མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་ཛ་དྲག་གནས་སྟངས་ཀྱི་འགན་ཆ་ཚང་རྒྱ་གཞུང་དཔོན་རིགས་ཚོར་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས་སྤེལ་པའི་ “ཏཱ་ལའི་བླ་མར་དྲི་བ་བདུན”ཞེས་པ་དེར། དེ་རིང་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་རྒྱུ་མཚན་དོན་ཚན་ ༧ དྲངས་ཏེ་ལན་འདེབས་གསལ་བཤད་གནང་སོང་།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་གསར་འགྱུར་དྲ་བ་ཞེས་པའི་སྟེང་། ཁ་བྱང་ལ་ “ཏཱ་ལའི་བླ་མར་དྲི་བ་བདུན ” ཟེར་བའི་འཁྱོག་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་ཡོད་པར་མ་ཟད། རྩོམ་ཡིག་དེ་ཞིན་ཧྭ་དྲ་བ་དང་མི་དམངས་དྲ་བ་སོགས་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ཁག་ཏུ་ཡོངས་ཁྱབ་འདྲེན་བཀོད་བྱས་ཏེ། ད་ལྟའི་རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་དང་རུལ་སུངས་གནད་དོན་ཐད་རྒྱ་ནག་མི་མང་གིས་དོ་སྣང་ཆེན་པོ་སླེབས་བཞིན་པ་དེའི་ཁ་ཕྱོགས་བསྒྱུར་ཐབས་དང་། དེ་བཞིན། རྒྱ་ནག་མི་མང་རྣམས་ཀྱིས་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཐོག་འཁོན་སེམས་དང་ལྟ་སྟངས་ངན་པ་ཡོང་ཐབས་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་པར་བརྟེན།  ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་བོད་ཀྱི་དྲྭ་བརྙན་བརྒྱུད་རྒྱ་གཞུང་གི་འཁྱོག་བརྗོད་བྱ་སྤྱོད་དེར་སྐྱོན་བརྗོད་དང་། བོད་ནང་རང་ལུས་མེར་བསྲེགས་བསྟུད་མར་འཐོན་བཞིན་པའི་འགན་འཁུར་མཐའ་དག་རྒྱ་གཞུང་ལ་ཡོད་པའི་རྒྱུ་མཚན་དོན་ཚད་བདུན་གསལ་འདོན་གནང་ཡོད་པ་རེད།

རྒྱ་གཞུང་གི་འཁྱོག་བརྗོད་རྩོམ་ཡིག་དེའི་ནང་། དྲི་གཞི་ ༧ བཀོད་དེ་༸གོང་ས་མཆོག་ནི་བོད་ནང་གི་རང་ལུས་མེར་བསྲེགས་ལ་སྐུལ་སློང་དང་། བོད་ཀྱི་རིག་གཞུང་རྩ་གཏོར།  ལོ་རྒྱུས་ཐོག་གི་བོད་རྒྱའི་འབྲེལ་བར་འཁྱོག་བརྗོད། མི་རིགས་བར་འགལ་ཟླ་བཟོ་མཁན་བཅས་ཡིན་སྐོར་དང་། ༸གོང་ས་མཆོག་གིས་བོད་མིའི་མགྲིན་ཚབ་པ་བྱེད་མི་ཐུབ་པ་དང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་རྣམས་ལ་བསྔོ་སྨོན་གསོལ་འདེབས་གསུངས་པ་རྣམས་ནི་ཆབ་སྲིད་དྲིལ་སྒྲོག་ཡིན་པ།  དེ་བཞིན། དྲ་རྒྱ་སྤྱོད་མཁན་མང་པོས་༸གོང་ས་མཆོག་ལ་སྐྱོན་བརྗོད་དང་། དེ་སྔའི་བོད་ནི་འཛམ་གླིང་སྟེང་ཆེས་མུན་ནག་དང་། རྗེས་ལུས། གཏུམ་སྤྱོད། ཡ་ང་སྙིང་རྗེ་མེད་པའི་སྤྱི་ཚོགས་ཤིག་ཡིན་སྐོར་བརྗོད་ཀྱིན་ཡོད་ཚུལ་བཀོད་དེ། རྒྱ་ནག་མི་དམངས་ལ་མགོ་སྐོར་བསླུ་འཁྲིད་དང་རྒྱ་རིགས་ཆེན་པོའི་ཆགས་སྡང་སྐུལ་སློང་ཡོང་ཐབས་བྱས་ཡོད་པ་རེད། 

བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་གི་འཁྱོག་བརྗོད་དེར་ལན་འདེབས་སྐབས། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་འགན་འཁུར་ཆ་ཚང་རྒྱ་གཞུང་ལ་ཡོད་པའི་རྒྱུ་མཚན་དོན་ཚན་ ༧ གསལ་འདོན་གནང་སྟེ། གཅིག བོད་དེ་རྒྱའི་བཙན་དབང་འོག་མུ་མཐུད་གནས་བཞིན་པ། གཉིས་པ། ཆབ་སྲིད་ཀྱི་གཉའ་གནོན། གསུམ་པ། ༸གོང་ས་མཆོག་ལ་མཚན་སྨད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་བོད་མིའི་ཐོག་བཙན་ཐབས་ཀྱིས་སྤེལ་བཞིན་པ། བཞི་པ། བོད་མི་ཞི་རྒོལ་བར་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ། ལྔ་པ། དཔལ་འབྱོར་དབྱེ་འབྱེད་དང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ། དྲུག་པ། བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུ་དང་སློབ་ཚན་རྣམས་བོད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པ། བདུན་པ། ཁོར་ཡུག་ལ་གཏོར་བཤིག་བཅས་ཀྱི་རྐྱེན་གྱིས་ཡིན་པ་ཐེར་འདོན་དང་།  རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་ངན་ཁག་དཀྲི་བ་དང་། མ་ཉེས་ཁ་གཡོག་གི་མཚན་སྨད་གཡོ་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བློ་ཕམ་དང༌མཐའ་གཅིག་ཏུ་ངོས་ལེན་མེད་པ་ནན་བརྗོད་གནང་སོང་།

དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས། “ ༸གོང་ས་མཆོག་གིས་རྒྱུན་དུ་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་རྒྱུའི་ཐུགས་བརྩོན་མཛད་བཞིན་ཡོད་པ་མ་ཟད། བཀའ་ཤག་ནས་ཀྱང་བྱ་སྤྱོད་དེ་རིགས་མ་སྤེལ་རོགས་ཞེས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་བསྒྲགས་གཏམ་སོགས། འདི་ལོའི་ཟླ་ ༡ ཚེས་ ༢༦ དང་ཟླ་ ༣ ཚེས་ ༡༠ སོ་སོར་འབོད་སྐུལ་ཡང་ཡང་ཞུས་ཡོད། ཡིན་ནའང་།  བོད་མི་ཚོས་རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་དེར་གདོང་ལེན་ཆེད།  ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༣༠ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་ངོ་རྒོལ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་རེ་འདུན་བཏོན་དང་འདོན་བཞིན་པ་དེར།  རྒྱ་ནག་གཞུང་གིས་ད་བར་ངོས་ལེན་བྱ་རྒྱུའི་ཚབ་ཏུ་བོད་མི་ཞི་རྒོལ་བ་ཚོའི་ཐོག་གདུག་རྩུབ་ཆེན་པོས་དྲག་གནོན་དང་། བོད་ཀྱི་ས་ཁུལ་ཁག་ཏུ་སྔར་ལས་ལྷག་པར་དྲག་ཆས་དམག་མི་དང་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདིའི་འགན་ཆ་ཚང་རྒྱ་གཞུང་དཔོན་རིགས་ཚོར་ཡོད་པ་ཙམ་མ་ཟད། བོད་མིའི་དཀའ་ངལ་དེ་དག་སེལ་རྒྱུའི་འགན་ཡོངས་རྫོགས་རྒྱ་གཞུང་དཔོན་རིགས་ཚོར་ཡོད།” ཅེས་བརྗོད་དེ། ༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་བོད་མི་རིགས་དབར་འཆམ་མཐུན་བསྐྲུན་ཐབས་དང་།  འདས་པའི་ལོ་ ༥༠ ་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུར་ཐུགས་བརྩོན་ལྷོད་མེད་གནང་སྟེ། སྔ་ལོའི་ཕྱི་ཟླ་ ༣ པའི་ནང་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་དེ་སྤྱི་འཐུས་ ༤༤ ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་། བོད་མི་གཞོན་སྐྱེས་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་ལ་ཡོངས་སུ་རྫོགས་པ་རྩིས་སྤྲོད་མཛད་པ་གསལ་བརྗོད་གནང་ཡོད་པ་རེད།

རྒྱ་གཞུང་གི་འཁྱོག་བརྗོད་རྩོམ་ཡིག་དེའི་ནང་ཤེས་རྨོངས་དང་ཀུན་སྤྱོད་དམན་པའི་ཚིག་བརྗོད་སྣ་ཚོགས་སྤྱད་དེ། ༸གོང་ས་མཆོག་ལ་ཉེས་མེད་སྙོན་འཛུགས་དང་ཁ་རྡུང་བཏང་ཡོད་པར་མ་ཟད། རྩོམ་ཡིག་དེའི་མཇུག་སྡོམ་དུ་རྟོག་འཆར་རང་བཞིན་གྱི་ཚིག་དུམ་འགའ་སྤེལ་ཏེ། “ངས་ག་དུས་བོད་ལ་རང་བཙན་འཐོབ་མིན་དང་རྒྱལ་ཁབ་རེ་འགས་གང་བྱུང་གླེང་རྙོག་སློང་དགོས་དོན་དྲིས་པར། ལྷའི་དབང་པོས་སའི་གོ་ལ་འདི་མ་འཇིག་པར་བོད་ལ་རང་བཙན་འཐོབ་པའི་རེ་བ་མེད། རྒྱལ་ཁབ་དེ་དག་ནི་ཤེས་རྨོངས་དང་སྙིང་པོ་དབེན་པ། མི་སེམས་བྲལ་བས་རེད་ཟེར། ངས་བསྐྱར་དུ་ལྷའི་དབང་པོས་དེ་དག་ལ་དོ་དམ་བྱ་དགོས་པར་སྐུལ་སྐབས། ལྷ་དབང་གིས་ཁོ་བོས་མིའི་ལས་དོན་མ་གཏོགས་དུད་འགྲོའི་ལས་དོན་ལ་སྣང་འཇོག་བྱེད་ཀྱིན་མེད། དུས་རྒྱུན་མཚོ་འགྲམ་དུ་ལངས་ཏེ་ལུས་པོ་ཡོངས་སུ་གཤེར་ཟིན་ནའང་། ད་དུང་སྦམ་རྫི་སྟོན་བཞིན་པའི་ཨ་རའི་མི་སེར་ཡིན་པ ‘རང་དབང་བསླུ་བྲིད་མ’ དེར་བཤད་དུ་སོང་ཞེས་བརྗོད་སོང་སྟབས། ངའི་བསམ་པར་དེ་ལྟ་བུ་ཞིག་གིས་ཅི་ཡང་མི་ནུས་པ་ཚོར་སོང་།” ཞེས་ཐབས་ཟད་འུ་ཐུག་གི་ན་ཟུག་ཕྱི་རུ་ཕུད་དེ། མི་རབས་རིམ་བརྒྱུད་ཀྱིས་རྣོ་ངར་ཆེ་རུ་འགྲོ་བཞིན་པའི་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དང་། ཨ་རིའི་རང་དབང་དམངས་གཙོའི་སྤྱི་ཚོགས་རིན་ཐང་ལྟ་བར་དམའ་འབེབས་དང་ཟུར་ཟ་བྱས་ཡོད་པ་རེད།

རྒྱ་གཞུང་གི་འཁྱོག་བརྗོད་དེའི་ཐད་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ཟླ་ ༡༠ པའི་ནང་༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག གྲོས་མོལ་གྱི་ལམ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཆེད་བསམ་འཆར་ཡིག་ཆ་རྒྱ་གཞུང་སྐུ་ཚབ་ཚོར་སྩལ་ཡོད་ལ། བསམ་འཆར་ཡིག་ཆ་དེའི་ནང་བོད་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་རྒྱ་ནག་གི་ཆ་ཤས་སུ་གནས་རྒྱུ་དང་། སྲིད་བྱུས་དེར་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད་བཞིན་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ལྟ་གྲུབ་དེ་གཞི་རྩར་འཛིན་པའི་ཐོག་ནས་རྒྱ་མི་རིགས་དང་འབྲེལ་བ་བྱེད་བཞིན་ཡོད་པ་དང་། འདས་པའི་ལོ་ཤས་ནང་བོད་མིའི་ཕྱོགས་ནས་རྒྱ་ནག་དབུས་གཞུང་དང་འབྲེལ་མོལ་བྱ་རྒྱུའི་འབད་བརྩོན་ཡང་ཡང་བྱས་ཀྱང་། པེ་ཅིང་གཞུང་གིས་ཡ་ལན་མ་བྱས་པའི་རྐྱེན་གྱིས་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་འགག་ཡོད་པ་གསལ་བཤད་དང་སྦྲགས། “བོད་མི་སྤྱི་དང་ལྷག་པར་འཛམ་གླིང་ཡོངས་ཀྱིས་༸གོང་ས་མཆོག་ཞི་བདེའི་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། བོད་ཀྱི་སྐྱབས་མགོན་༸གོང་ས་མཆོག་ནི་བོད་ནང་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་མཁན་ཞིག་ཡིན་པ་ལས་དཀའ་ངལ་བཟོ་མཁན་ཞིག་མིན། གནད་དོན་དེ་པེ་ཅིང་གཞུང་གིས་ནམ་ཞིག་རྟོགས་ཐུབ་ཚེ། རྒྱ་བོད་མི་རིགས་གཉིས་ཀའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་འཚོལ་ཐུབ་པ་ཡོང་ངེས་ཡིན།” ཞེས་ལན་འདེབས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༠༢ ནས་མགོ་བཙུགས་ཏེ་རིམ་པར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་གནང་ཡོད་པ་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་ཡིག་ཆ་ཞིག་ཀྱང་ཕུལ་ཡོད་མོད། རྒྱ་གཞུང་གིས་ངོས་ལེན་མ་བྱས་པར་བརྟེན་ད་ལྟའི་ཆར་བོད་རྒྱའི་འབྲེལ་མོལ་མཚམས་ཆད་དགོས་བྱུང་ཡོད།

 
གསར་འགོད་པ། ཚེ་རིང་རྒྱལ།

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ༡༨༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༧ གི་ཆུ་ཚོད་ ༦ སྐར་མ་ ༡༧

    རང་སྲེག་བསྟུན་མར་བྱུང་བའི་འགན་རྒྱ་གཞུང་ལ་ཡོད་པའི་རྒྱུ་མཚན་བདུན་ནི།

    ༡༽ བོད་དེ་རྒྱའི་བཙན་དབང་གིས་བོད་མི་ས་ཡ་གཉིས་དང་ཚེག་གཉིས་སྲོག་སྐྱོན་བཏང་བ།
    ༢༽ རྒྱ་རིགས་མའོ་ཙེ་ཏུང་ཀླ་ཀློས ཆབ་སྲིད་ཀྱི་གཉའ་གནོན་དུས་ད་ལྟ་ཡང་བྱེད་བཞིན་པ།
    ༣༽ ༧གོང་ས་མཆོག་ལ་མཚན་སྨད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་བོད་མིའི་ཐོག་བཙན་ཐབས་ཀྱིས་སྤེལ་བཞིན་པ།
    ༤༽ ཆ་བ་སྲིད་བཙོན་པར་དུག་རྩུབ་དང་། བོད་མི་ཞི་རྒོལ་བར་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ།
    ༥༽ དཔལ་འབྱོར་དབྱེ་འབྱེད་དང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་གཡོ་བྱུས་ཀྱིས་བསྒྱུར་བཞིན་པ།
    ༦༽ བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུ་དང་སློབ་ཚན་རྣམས་བོད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པར་རྒྱ་ཡིག་ལྐུགས་པའི་ཡི་གེ་དེ་བོད་མིར་བཙན་ཤུགས་ཀྱིས་སློབ་འཁྲིད་བྱེད་བཞིན་པ་དང་བདུནོ། །
    ༧། ཁོར་ཡུག་ལ་གཏོར་བཤིག་དང་། མི་རབས་རྗེས་མའི་འཚོ་སྡོད་ལ་མི་སེམས་པར་གཏེར་ཁ་རྔོག་གདོན་བྱས་ཚད་མི་མང་ལ་ཕན་པ་ཆུང་ལ་གནོད་པ་ཆེ་བ་དང་། ད་དུང་རྒྱ་གཞུང་མ་རབས་ཀྱི་གཞུང་ས་བརྟན་ལཁོ་ནར་འགྲོ་སོང་གཏོང་བཞིན་བཅས་རེད།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    དྲུང་ཆེ་མཆོག་གི་ལན་འདེབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།

    Reply
  3. ཤིང་ལོ། says:
    ལོ་ 11 སྔོན།

    དྲུང་ཆེ་ལགས་ཀྱིས་ཧ་ཅང་གནད་དུ་ཁེལ་བ་གསུངས་འདུག

    བདེན་ང་ཚོར་ཡོད་ཅིང་ལྕེ་ཡང་ཡོད།།
    དཔའ་སྙིང་ང་ཚོར་ཡོད་ཅིང་ཐབས་ཀྱང་ཡོད།།
    དགག་ལན་འདེབ་ན་འདེབ་པའི་དབང་ཡང་ཡོད།།
    གོ་སྐབས་མ་གཏོང་རྒྱུན་གྱིས་གསུངས་གླེང་གནོངས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist