཞུང་ལ་གཡོ་འགུལ་དེ་ཙམ་གཏོང་མི་ཐུབ་པའི་རྐྱེན་རྩ་དེ་གང་ཞིག་ལ་ཐུག་ཡོད་མེད་ནི་སྐབབ་བབ་ཀྱི་དྲི་གཞི་ཞིག་ཆགས་ཡོད། 

 

གནད་དོན་འདིའི་ཐོག་ངའི་བསམ་ཚུལ་བྱས་ན་རྒྱུ་རྐྱེན་ཐུག་ས་གཙོ་བོ་དེ་ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་ཁག་ལ་སློབ་སྦྱོང་ཞིབ་ཚགས་དང་ཉམས་མྱོང་ཚུར་ལེན་མི་ཐུབ་པའི་ཞན་ཆའི་སྟེང་ནས་དེ་ལྟར་གཡོ་འགུལ་གཏོང་མི་ཐུབ་པར་གྱུར་འདུག་སྙམ།  ལོ་རྒྱུས་ཀྱི་དམག་འཁྲུག་ཐོག་ནས་བལྟས་ན་ཆིག་སྒྲིལ་ནི་གཞན་སྡེ་ཕམ་བྱེད་དང་རང་སྡེ་སྲུང་བྱེད་ཀྱི་གལ་ཆེའི་མ་ལག་ཞིག་ཡིན་པར་མཐོང་ཐུབ་ལ་དེ་ལས་ལྡོག་པ་ནི་གཞན་སྡེ་རྒྱལ་བྱེད་དང་རང་སྡེ་ཕམ་བྱེད་ཁོ་ན་རེད། དེ་ལྟ་བུའི་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་ལ་ང་ཚོས་རྒྱུས་ལོན་ཞིབ་ཚགས་དང་ཕྱོགས་སྟོན་འཁོར་ལོ་དང་མཚུངས་པའི་ཉམས་མྱོང་དེ་དག་ལག་ལེན་དངོས་ཀྱི་ཐོག་ནས་མཛུབ་ཁྲིད་མི་ཐུབ་པའི་ཉེར་ལེན་ལས་ད་བར་ང་ཚོས་མཉམ་རུབ་ཀྱི་འདུ་ཤེས་འཛིན་ཚུལ་གཅིག་གི་འོག་ཏུ་ལས་འགུལ་གང་ཡང་སྤེལ་ཐུབ་མེད་ལ། སོ་སོ་གཅིག་པུས་རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཐུབ་པ་དེ་ཡང་རྒྱུས་ལོན་བྱུང་མེད། གོང་དུ་ངས་ལོ་རྒྱུས་ཀྱི་དམག་འཁྲུག་སྐོར་བརྗོད་དོན་ནི་ང་ཚོས་དམག་འཁྲུག་བྱ་དགོས་པའི་དོན་མིན་པར་དམག་འཁྲུག་ཁྲོད་ཀྱི་རྒྱལ་ཕམ་འབྱུང་རྐྱེན་དེ་ཆིག་སྒྲིལ་ཡོད་མེད་ལ་ཐུག་ཡོད་པ་གསལ་སྟོན་ཐུབ་བྱེད་ཙམ་དུ་ཡིན།

 

འོ་ན་ང་ཚོ་ཐུན་མོང་ཐོག་ད་བར་ཆིག་སྒྲིལ་མཉམ་རུབ་མི་ཐུབ་པ་དེ་གང་ཞིག་གིས་ལན་པ་ཡིན་ནམ་ཞེ་ན། དེ་ནི་ང་ཚོ་ཕན་ཚུན་དབར་སེམས་ཐག་ཇེ་ཉེར་གཏོང་བྱེད་ཀྱི་བརྒྱུད་ལམ་ཞིག་གཉེར་མ་ཐུབ་པ་དང་སྐྱིད་སྡུག་མཉམ་མྱོང་དང་ཐོབ་བྱ་མཉམ་རྩོད་ཀྱི་འདུ་ཤེས་འཛིན་ཚུལ་ཞིག་རྒྱུད་སྤེལ་མ་ཐུབ་པས་རེད། དེ་བས་ན་འབྱུང་འགྱུར་རྒྱ་གཞུང་གི་སྲིད་བྱུས་དེ་ངོ་བོ་གཞན་ཞིག་ཏུ་འགྱུར་འདོད་ན་ང་ཚོས་རལ་བ་ལྷན་པས་མ་ཁེབས་པ་དང་། ཉི་ཤར་སྦར་མོས་ཁེབས་མི་ཐུབ་པའི་ཐབས་བྱུས་ལ་བརྟེན་ནས་ཆིག་སྒྲིལ་དང་གཞི་རྒྱ་ཆེ་བའི་རྨང་གཞི་རྐང་དུ་བཟུང་སྟེ་ཐུན་མོང་གི་ཁེ་ཕན་མཉམ་རྩོད་མཉམ་ལེན་ཐུབ་ཐབས་ལ་ཁ་ཕྱོགས་དགོས། དེ་ལྟར་ང་ཚོས་ཁ་ཕྱོགས་དགོས་དོན་ནི་ཁྲིམས་ལུགས་ཐོག་གི་བདག་དབང་རྐྱང་པའི་ཆེད་དུ་མིན་པར་ད་ལྟ་དང་འབྱུང་འགྱུར་གྱི་མི་རབས་ཚོའི་ཉིན་རེའི་འཚོ་གནས་དང་ཁ་བྲལ་ཐབས་མེད་པ་ཞིག་ཀྱང་རེད། མིའི་མི་ཚེ་ནི་ཆེས་ཡུན་ཐུང་ཞིག་རེད་ལ་འཚོ་ཡུན་དེ་བདེ་སྐྱིད་ངང་བསྐྱལ་དགོས་པ་ནི་འཚོ་གནས་ཀྱི་དོན་སྙིང་རེད། དེ་ལྟ་བུའི་བདེ་སྐྱིད་ནི་ཕྱི་ནང་གི་རང་དབང་ལ་གཞན་ཞིག་གིས་དབང་སྒྱུར་བྱས་པའི་འོག་ཏུ་ནམ་ཡང་ཡོང་མི་ཐུབ་པར་དེ་ནི་གུ་ཡངས་དང་རང་དབང་གི་ཁོར་ཡུག་གཅིག་ནས་འཚོལ་སྙེག་ཐུབ་ཀྱི་ཡོད། དེ་བས་ན་བདེ་སྐྱིད་དང་བྲལ་བའི་འཚོ་གནས་ནི་མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལས་མ་འདས་ཕྱིར་ང་ཚོས་ནམ་ཡང་འབྱུང་འགྱུར་གྱི་མི་རབས་ཚོ་དཀའ་ཁག་ཆེ་བའི་གཞན་དབང་གི་ཆིངས་ཐག་ལས་གྲོལ་ཐུབ་པའི་འགན་ལེན་ཁག་ཐེག་ཐུབ་པ་བྱ་དགོས། 

 

རྒྱུ་མཚན་དེའི་སྟབས་ཀྱིས་ང་ཚོས་མདུན་ཕྱོགས་སུ་གོམ་ཁ་ཕྱོགས་ཏེ་སྐྱིད་སྡུག་མཉམ་མྱོང་དང་ཐོབ་བྱ་མཉམ་རྩོད་མཉམ་ལེན་སླད་མཉམ་རུབ་ཀྱི་ལས་འགུལ་སྤེལ་བར་དོན་སྙིང་བླ་ལྷག་ཏུ་ལྡན་ཡོད། དེ་ལྟ་བུའི་ལས་འགུལ་དེ་གོ་རིམ་ལྡན་ཞིང་འཐུས་སྒོ་ཚང་བའི་ཐོག་ནས་ཁྱབ་སྤེལ་ཐུབ་རྒྱུར་ང་ཚོ་དབར་གྱི་འབྲེལ་བ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་ནི་རྩིག་རྨང་ལྟ་བུའི་གལ་ཆེའི་རང་བཞིན་ཆགས་ཡོད། དེ་བས་ན་བརྡ་འཕྲིན་འཕྲུལ་ལས་མ་ལག་ཁག་ནི་ང་ཚོ་དབར་གྱི་བསམ་ཚུལ་བརྗེ་རེས་དང་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་རྒྱུར་འཐུས་སྒོ་ཚང་བའི་ཤེས་བྱའི་མ་ལག་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། གཞན་གྱི་རྩུབ་སྤྱོད་དང་ལྕགས་སྒྲོག་གིས་དམ་དུ་བཟུང་བའི་གོ་ལ་འདིའི་ཉམ་ཆུང་ཉམ་ཐག་གི་ཉེས་མེད་བཙོན་པ་ཁྲི་སྟོང་མང་པོའི་མགོན་སྐྱབས་ལྟ་བུར་ཡང་གྱུར་ཡོད།  དེའི་རྒྱུ་མཚན་ནི་བརྡ་འཕྲིན་འཕྲུལ་ལས་ཀྱི་བྱེད་ནུས་རང་བཞིན་དང་མྱུར་རྩལ་རང་བཞིན་ལ་བརྟེན་ནས་ཁྲིམས་ལུགས་ཀྱི་རྒྱ་ལས་འགོངས་པའི་ཉེས་གཅོད་རང་བཞིན་དང་། དམར་གསོད་རང་བཞིན་གྱི་གསང་གནད་མང་དག་ཅིག་ཕྱིར་བསྒྲགས་མྱུར་སྤེལ་ཐུབ་པའི་གནོན་ཤུགས་འོག་དབང་སྒྱུར་པས་རང་སྣང་གང་ཤར་གྱི་སྒོ་ནས་ཉེས་མེད་བཙོན་པ་ཚོར་རྡུང་རྡེག་ཚ་ནན་གཏོང་བའི་ཉེན་ཁ་ལས་འགོག་སྲུང་ཐུབ་ཀྱི་ཡོད།

 

དེ་བས་ན་བརྡ་འཕྲིན་འཕྲུལ་ལས་མ་ལག་གི་རིག་གསར་ཤེས་བྱ་འདི་དག་ནི་ང་ཚོ་ལྟ་བུའི་གཞན་གྱི་དབང་སྒྱུར་འོག་གནས་པའི་ཉེས་མེད་བཙོན་པ་ཚོའི་མཐུན་གྲོགས་བཟང་པོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། མཉམ་རུབ་ལས་འགུལ་སྤེལ་ཕྱོགས་ཀྱི་བརྒྱུད་རིམ་དེའི་ནང་དུའང་གོ་ས་ངེས་ཅན་ཞིག་བཟུང་ཡོད། དེ་བས་ན་བརྡ་འཕྲིན་འཕྲུལ་ལས་མ་ལག་གི་བྱེད་ནུས་རང་བཞིན་ལ་བརྟེན་ནས་ང་ཚོ་གྲངས་ཉུང་མི་རིགས་ཕན་ཚུན་དབར་སྐྱིད་སྡུག་མཉམ་མྱོང་དང་ཐོབ་བྱ་མཉམ་རྩོད་མཉམ་ཐོབ་ཀྱི་འདུ་ཤེས་འཛིན་ཚུལ་ཞིག་རྒྱུད་སྤེལ་བྱ་དགོས་པ་ནི་ནད་ལ་བསྟུན་ནས་སྨན་སྦྱོར་དགོས་པ་དང་། ལུས་ལ་འཇལ་ནས་གོས་བཟོ་དགོས་ཞེས་པའི་དཔེ་ལྟར་ཕ་རོལ་པོའི་སྟོབས་ཤུགས་ལ་ཡ་ལན་ཐུབ་བྱེད་ཀྱི་ལས་འགུལ་འཚམས་ཤོས་དང་ཚད་མཐོ་ཤོས་དེ་རེད་ལ།  ང་ཚོ་ཐུན་མོང་གི་ཆེས་ཐོག་མ་དང་ཆེས་མཐའ་མཇུག་གི་ལས་འགུལ་དེའང་ཡིན་པའི་ཡིད་ཆེས་བརྟན་པོར་བཟུང་དགོས།  དེ་རིང་ང་ཚོ་གྲངས་ཉུང་མི་རིགས་རྣམས་གཤིན་རྗེ་ལྟ་བུའི་སྙིང་རྗེ་བྲལ་ཞིང་ཤ་ཁྲག་གིས་མྱོས་པའི་རྒྱ་གཞུང་གིས་དམར་གསོད་གཏོང་བཞིན་ཡོད་པ་ནི་ཕྱོགས་གཅིག་ནས་བསམ་ན་བློ་ཕམ་སྐྱེ་གཞི་ཞིག་ཡིན་རུང་། ངོས་གཞན་ཞིག་ནས་བསམ་གཞིགས་བྱས་ན་དེ་ནི་སང་ཉིན་གྱི་བདེ་སྐྱིད་འདྲེན་བྱེད་ཁོ་ན་རེད། དེ་བས་ན་དེ་རིང་གི་བློས་གཏོང་ནི་སང་ཉིན་གྱི་ཆེད་དུ་ཡིན་ལ། སང་ཉིན་གྱི་བདེ་སྐྱིད་ནི་དེ་རིང་གི་རེ་སྒུག་ཡིན། 

 

དེ་བས་ན་སང་ཉིིན་གྱི་ཆེད་དུ་དེ་རིང་གི་སྡུག་བསྔལ་ལ་བཟོད་བསྲན་ཐུབ་པ་བྱ་དགོས།  ངས་འདིར་ང་ཚོ་གྲངས་ཉུང་མི་རིགས་རྣམས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། སྡུག་གི་ཁུར་བོ་མཉམ་འཁུར་ཞེས་པའི་དཔེ་ལྟར་སྐྱིད་སྡུག་མཉམ་མྱོང་དང་ཐོབ་བྱ་མཉམ་རྩོད་མཉམ་ཐོབ་ཐུབ་པ་བྱ་དགོས་ཞེས་པའི་དོན་ནི་མི་བརྒྱའི་བསམ་པ་གཅིག་དགོས། རྟ་བརྒྱའི་སྲབ་མདའ་འདྲ་དགོས་ཞེས་པ་ལྟར་ང་ཚོའི་ལས་འགུལ་གྱི་ངོ་བོ་ཡོངས་རྫོགས་གཅིག་འགྱུར་བཟོ་དགོས་ཞེས་པའི་དོན་མིན་ལ། ང་ཚོའི་ལས་འགུལ་ཡོངས་རྫོགས་རྒྱ་གར་དང་ཨ་རི་སོགས་ཀྱི་དུས་ཚོད་ཀྱི་བར་ཁྱད་ལྟར་གཅིག་གཉིད་དུ་ཡུར་དུས་གཅིག་ཤོས་དེ་ལས་ཀ་ལས་བཞིན་པའི་སྒང་ཡིན་པ་ལྟ་བུ་ཡང་དེ་བས་མིན་པར། ཉེ་སྔོན་སྤེལ་བའི་གུས་པའི་རྩོམ་ཡིག་ཅིག་ཏུ་ནན་བརྗོད་བྱས་དོན་ལྟར་ཧྲོད་རན་ཞེས་པའི་སྦྲུལ་ལྟར་སྐེད་པར་རྒྱུག་པ་གཞུས་ན་མགོ་མཇུག་གཉིས་ཀ་སྐྱོབ་ཏུ་ཡོང་བ་ལྟ་བུའི་ཆིག་སྒྲིལ་དགོས་པ་མ་ཟད། ལུས་དང་གྲིབ་མ་ཇི་བཞིན་གཅིག་གིས་ཡར་ལངས་ངོ་རྒོལ་བྱས་ན་གཅིག་ཤོས་དེས་ཀྱང་ཡར་ལངས་ངོ་རྒོལ་ཐུབ་པ་བྱ་དགོས། 

 

དེ་ལྟར་བྱུང་ཚེ་མི་སེམས་གཅིག་ཏུ་བསྒྲིལ་ན། རི་རྒྱལ་ལྷུན་པོ་སྤོ་ཐུབ་ཅེས་པའི་དཔེ་ལྟར་ད་གཟོད་གཞི་ནས་དྲག་དམག་གི་སྲུང་བྱ་ནན་པོའི་འོག་ཏུ་མདུན་སྐྱོད་བྱེད་བཞིན་པའི་རྒྱ་གཞུང་གི་གྲུ་གཟེངས་དེ་གྲངས་ཉུང་མི་རིགས་ཀྱི་མཚོ་མཁའི་ཐོག་རྔམ་ཟིལ་ཇི་ལྟར་ཆེ་རུང་། ཆར་རླུང་འཚུབ་མའི་ཁྲོད་ཀྱི་ཤིང་གྲུ་བཞིན་རང་ཚུགས་ཤོར་ཏེ་ཕར་ཡོར་ཚུར་ཡོར་བྱེད་པའི་གནས་སྟངས་ཤིག་ལ་གྱར་ངེས་པ་ནི་ཆར་རླུང་ལྟ་བུའི་ནུས་ཤུགས་དེ་ང་ཚོ་ཐུན་མོང་གི་ལས་འགུལ་ལ་ལྡན་ཡོད་པས་རེད། སྐབས་དེ་དུས་སྲོག་སྒོ་ཐོན་མ་ཐོན་གྱི་གནས་སུ་གྱར་པའི་རྒྱ་གཞུང་གི་གྲུ་གཟེངས་དེ་ང་ཚོས་ཆིག་སྒྲིལ་གྱི་རླབས་ཤུགས་ལ་བརྟེན་ནས་ཐུན་མོང་གི་མངོན་འདོད་ཕྱོགས་སུ་ཁ་ལོ་གང་འདོད་དུ་བསྒྱུར་ཆོག་པ་ཡིན། དེ་ལྟ་བུའི་གོ་སྐབས་ཤིག་ང་ཚོའི་མིག་མདུན་དུ་ཡོད་པ་དེ་ངོས་ཟིན་པའི་ཐོག་ནས་གོ་སྐབས་དེ་མྱུར་སོན་ཐུབ་རྒྱུར་ང་ཚོས་རང་རྒྱལ་ལྟ་བུའི་བསམ་རྒྱ་ཆུང་ངུ་དེར་ཏེ་སྤྱི་ཡོངས་ཀྱི་ཁེ་ཕན་དམིགས་བྱར་བཟུང་ནས་གྲངས་ཉུང་མི་རིགས་ཐུན་མོང་གི་ལས་འགུལ་མཉམ་སྤེལ་ཐུབ་རྒྱུར་གཙིགས་འཛིན་བྱ་དགོས་པ་མ་ཟད། ལས་འགུལ་དེ་ལག་ལེན་དངོས་ཀྱི་ཐོག་ནས་དོན་འཁྱོལ་བྱུང་མིན་ནི་གོ་སྐབས་དེ་ལག་རྩེར་མྱུར་སོན་ཐུབ་མིན་གྱི་འགག་རྩ་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༧ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. རྒྱ་མཚོ། says:
    ལོ་ 14 སྔོན།

    ང་ཚོའི་བོད་མི་རིགས་ཀྱི་ཁ་ཕྱོགས་གང་དུ་ཁ་ལོ་་སྒྱུར་མི་སྒྱུར་ཟེར་པ་བོད་གིའི་་ལགསདུ་ཡོད་རེ་པསམ་གི་འདུག།འོན་ཀྱང་ལྟའི་གནས་ཚུལ་ཡིན་ན་ང་ཚོའི་བོད་ལ་རང་དབང་འགྲོ་འདུག་སོགས་ཐལ་ནས་དཀའ་ངན་སོགས་ཀྱི་ཐལ་ནས་ཁ་ཕྱོགས་གང་འདྲ་ཞིགས་ཆགས་རྒྱུ་ཡིན་མིན་གི་ཐལ་ནས་ཚོགས་དཔགས་བྱེས་མི་ཐུབ་སྨོའིཏར་ཡིན་ཡང་ང་ཚོའི་བོད་རིགས་ཚོས་སྙིང་སྟོབས་དང་ཕུགས་འདུན་སོགས་ཀྱི་ཐད་ནས་ང་ནམ་ཡང་ཞིམ་པ་མེད།རང་་ལ་ཐོ་པར་འཛུན་པའི་ང་རྒྱུ་དང་གཞན་ལ་འདྲན་སེམསའཛིན་པའི་ཕྲག་དོགས་དང་ཉམ་ཆུང་བྱམས་ཀྱི་སྐྱོང་པའི་འདུན་པ་ཡོད།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese