མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྡི་ལི་ནས་བོད་མི་ཞིག་གིས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་རྒྱལ་ས་ལྡི་ལི་ཇན་ཏར་མ་ཏར་ས་གནས་སུ་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། ད་ལྟའི་ཆར་སྨན་ཁང་དུ་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག

རྨེའུ་དཀོན་རྒྱམ་ལགས་ཀྱིས་ལྡི་ལི་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཡོང་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། རྒྱ་ས་ལྡི་ལིར་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་གོ་སྒྲིག་གནང་བཞིན་པ་ལྟར། ཞོགས་པར་བོད་མི་བརྒྱ་ཕྲག་འགས་ར་རྗི་གྷེ་ཁྲི་ནས་མགོ་བཙུགས་ཏེ་ཇན་ཏན་མན་ཏར་ས་གནས་བར་སྐད་འབོད་ཁྲོམ་སྐོར་གྱི་སྤེལ་ཡོད་པ་དང་། ལས་འགུལ་བ་ཚོ་ཇན་ཏར་མན་ཏར་ས་གནས་སུ་བསླེབས་ཏེ་གཞོན་ནུ་ལྷན་ཚོགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་གཏམ་བཤད་གནང་གྲུབ་མཚམས་སྟེ། ཆུ་ཚོད་ ༡༢ དང་སྐར་མ་ ༢༥ སྟེང་ཁམས་རྟའུ་ནས་ཡིན་པའི་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་ལུས་སྟེང་དུ་སྣུམ་བླུགས་ཏེ་རང་ལུས་མེར་བསྲེགས་བཏང་སྟེ། གོམ་པ་ ༢༠ ལྷག་གོམ་བགྲོད་གནང་རྗེས་སར་འགྱེལ་ཡོད་འདུག སྐབས་དེར་མི་མང་གིས་ལུས་སྟེང་གི་མེ་གསོད་ཐབས་བྱས་ཡོད་ཀྱང་། ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། ད་ལྟའི་ཆར་ (RanmamnoHar Lohia Hospital) ཞེས་པའི་སྨན་ཁང་དུ་འཁྲིད་དེ་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི། ཁམས་རྟའུ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༢༧ ཡིན་འདུག ཁོང་༢༠༠༦ ལོར་རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། ད་ལོ་སློབ་མཐར་ཕྱིན་རྗེས་ལྡི་ལིར་གནས་སྡོད་བྱས་ཡོད་འདུག

 

 

གསར་འགོད་པ། དོན་གོ

 

མཆན། 49

  1. མི་ཉག་དུང་བརྡ། says:
    ལོ་ 11 སྔོན།

    སྟོང་ལ་ཉེ་བའི་མི་རིགས་ཤིག་གི་བདེན་པའི་བདེན་དོན་སྲིད་རྩེར་བསྒྲགས།།
    འཆི་ལ་ཉེ་བའི་མི་རིགས་ཤིག་ལ་སྲོག་གི་དབུགས་དབྱུང་གསར་དུ་བཏབས།།
    འཐིམས་ལ་ཉེ་བའི་མི་རིགས་ཤིག་གི་ལོ་རྒྱུས་དཔང་པོ་ཁྱེད་ཀྱིས་མཛད།།
    ས་ཆེན་མི་ཡི་སྙིང་སྟོབས་བརྩེག་ཀྱང་ཁྱེད་ལ་འགྲན་པའི་སྐལ་བ་མེད།།

    Reply
  2. lobsang says:
    ལོ་ 11 སྔོན།

    ཁྱེད་ནི་དངོས་གནས་བོད་མི་རིགས་ཀྱི་དཔའ་རྒོད་རེད་ཡ།

    Reply
  3. དེད་དཔོན། says:
    ལོ་ 11 སྔོན།

    ཁྱེད་ཀྱི་རྩ་ཆེན་གྱི་ཚེ་སྲོག་དེ་མི་རིགས་ཀྱི་དོན་དུ་མེ་ལ་བསྲེགས་པར་
    ངས་གཤེགས་ཟིན་པའི་དཔའ་བོ་ཕོ་མོ་དང་།
    གཞིས་བཞུགས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་
    སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་ཞུ་རྒྱུ་ཡིན།

    ད་ནས་བཟུང་དཔའ་བོ་ཕོ་མོ་རྣམས་ཀྱིས་རྩ་ཆེན་ཚེ་སྲོག་གི་རིན་ཐང་
    ཤེས་པ་བྱས་ཏེ་རྣམ་དཔྱོད་བེད་སྤྱོད་བྱས་པ་ལས་གླད་རྟགས་མི་གནང་བ་
    སྙིང་ནས་འབོད་སྐུལ་ཞུ་ཞུ་མཁྱེན་མཁྱེན།།

    Reply
  4. རྒྱང་མིག says:
    ལོ་ 11 སྔོན།

    དྲ་གྲོགས་ཚོ། དེ་རིང་གི་དཔའ་བོ་ཁོང་གི་གནས་སྟངས་ཤེས་ཚེ་མཆན་རེ་འགོད་རོགས་ཞུ།
    དཔའ་བོ་ཁོང་གི་བསམ་དོན་སྟེ་བོད་མའི་བདེན་མཐའ་མྱུར་ཏུ་གསལ་བར་སྨོན།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 11 སྔོན།

    དོན་དམ་གྱི་དཔའ་བོ་ཁྱེད་ལ་ངས་སེམས་གཏིང་ནས་གུས་འདུད་ཞུ་བཞིན་ཡོད། མི་རིགས་ཀྱི་ལ་རྒྱ་དང་། རིག་གཞུང་གཅེས་འཛིན། སྤྱི་ཚོགས་ལྷིང་འཇགས་སོགས་ཀྱི་ཆེད་དུ་རང་དབང་རང་དག་གི་དལ་འབྱོར་རིན་ཆེན་བློས་གཏོང་བྱས་པར་འབྲས་བཟང་མི་དམན་པ་འཐོབ་རྒྱུར། སྐྱབས་ཡུལ་གོང་མར་གསོལ་འདེབས་ཀྱི་འོ་དོད་འབོད།

    Reply
  6. ཤག་སྒང་པ། says:
    ལོ་ 11 སྔོན།

    ཁྱེད་ཀྱིས་བློས་བཏང་ཆེན་པོའི་གོམ་ཁ་འདི།།
    ནམ་ཡང་མི་བརྗེད་ས་ཡ་དྲུག་གིས་ནི།།
    ཞི་རྒོལ་རྒྱལ་རབས་གསལ་བའི་མེ་ལོང་དུ།།
    མཛད་བཟང་རི་མོར་བརྐོས་ནས་གུས་འདུད་ཞུ།།

    Reply
  7. ཁ་བའི་འདབ་མ says:
    ལོ་ 11 སྔོན།

    ལྷག་བསམ་གྱིས་སྙིང་སྟབས་དགོང་དུ་འཕྱར་བཞིན་པ་ལ་གུས་པས་རྗེས་སུ་ཡིད་རང་ཡོད།་དངོས་གནས་དེ་རིང་ལས་འགན་འདི་ནི་བཙན་བྱོལ་ནང་གི་ཉེ་ཆར་ལས་འགན་ཆེ་ཤེས་རེད་

    Reply
  8. གཉའ་འབྲོང་ཐུ་བུ། says:
    ལོ་ 11 སྔོན།

    ཡི་དམ་ཆོས་སྐྱོང་ཡོད་ན་ལོངས་ཤིག

    མི་མངོན་ཆོས་དབྱིངས་དག་པའི་ཞིང་ན། །
    ཁ་གདངས་མཆེ་བ་དགྲ་ལ་གཙིགས་པའི། །
    ཡི་དམ་ཟེར་བའི་དམ་ཚིག་ཅན་པོ། །
    འཁོར་གྱི་རབ་འཇིགས་ཆོས་སྐྱོང་སྲུང་མ། །

    མཐུ་དང་ནུས་པ་བཤད་ན་འཇིགས་མཛད། །
    བསྟན་ལ་གནག་པའི་གཟུགས་ཅན་གཟུགས་མེད། །
    ཉམ་ཆུང་སྲོག་རྩ་ཟ་བའི་གདུག་ཅན། །
    ཡེ་ཤེས་སྤྱན་གྱིས་གཟིགས་ཀྱི་མེད་དམ། །

    ཚ་གདུང་ཁྲོད་ནས་དམར་སེར་འདུས་སྡེས། །
    རྔ་གླིང་རོལ་མོའི་སྒྲ་དབྱངས་དང་སྦྲགས། །
    དད་འདུན་རེ་བ་སྙིང་ལ་ཉར་ཏེ། །
    ཡིད་ཆེས་གསོལ་འདེབས་བླ་མེད་བྱས་ཡོད། །

    བསྙེན་པ་དུང་ཕྱུར་བཅུ་ཕྲག་གཉིས་ལ། །
    བྱིན་རླབས་གནད་ཀྱི་ཚན་ཁ་ཡོད་ན། །
    སྡིག་ཅན་དགྲ་བོ་རྨང་ནས་གཞོམ་ལ། །
    ཉམས་ཆུང་མགོ་ནག་བོད་པ་སྐྱོབས་ཤིག །

    གངས་ཅན་དཔའ་བོ་མེ་ཡིས་གཞོབ་ཐལ། །
    གངས་རིའི་ཁ་དོག་མུན་པས་བསྒྲིབས་ཐལ། །
    གངས་སེང་དཀར་མོ་གཡུ་རལ་ཅན་པོ། །
    གངས་ལ་འགྱིངས་པའི་རེ་བ་དཀའ་ཐལ། །

    མདོ་སྔགས་བསྟན་པ་འཛིན་པའི་སྐྱེས་བུ། །
    ས་སྟེང་སྐྱེ་རྒུའི་བདེ་སྐྱིད་གཞི་མ། །
    ཉམ་ཐག་གངས་ཅན་ཁྲོད་དུ་ཡོད་ན། །
    སྐྱོབ་པའི་དུས་ལ་བབས་པ་གཟིགས་སམ། །

    བསྟན་འཛིན་སྐྱེས་བུས་མེ་མཆོད་བཏང་ཐལ། །
    ཆོས་ཀྱི་རྒྱལ་བོས་ལྟོགས་སྐོམ་མྱངས་ཐལ། །
    བསྟན་པའི་སྦྱིན་བདག་མང་པོ་འཇུས་ཐལ། །
    བསྟན་སྲུང་ཡིན་ན་ད་ནི་སྲུངས་ཤིག །

    ཉམས་པའི་དུས་སུ་སྲུང་སྐྱོབ་མེད་ན། །
    དར་བའི་དུས་སུ་ཅི་ཞིག་བསྲུང་དགོས། །
    སྡུག་པའི་དུས་སུ་མགོན་སྐྱབས་མེད་ན། །
    བདེ་བའི་དུས་སུ་སུ་ཞིག་སྐྱོབ་དགོས། །

    རྦད་པའི་དུས་དུ་མཐུ་རྩལ་མེད་ན། །
    ཡིད་ཆེས་བློ་གཏད་ཇི་ལྟར་བྱེད་དགོས། །
    མཐུ་དང་ནུས་པ་ཅན་ཞིག་ཡིན་ན། །
    ད་ལྟ་ཉིད་དུ་རྟགས་ཤིག་སྟོན་རོགས། །

    བོད་བསྟན་སྲིད་ཀྱི་ཆེད་སེར་བྱེས་གྲྭ་ཚང་དུ་ཡི་དམ་པདྨ་དབང་ཆེན་གྱི་བསྙེན་པ་དུང་ཕྱིར་ཉེར་གཉིས་ལྷག་གསུངས་ཤིང་། བསྙེན་པ་གྲོལ་བའི་ཕྱིའི་ཉིན་ཏེ། དེ་རིང་རྒྱ་ནག་གི་སྲིད་འཛིན་ཧྭོ་ཅིན་ཐོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་དོན་དུ་ཡོང་གི་ཡོད་པའི་སྟབས་བསྟུན་ཁམས་རྟའུ་ནས་ཡིན་པའི་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེ་ལ་སྦར་བའི་གནས་སྟངས་བོད་ཀྱི་དུས་བབ་དྲ་བའི་མདུན་ངོས་སུ་པར་དང་བཅས་ཐོན་སྐབས་ཡིད་གདུང་ཤུགས་དྲག་པོས་བྲིས།
    ༢༠༡༢ ༣ ༢༦

    Reply
  9. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 11 སྔོན།

    དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས། ཁྱེད་ཀྱི་སྙིང་སྟོབས། ཁྱེད་ཀྱི་ཆོད་སེམས། ཁྱེད་ཀྱི་ལ་རྒྱ་སོགས་ལ་ང་ཚོས་བོད་མི་ས་ཡ་དྲུག་གི་དུས་ནས་དུས་སུ་བརྗེད་མི་སྲིད། མུ་མཐུད་དུ་ང་ཚོ་འདི་ལྟར་དུ་ཆས་སྲིད།

    Reply
  10. རྩ་ཐང་། says:
    ལོ་ 11 སྔོན།

    གངས་ལྗོངས་ཀྱི་ཕོ་རྒོད། ངེས་དོན་གྱི་དཔའ་བོ། ཁྱེད་ཀྱིས་སྙིང་སྟོབས་དེས་གཉིད་དུ་ཡུར་བཞིན་པའི་རྒྱལ་སྤྱི་རྣམས་དང་བཙན་བྱོལ་བ་རྣམས་གཉིད་ལས་ཧར་གྱིས་དཀྲོགས་ཐབས་བྱས་ཡང་། ད་དུང་གཉིད་སྨན་མ་བསངས་པ་བཞིན་བསྡད་ཀྱི་རེད་བསམ་ནས་བློ་ཕམ་ཡང་ཆེ་ཀི།

    Reply
  11. ཤར་ཕྱོགས་དུག་སྨྱུག says:
    ལོ་ 11 སྔོན།

    གངས་ཕྲུག་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་ངས་ཁྱེད་ལ་གུས་འདུད་ཞུ་བ་དང་ཁྱེད་ཀྱི་གཟུགས་གཞི་སྔར་བཞིན་གསལ་ཐང་ཡོང་བའི་སྨོན་ཚིག་དང་བཅས་སོ།

    Reply
  12. འདྲེ་མེ་འབུད། says:
    ལོ་ 11 སྔོན།

    མེ་ཡིས་རྒྱལ་ཁམས་འཛུགས་པའི་བོད།

    ་་་་་་་་་་་་་་་་་་་་་་་་་་་་་་་་་་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱིས་མེ་མཆོད་ཕུལ་རྗེས།

    ལུས་པོའི་ཟེ་བ་དམར་པོ་དྲག་ཏུ་འཕྱོ།།

    ཕྱོགས་བཞིའི་མགྲིན་པ་ཨག་གིས་འགས་པར་བྱས།།

    མི་ཕོ་ཁྱོད་ཀྱི་གོམ་སྟབས་གཟར་མོ་ཡིས།།

    རི་དང་གསར་འགྱུར་འགུལ་ཞིང་འཁྱོམ་པར་བྱས།།

    ཞོགས་ཇ་ཞིག་ལས་ཅི་ཡང་མ་བཞེས་པར།།

    རྒྱལ་ཁམས་རི་མོའི་ངོས་སུ་འོད་འདི་བཏབ།།

    ཁྱོད་ལས་མེ་ཕུང་དུམ་བུར་འཐོར་ཞིང་ཟགས།།

    དེ་རིང་ཡར་ཀླུང་རྒྱལ་པོའི་ཕོ་བྲང་མཐོང་།།

    འཁུན་ཞིང་བཤུམ་པའི་པོ་ཏཱ་ལ་ཡི་ངོས།།

    ཉིན་མོའི་མེ་ཡིས་རྒྱང་རིང་འཕྲིན་ཞིག་སྤྲོས།།

    ཁྱོད་ཀྱང་སད་པའི་སྒྲ་ནི་ཤུགས་ཆེ་བས།།

    དྲ་རྒྱའི་སྐུད་ལམ་ལྕེ་འདི་ལམ་ལམ་འཁྱུག།།

    ངོ་གདོང་དཀྱུས་མའི་སྐད་ཀྱིས་བཀྱགས་པའི་དར།།

    དེ་རིང་རྒྱལ་ཁམས་ལྷང་ལ་བུད་པར་བྱས།།

    ཁ་བར་རྐང་རྗེས་བཏབ་པའི་ཕ་ཡུལ་ན།།

    མགྲིན་པ་ཁྱོད་ཀྱི་རུས་རྐོང་འབར་ཚུལ་ཧད།།

    གཞན་གྱི་གྲོང་ཁྱེར་དཀྲོགས་པའི་སྒེའུ་ཁུང་ནས།།

    མི་དཔོན་གཏུམ་པོའི་ཞེ་ཁ་ཡར་ལ་སློག།།

    གསར་འགྱུར་ཚོང་རྟགས་ཅན་པོའི་སྐད་ངག་ཀྱང་།།

    ཁྱོད་ཀྱི་མེ་ཡིས་གཞིབ་ཅིང་གཞིབ་ཅིང་འདར།།

    གསོན་པོ་ཚག་ཚག་འབར་ཞིང་གང་སར་འགྱེལ།།

    གསར་འགོད་པ་ཡི་པར་ཆས་འཛུམ་བཞིན་རྡེབ།།

    རྒྱལ་སྤྱིའི་ངོ་གདོང་ཚ་བའི་ཉིན་མོ་འདི།།

    གངས་རིའི་གཞུང་ལ་དྲོད་ཐིགས་ལན་གཅིག་ཕབ།།

    མཉམ་འབྲེལ་རྒྱལ་ཚོགས་ཡི་གེའི་ཁ་ཤོམ་ཅན།།

    གངས་རི་སྲེག་པའི་དྲི་མ་གཡོལ་བར་སྣང་།།

    ཁྱེད་ཅག་སྐད་གསང་བདེན་པ་བརྒྱུས་པ་དེས།།

    ལོ་རྒྱུས་ཞལ་ངོ་གསེར་གྱི་ཁེབས་འདི་བསྒྲོན།།

    མི་ཚོགས་ལྐུགས་ལ་བཏགས་པའི་བར་གསེང་ནས།།

    ཨོྃ་ཡིག་དར་མོའི་ངོ་སོ་ཤུགས་ཀྱིས་བསྟད།།

    མལ་ཁྲིའི་སྟེང་གི་དབུགས་རྒྱུན་ཕྱི་མ་རུ།།

    མེ་ལོང་ལམ་ལམ་འབར་བའི་དཔར་འདི་བཏབ།།

    ༢༠༡༢ ༣ ༢༦ ལ་བྲིས།

    Reply
  13. nyingmig says:
    ལོ་ 11 སྔོན།

    མི་ཡུལ་ནས་ལྷ་ཡུལ་དུ་གཤེགས་ཤིང་། ལྷ་ཡུལ་ནས་མི་ཡུལ་དུ་ཟོ་དོར་དང་མགོན་སྐྱབས་མཛད་པའི་དཔའ་རྒོད་ཁྱུ་གཅིག ཞི་བདེའི་ལམ་བུ་ཀྱག་ཀྱོག་བརྒྱུད་ནས་ཉམས་ཆུང་གི་མི་ལ་བླངས་དོར་གྱི་ཐབས་སྒོ་ཇི་སྙེད་ཅིག་བརྩལ་ནས་སླར་ཡང་ལྷ་ཡུལ་དུ་ལྡིང་སོང་། ད་ནི་འུ་ཅག་གི་མི་ཡུལ་འདི་ནས་བདེན་དོན་དང་གནས་ལུགས་ཟེར་བའི་གཡེར་པོ་ཆེ་དེ་ས་ལ་ཐིམ་ཞིང་། ཟོག་པོ་དང་རྫུན་རྐྱལ་གྱི་རུ་སྣ་དེ་ནི་གནམ་ལ་འཕུར་བྱུང། མཐོ་གངས་དཀར་གྱི་རི་བོ་ཡིན་ན་གཡོ་འཁྱོམ་རྒྱོབས་ཤོག
    དམའ་དྭང་གཙང་གི་རྫིང་བུ་ཡིན་རྦ་ཀློངས་འཁྲུགས་ཤོག
    རྦར་མོ་ཡོད་ན་ས་དོང་བྲུ་རན་འདུག་ལ།
    གཤོག་སྒྲོ་ཡོད་ན་ནམ་འཕང་བསྐྱོད་རན་འདུག་གོ

    Reply
  14. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    དེ་རིང་ཉིན་གུང་རྒྱ་གར་རྒྱལ་ས་ལྡི་ལིའི་ཅན་རྡིར་མན་རྡིར་སྲང་ལམ་དུ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་མཆོག་གིས་རྒྱ་གཞུང་བཙན་རྒྱལ་དྲག་སྤྱོད་རིང་ལུགས་པས་བོད་ནང་ཡ་ང་བའི་དྲག་གནོན་དམར་གསོད་ཀྱི་སྲིད་ཇུས་སྤེལ་བཞིན་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བའི་རྗེས། ས་གནས་དེ་གར་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་གནང་བཞིན་པའི་བོད་མི་རྣམས་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ནང་མཆོངས་རྩིས་བྱས་ཡོད་པ་དང་། སྐབས་དེར་རྒྱ་གར་ཉེན་རྟོག་པས་བོད་མི་ ༥༠ ལྷག་འཇུ་བཟུང་བྱས་ཡོད་འདུག

    Reply
  15. སྨར་ཀླུང་དཔའ་ལ། says:
    ལོ་ 11 སྔོན།

    ད་ནི་གཞིས་བྱེས་གཉིས་ཀྱི་གནས་སྟང་འདི་དམྱལ་བ་མི་ཡུལ་དུ་འཕོས་པ་དང་གཉིས་སུ་མེད་པ་འདི་ལ་གཞིག་ཚེ། ཁ་བ་གངས་ཅན་པ་རྣམས་ཀྱིས་འཛམ་གླིང་ལ་ཡོང་ལ་དེ་སྔ་ཡོང་མ་མྱོང་བ། མ་འོང་པར་ཡོང་བར་མི་འགྱུར་བའི་སྡུག་བསྔལ་དང་དཀའ་ངལ་ལུས་སེམས་གཉིས་ཀྱི་མི་བཟོད་པ་མྱོང་བཞིན་པ་འདི་ལ
    འཛམ་གླིང་རྒྱལ་སྤྱི་དང་སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་རྒྱབ་སྐྱོར་དང་གླེང་སློང་མེད་པ་ཉི་མ་ཅི་ཆོད་ཀྱིས་ཅམ་བུར་བཞག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། འགྲོ་བ་མི་ཡི་སྡུག་བསྔལ་དྲན་པའི་ཡུལ་དུ་གླེང་མི་ཕོད་པའི་དཀའ་ངལ་འདི་ཚོ། རང་བདེ་ཁོ་ནའི་ཕྱིར་དུ་དངུལ་གྱི་ཡོང་འབབ་ལ་ལྟོས་ནས་རྒྱ་དམར་ཀླ་ཀློ་ཚང་གི་སྲིད་ཇུས་འཁྲེགས་པོའི་བྱེད་སྟང་འདི་དང་། གངས་ཅན་བོད་མི་རྣམས་ཀྱི་སྡུག་བསྔལ་འདི། ཉན་ཤེས་ཅན་གྱི་མི། ལྟ་ཤེས་ཅན་གྱི་མིག་གི་མཐོང་བས་མི་ཚད་ཧང་སང་སོང་། རྒྱལ་ཞེན་ཅན་གྱི་དཔའ་རྒོད། གངས་ཅན་བོད་མིའི་སྙིང་སྟོབས། འཛམ་གླིང་ས་སྒང་འདི་ལ་སུས་ཀྱང་འགྲན་ཟླ་མེད་པ། གཞོན་ནུ་དར་མ་འཇམ་དཔལ་ཡེ་ཤེས་གཙོས་པའི་གཞིས་བྱེས་བོད་མི་སྐུ་ལུས་མཆོད་མེར་ཕུལ་བ་པོ་འདས་གསོན་རྣམས་ལ་སྙིང་ཁུང་རུས་རུས་པའི་གཏིང་ནས་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཡང་ནས་ཡང་དུ་ཞུ།།།།།

    Reply
  16. གུང་རུ་འབྱོར་མཆོག says:
    ལོ་ 11 སྔོན།

    བོད་མི་རིགས་ཀྱི་དོན་དུ་སྙིང་སྟོབས་དང་ལྷག་བསམ་ཁུར་བའི་དཔའ་བོ་ཁྱེད་ལ་གུས་འདུད་ཞུ།

    Reply
  17. དཀར་མཚོ་སྐྱིད། says:
    ལོ་ 11 སྔོན།

    དཔའ་བོ་ཁྱེད་ཀྱིས་གཞན་དོན་སེམས་བསྐྱེད་ནས། །
    བོད་ཀྱི་རང་དབང་གཙང་མའི་བདེན་དོན་དུ། །
    སྐུ་ལུས་མེ་རུ་བསྐྱོན་པའི་མཛད་པ་འདི། །
    རྒྱལ་སྲས་རྣམས་ཀྱི་སྤྱོད་པ་བསྐྱངས་པ་ལགས། །

    Reply
  18. རྨ་ཀློང་གངས་ཕྲུག། says:
    ལོ་ 11 སྔོན།

    གང་རིའི་དབའ་རྒོད་ལགས་ངོ་མ་ཐུགས་རྗེ་ཆེ།

    Reply
  19. ནེ་ཤོད་གྲུ་ཁ། says:
    ལོ་ 11 སྔོན།

    མེས་པོའི་རུས་རྐང་མི་དྲུད་པའི་ཕོ་རྒོད་ཅིག རླབས་ཆེ་བའི་མེ་རླབས་འདི་འབར་བཞིན་འབར་བཞིན་ཡང་བསྐྱར་རྒྱལ་ས་ལྡི་ལི་རུ་སླེབས་སོང་།

    Reply
  20. བན་ཆུང་། says:
    ལོ་ 11 སྔོན།

    རྒྱལ་གཅེས་ལྷག་བསམ་ཅན་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྙིང་སྟོབས་ལ་ང་ཚོས་གུས་བཀུར་ཞུ་བཞིན་ཡོད་ལ་ཁྱེད་ཀྱི་བསམ་དོན་ལྟར་ང་ཚོ་བོད་མི་ཚོའི་བསམ་དོན་མྱུར་དུ་འགྲུབ་པའི་རེ་བ་དྲག་པོ་དང་བཅས་ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།

    Reply
  21. དེད་དཔོན། says:
    ལོ་ 11 སྔོན།

    ཁྱེད་ཀྱི་རྩ་ཆེན་གྱི་ཚེ་སྲོག་དེ་མི་རིགས་ཀྱི་དོན་དུ་མེ་ལ་བསྲེགས་པར་ངས།
    གཤེགད་ཟིན་པའི་དཔའ་བོ་ཕོ་མོ་དང་།
    བོད་ནང་དུ་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་
    སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་ཞུ་རྒྱུ་ཡིན།

    ད་ནས་བཟུང་དཔའ་བོ་ཕོ་མོ་རྣམས་ཀྱིས་རྩ་ཆེན་ཚེ་སྲོག་གི་རིན་ཐང་
    ཤེས་པ་བྱས་ཏེ་རྣམ་དཔྱོད་བེད་སྤྱོད་བྱས་པ་ལས་གླད་རྟགས་མི་གནང་བ་
    སྙིང་ནས་འབོད་སྐུལ་ཞུ་ཞུ་མཁྱེན་མཁྱེན།།

    Reply
  22. སྦྲ་གསར་དཀར་ལོ། says:
    ལོ་ 11 སྔོན།

    གངས་ཕྲུག་ལགས་ཁྱེད་ཀྱིས་བློས་གཏོང་གི་བྱ་བར་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།
    ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།

    Reply
  23. ངས་པོ་རྒྱལ་མཚན། says:
    ལོ་ 11 སྔོན།

    གངས་ཕྲུག་ལགས་ཁྱེད་ཀྱིས་བློས་གཏོང་གི་བྱ་བར་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།
    ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ། ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།

    Reply
  24. བསོད་ནམས་རྒྱ་མཚོ། says:
    ལོ་ 11 སྔོན།

    མི་རིགས་ཀྱི་དཔའ་བོའམ་ཕོ་རྒོད་ཁྱེད་རང་ལས་གཞན་གཅེས་ཀྱི་རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པར་ཞུགས་སྟེ་བོད་མི་རིགས་ཀྱིས་སྡུག་བསྔལ་དང་སྡུག་སྦྱོང་མནར་གཅོད་ཇི་ལྟར་མྱོང་བཞིན་ཡོད་པར་འཛམ་གླིང་ཐོག་བདེན་དཔང་དུ་ཐོན་པར་བདག་གིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུའོ། ། ཁྱེད་ཀྱི་གཟུགས་གཞི་སྔར་བཞིན་གསལ་ཐང་ཡོང་བའི་སྨོན་ཚིག་དང་བཅས་སོ། 

    Reply
  25. གཡུ་སྒང་འཇིགས་མེད says:
    ལོ་ 11 སྔོན།

    ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྙིང་རྗེ་ཡིས།།
    བདག་ཅག་གངས་ཅན་པ་རྣམས་ཐུགས་རྗེས་གཟིགས།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱལ་མཚོ་ཉིད།།
    མྱུར་དུ་བོད་ལ་ཕེབས་པའི་གདོང་གྲོགས་མཛོད།།

    རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིས།།
    བླ་མའི་མིང་སོགས་མ་འཁྱེར་ཡང་།།
    དུས་དང་སྐབས་སོགས་རབ་བསྟུན་ནས།།
    བསྟན་འགྲོའི་འགྲོ་དོན་མཛད་ལ་ལྟོས།།

    Reply
  26. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    ༧གོང་ས་མཆོག་གིས་རང་བསྲེགས་ཐད་དགོངས་ཚུལ་ག་རེ་ཡིན་མིན་གསུངས་སོང་། ད་བཀུར་འོས་བཀའ་ཤག་གིས་མྱུར་དུ་དགོངས་བཞེད་ཀྱིས་རང་སྲེག་ཐད་ལངས་ཕྱོགས་ཤིག་མ་བཏོན་ཚེ། འདི་ག་བར་འགྲོ་མིན་ཤེས་ཚོད་དཀའ་བ་འདུག

    Reply
  27. བསོད་ནམས་རྒྱ་མཚོ། says:
    ལོ་ 11 སྔོན།

    མི་རིགས་ཀྱི་དཔའ་བོའམ་ཕོ་རྒོད་ཁྱེད་རང་ལས་གཞན་གཅེས་ཀྱི་རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པར་ཞུགས་སྟེ་བོད་མི་རིགས་ཀྱིས་སྡུག་བསྔལ་དང་སྡུག་སྦྱོང་མནར་གཅོད་ཇི་ལྟར་མྱོང་བཞིན་ཡོད་པར་འཛམ་གླིང་ཐོག་བདེན་དཔང་དུ་ཐོན་པར་བདག་གིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུའོ། ། ཁྱེད་ཀྱི་གཟུགས་གཞི་སྔར་བཞིན་གསལ་ཐང་ཡོང་བའི་སྨོན་ཚིག་དང་བཅས་སོ། 

    Reply
  28. རྟ་མགྲིན། says:
    ལོ་ 11 སྔོན།

    དངོས་ནས་དཔའ་རྒོད་རེད། ཁྱེད་མི་འཆི་བའི་སྨོན་ལམ། གནས་ཚུལ་འདི་གསར་ལམ་ཁག་ཏུ་ཁྱབ་པར་འབད་རོགས་།

    Reply
  29. ཤར་མདའ། says:
    ལོ་ 11 སྔོན།

    རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་དཔའ་འཛངས་སྙིང་སྟོབས་ཀྱི་བོད་རིགས་ཀྱི་བདེན་དོན་འཛམ་གླིང་མི་མང་ལ་བསྟོན་བཞིན་པ་འདི་ནི་སེམས་སྟངས་ནས་གུས་འདུད་དང་ཡི་རངས་དང་རྒྱབ་སྐྱོར་ཡོད་ཁོང་མྱུར་ཏུ་སྐྱོབ་ཐུབ་པའི་སྨོན་འདུན་ཞུ།

    Reply
  30. དཀར་མཛེས་བསོད་བུ། says:
    ལོ་ 11 སྔོན།

    ཁྱེད་ཀྱི་རྩ་ཆེན་གྱི་སྲོག་དབང་དེ་མི་རིགས་ཀྱི་དོན་དུ་མེ་ལ་བསྲེགས་པ་ངས་བོད་ནང་དུ་བོད་མི་ཡོངས་ཀྱི་ཚབ་བྱེད་དེ་སྙིང་ཁོག་རིག་པའི་གཏིང་ནས་གུས་འདུད་ཞུ་རྒྱུ་ཡིན།

    Reply
  31. བྱ་གཞུང་འཇམ་བྷེ says:
    ལོ་ 11 སྔོན།

    མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།།
    སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་།།
    ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།
    འབྲས་བཟང་རྟག་ཏུ་མྱུར་ཏུ་འཆར་བར་ཤོག །

    ཚང་མས་བསྟོད་བསྔགས་དང་ཡི་རང་གི་ཚིག་ཙམ་ཞུས་ནས་མི་འཇོག་པར་སེམས་གཏིང་ནས་ཁོང་ལ་བསྔོ་བ་སྨོན་ལམ་དང་ལྷ་བླ་མ་ཡི་དམ་ལ་སྐྱབས་འཇུག་འདེབས་རྒྱུ་གལ་ཆེ་རེད་བསམ།

    Reply
  32. དཀར་མཛེས་བསོད་བུ། says:
    ལོ་ 11 སྔོན།

    ཁྱེད་ཀྱི་རྩ་ཆེན་གྱི་སྲོག་དབང་དེ་མི་རིགས་ཀྱི་དོན་དུ་མེ་ལ་བསྲེགས་པ་ངས་བོད་ནང་དུ་བོད་མི་ཡོངས་ཀྱི་ཚབ་བྱེད་དེ་སྙིང་ཁོག་རིག་པའི་གཏིང་ནས་གུས་འདུད་ཞུ་རྒྱུ་ཡིན།

    Reply
  33. ཨ་གཙང་གནས་རྒྱམ། says:
    ལོ་ 11 སྔོན།

    ཨ་ཨ་ངོ་མ་རྒྱལ་གཅེས་དཔའ་པོ་འདིའི་སྙིང་སྟབས་དང་ཆོད་སེམས་ལ་བསྔགས་ཧ་ཅང་བྱེད། ད་རྒྱ་དཀར་ནག་གཉིས་ཀྱི་མིག་ཚུམས་ལ་གྲོས་མོལ་བྱོས། ད་ཡིན་ན་ཧྥོས་རྒན་པ་འདི་འདྲའི་བསུ་མ་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་ལ་གྲོས་མོལ་དུ་སླེབས་པའི་སེམས་པ་མཚོན་བྱེད་ཡིན།

    Reply
  34. ཤིང་ལོ། says:
    ལོ་ 11 སྔོན།

    མགོན་གང་ན་བཞུགས་ན་མགོན་མཛོད་ཅིག།
    སྐྱབས་གང་ན་མཆིས་ན་སྐྱབས་མཛོད་ཅིག།
    མེ་དམར་པོ་མཐོང་ན་སྔངས་སྐྲག་སྐྱེ།།
    དགྲ་ནག་པོ་བསམ་ན་ཞེ་སྡང་སྐྱེ།།
    མིག་མཆི་མས་བཤད་པའི་སྡུག་བསྔལ་དང་།།
    སེམས་རེ་བའི་དྲངས་པའི་སྐྱོ་བ་གཉིས།།
    དུས་ལྷན་དུ་འཛོམས་པའི་ལག་པ་ཟུང་།།
    དཔའ་དངོས་གནས་ཡོད་པའི་བུ་ལ་དད།།

    Reply
  35. sangkye says:
    ལོ་ 11 སྔོན།

    ཨ་ཁ་ཁ་་་་དེ་རིང་ཏ་དངོས་ནས་རྒྱལ་ས་རྡི་ལས་ནས་དཔའ་བོ་འཇམ་དཔལ་ཡི་ཤེས་གི་རང་ལུས་མེ་སྲེགས་ཡ་མཚན་བཏང་འདུག། སྔོན་ཆད་ཅིག་ལ་ཡང་རྒྱལ་ས་རྡི་ལས་ནས་ཞབས་ལྷམ་ཞིག་གི་མེ་སྲེགས་བཏང་བ་ཙམ་མ་ཡིན་པར་དངོས་ནས་ཡ་མཚན་རེད་ཡ། དཔའ་བོ་འཇམ་དཔལ་ཡི་ཤེས་ལ་སྔགས་བརྗོད་དང་ཁྱེད་གྱི་ལུས་གཟུགས་ལ་ན་ཟུག་མི་འབྱུངས་བའི་སྨོན་འདུན་དང་མྱུར་ཏུ་ནད་མེད་གཞི་གྲགས་ཡོངས་བའི་སྨོན་ལམ། ཨ་མདོའི་ཕོ་སར་ཚོ་དེ་འདྲ་རེད། གཞི་ཆགས་ཚོ་ཁུ་སིམ་པོ་བཞུགས་རོགས་གནང་།

    Reply
  36. གྲྭ་རྒོད says:
    ལོ་ 11 སྔོན།

    དཔའ་པོ་སེམ་བདེ་མོ་བཞུགས།

    Reply
  37. tenchoedak says:
    ལོ་ 11 སྔོན།

    ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།ཨོྃ་ཎི་པདྨ་མེ་ཧཱུྃ།
    འུ་ཅག་བོད་མིའི་ཚོས་ལས་དབང་དེ་ཅི་འདྲ་ཡིད་སྐྱོ་དགོས་པ་ཞིག་རེད་དམ།
    བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བ་སྨོན།

    Reply
  38. ཤེས་རབ says:
    ལོ་ 11 སྔོན།

    ཨ་ཁ་ཁ་ བོད་མའི་ལས་དབང་ད་གང་དྲག ཁྱེད་རྣམས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཟེར་ན་ཁ་ཡག་ངོ་དགའ་ཙམ་ལས་མ་འཆིས་མོད། སེམས་ནང་གི་ན་ཟུག་ནི་འགོག་མི་ཐུབ་པ་ཞིག་ལོས་ཡིན།

    Reply
  39. ཨ says:
    ལོ་ 11 སྔོན།

    ཨ་དཀོན་མཆོག་གིས་མཁྱེན་ཅིག།

    Reply
  40. གཟུ་གནས་བློ་ལྡན། says:
    ལོ་ 11 སྔོན།

    ཁམས་པ་ཅན་ནས་སྔ་དྲག་མདོག་མདོག སྔ་དང་ཕྱིས་ཀྱི་སྐད་ཆ་བཤད་ཕོད་པ་རྒྱ་འདྲེའི་དྲི་མ་ཞིག་འགོས་མེད་དམ།

    Reply
  41. གཉའ་འབྲོང་ཐུ་བུ། says:
    ལོ་ 11 སྔོན།

    ཨ་ཨ་་་་་ད་ལོ་གནས་ཚུལ་་་་་པར་རིས་དག་ལ་ལྟ་མི་ཐུབ་ཀི ་གསར་འགྱུར་ཁག་ལ་ཉན་མི་ནུས་ཀི་་་་་་བླ་མ་མཁྱེན་་་་༸གོང་ས་རྒྱལ་བ་རིན་པོ་ཆེ་མཁྱེན། བོད་ཀྱི་ལས་དབང་འདི་་་་་

    Reply
  42. norlhatso says:
    ལོ་ 11 སྔོན།

    དཀོན་མཆོག་མཁྱེན། རྨད་བྱུང་རྒྱལ་སྲས་ཀྱི་སྤྱོད་པ་བདག་གིར་བཞེས་པའི་དཔའ་བོ་འདི་རྣམས་ཀྱིས་བོད་བསྟན་སྲིད་ལ་ཕུལ་བའི་བློས་གཏོང་གིས་འཛམ་གླིང་ལ་གཡོ་འགུལ་ཐེབས་ཏེ་རྒྱལ་སྤྱིའི་མི་མང་གིས་བདེན་པར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་སྙིང་ནས་ཞུ།

    Reply
  43. གཟུ་གནས་བློ་ལྡན། says:
    ལོ་ 11 སྔོན།

    བདེན་པའི་མེ་ལྕེ་དྲག་ཏུ་འབར་བ་འདིས། །དམར་པོའི་སྲིད་གཞུང་ཡོངས་སུ་ཚིག་པར་ཤོག །བདུད་ཀྱི་རིགས་གྱུར་ཧུའུ་ཅི་ཐ་ལ་སོགས། །མཁྲེགས་འཛིན་དཔོན་ངན་ཡོངས་སུ་སྲེག་པར་ཤོག །

    Reply
  44. ཁམས་པ། says:
    ལོ་ 11 སྔོན།

    དཔའ་རྒོད་ཁྱོད་ནམ་ཡང་བདེ་བར་སྨོན། ཅུང་ཟད་སྔ་སོང་བ་ཨེ་ཡིན། ཧུའུ་གཅིན་འཐུང་ལྡི་ལི་ལ་མྱུར་བར་ཡོང་གི་ཡོད་དུས་ཁོའི་འཚོ་བ་ལ་བརྡབ་གསིག་གཏོང་ཐུབ་པ་ཞིག་བྱེད་དགོས་ན་སྐབས་དེ་དུས་དགོས་གལ་ཆེ་བ་ཨེ་ཡིན། ཁྱོད་སྨན་གྱི་བླ་མས་སྐྱོབ།

    Reply
  45. གྱད་ལྷ་དགའ། says:
    ལོ་ 11 སྔོན།

    སེམས་གཏིང་ནས་གུས་འདུད་ཞུ། རྒྱལ་གཅེས་དཔའ་བོ་མཆོག་གི་རླབས་ཆེ་བའི་དགོངས་གཞི་དེ་མྱུར་འགྲུབ་ཡོང་བ་དང་། རྒྱལ་གཅེས་པ་མཆོག་སྐུ་ཚེའི་འཕེན་པ་རིང་ནས་རིང་ནུར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

    Reply
  46. གཟུ་གནས་བློ་ལྡན། says:
    ལོ་ 11 སྔོན།

    པད་མོ་དཀར་པོ་ཕྱག་ཏུ་བསྣམས་པ་ཡིས། །དམན་པའི་འགྲོ་ལ་ལྷག་པར་བརྩེ་བར་སྟོན། །ནོར་བུ་རིན་ཆེན་འབར་བ་བསྣམས་པ་ཡིས། །འགྲོ་དྲུག་ཡང་དག་ལྟ་བས་སྒྲོལ་བར་གསུངས། །ཁྱེད་ཀྱི་གདུལ་བྱ་གངས་ཅན་བོད་ཡིན་ཞེས། །སྟོན་པ་མཆོག་གི་ཞལ་ནས་དངོས་སུ་གསུངས། །ད་ནི་བོད་འབངས་འཇིགས་ལ་ཉེ་བས་ན། །འཕགས་མཆོག་ཁྱེད་ཀྱི་ཐུགས་རྗེ་མ་ཆུང་ཞུ། །
    དུས་རབས་ཕྱེད་ལྷག་བཙན་གནོན་དྲག་པོ་ཡིས། །གངས་ཅན་བོད་མིའི་སྙིང་ཡང་དུམ་བུར་གས། །ད་དུང་ཆད་མེད་སྡུག་གིས་མནར་བ་འདིར། །ཀྱེ་ཀྱེ་འཕགས་པའི་སྤྱན་གྱིས་མི་གཟིགས་སམ། །

    Reply
  47. སངྒེ ། says:
    ལོ་ 11 སྔོན།

    བདེན་པའི་མེ་ལྕེ། སྙིང་སྟོབས་ཀྱི་མེ་ལྕེ། ཞི་བདེའི་མེ་ལྕེ། སྨད་ཨ་མདོ་ནས་རྒྱ་གར་རྒྱལ་ས་བར་མཆེད་སོང་། ད་ནི་འཛམ་གླིང་ཧྲིལ་བོ་མེ་ལྕེ་འདི་དག་གིས་ཡོངས་སུ་བསྲེག་ན་འོས་སམ།

    Reply
  48. གཟུ་གནས་བློ་ལྡན། says:
    ལོ་ 11 སྔོན།

    པད་མོ་དཀར་པོ་ཕྱག་ཏུ་བསྣམས་པ་ཡིས། །དམན་ལ་ལྷག་པར་བརྩེ་བའི་རྟགས་སུ་བཞེས། །ནོར་བུ་རིན་ཆེན་འབར་བ་བསྣམས་པ་ཡིས། །འགྲོ་དྲུག་ཡང་དག་ལྟ་བས་སྒྲོལ་བར་གསུངས། །ཁྱེད་ཀྱི་གདུལ་བྱ་གངས་ཅན་བོད་ཡིན་ཞེས། །སྟོན་པ་མཆོག་གི་ཞལ་ནས་དངོས་སུ་གསུངས། །ད་ནི་བོད་འབངས་འཇིགས་ལ་ཉེ་བས་ན། །འཕགས་མཆོག་ཁྱེད་ཀྱི་ཐུགས་རྗེ་མ་ཆུང་ཞུ། །
    དུས་རབས་ཕྱེད་ལྷག་བཙན་གནོན་དྲག་པོ་ཡིས། །གངས་ཅན་བོད་མིའི་སྙིང་ཡང་དུམ་བུར་གས། །ད་དུང་ཆད་མེད་སྡུག་གིས་མནར་བ་འདིར། །ཀྱེ་ཀྱེ་འཕགས་པའི་སྤྱན་གྱིས་མི་གཟིགས་སམ། །

    Reply
  49. འབྲི་གུང་སྤྲོ་ཚེ། says:
    ལོ་ 11 སྔོན།

    བུ་སྐྱེས་པ་དོན་དགོས་ཆོད་འདུག རྒྱལ་གཅེས་ལྷག་བསམ་ལྡན་པའི་མི་བུ་དེ་དག་ལ་སེམས་གཏིང་ནས་བསྔགས་བརྗོད་ཡོད། མེ་ལྕེ་བོད་ནས་རྒྱ་བལ་དང་དེ་ནས་ཕྱི་རྒྱལ་བོད་མི་གནས་སྡོད་གང་སར་མཆེད་ཐུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist