མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་བློ་བསྐྱར་དུ་གཏོང་རྒྱུའི་དུས་ཚོད་ལ་སླེབས་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཞོ་སྟོན་ཐེངས་བཅུ་བདུན་པ་དེ་བཞུགས་སྒར་ཟློས་གར་ཐང་ཆེན་དུ་ཚོགས་ཏེ། ཁ་སང་མཇུག་བསྡོམས་མཛད་སྒོའི་ཐོག་རྒྱལ་བ་ཀརྨ་པ་མཆོག་གིས་བོད་ཀྱི་ཛ་དྲག་གི་གནས་སྟངས་ཐོག་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་འབད་བརྩོན་བྱ་རྒྱུ་དང་། བོད་པའི་སྲོལ་རྒྱུན་ལྷ་མོའི་ཟློས་གར་དེ་དེང་རབས་ཀྱི་སྡིངས་ཆའི་ཐོག་འགྲོ་ཐུབ་ཆེད་གསར་གཏོད་ཐོག་བསམ་བློ་གཏོང་དགོས་སྐོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ངྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་བཙན་བྱོལ་བོད་མིའི་ས་གནས་ཁག་ ༦ གི་ཟློས་གར་ཚོགས་པ་ལྷན་འཛོམས་ཐོག  བོད་ཀྱི་ཞོ་སྟོན་ཐེངས་ ༡༧ པ་ཚོགས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་མཐའ་མའི་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་འདྲེན་ཞུས་ཤིང་། གཞན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་དང་ལྷན་ཁང་ཁག་གི་དྲུང་ཆེ། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་དང་སེར་སྐྱ་མི་མང་བཅས་མི་ ༢༠༠༠ བརྒལ་བ་འདུ་འཛོམས་བྱུང་འདུག

ཁ་སང་ཉིན་མཐའ་མའི་སྔ་དྲོ་བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་གཞུང་ ༼སྣང་ས་འོད་འབུམ༽ འཁྲབ་སྟོན་གནང་གྲུབ་རྗེས། རྒྱལ་བ་ཀརྨ་པ་མཆོག་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོ་བ་རྣམས་ལ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་གྱི་ཐད་ལ་རླབས་ཆེན་གྱི་བྱས་རྗེས་བཞག་པར་བསྔགས་བརྗོད་དང་འབྲེལ། བོད་ནང་གཞོན་སྐྱེས་མང་པོ་ཞིག་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པའི་ཛ་དྲག་གི་སྐབས་འདིར། རང་དབང་ལུང་པའི་བོད་མི་ཚོས་བསྐྱར་དུ་བསམ་བློ་གཏོང་རྒྱུ་དང་སེམས་འཁུར་སྐྱེད་དགོས་པའི་དུས་ལ་བསླེབས་ཡོད་ཚུལ་དང་། མ་འོངས་པར་མི་རབས་རིམ་བརྒྱུད་ཀྱིས་བོད་སྤྱི་བའི་ལས་དོན་ཐོག་སེམས་ཁུར་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་མཚམས་མ་ཆད་པར་སྤེལ་དགོས་པའི་སྐོར་སོགས་བཀའ་སློབ་གནང་སོང་།

སྐབས་དེར་རྒྱལ་བ་ཀརྨ་པ་མཆོག་གི་བོད་ཀྱི་ཛ་དྲག་གནས་སྟངས་ཐད་གསུང་གནང་དོན། “ ད་ལྟའི་དུས་འདིར་བོད་ཀྱི་གནས་སྟངས་དེ་ཧ་ཅང་ཛ་དྲག་གི་སྐབས་ཤིག་ཆགས་ཡོད་པ་རེད། ང་ཚོའི་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་གཅེས་པའི་སྲོག་དང་རྩ་ཆེའི་སྐུ་གཟུགས་བློས་གཏོང་བྱས་ཏེ། བོད་མི་རིགས་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ལས་འགུལ་མེ་འབར་བཞིན་པའི་སྐབས་ཤིག་ཆགས་ཡོད་སྟབས། འདི་འདྲའི་སྐབས་སུ་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་པ་མི་རེ་ངོ་རེས་ཀྱང་། དུས་ཚོད་འདིར་བསམ་བློ་ཡང་བསྐྱར་གཏོང་དགོས་པ་ཞིག་དང་སེམས་ཤུགས་སྐྱེད་དགོས་པའི་དུས་ཚོད་ཅིག་བསླེབས་ཡོད་པ་རེད་བསམ་གྱི་ཡོད། ང་རང་གི་ངོས་ནས་བོད་ཀྱི་ཤི་གསོན་གྱི་དཀའ་ངལ་སེལ་ཐབས་ལ་སྐད་འབོད་ཙམ་དང་། ཉིན་ཤས་རིང་ངོ་རྒོལ་བྱས་པ་ཙམ་གྱིས་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད་དྲན་གྱི་མེད། ང་ཚོ་བོད་པ་མི་རེ་ངོ་རེས་མུ་མཐུད་བོད་སྤྱི་བའི་གནད་དོན་ལ་སེམས་ཁུར་བྱ་རྒྱུ་དང་། བོད་ཀྱི་ཆོས་དང་རིག་སྲུང་སྐྱོབ་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད” ཅེས་གསུངས་བྱུང་།

ཡང་རྒྱལ་བ་ཀརྨ་པ་མཆོག་གིས་མ་འོངས་པར་ཟློས་གར་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་དགོས་པའི་སྐོར་ལ་གསུངས་དོན“ ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་གི་མ་རྩ་སྐད་ཡིག་ལ་ཐུག་ཡོད་ལ། སྐད་ཡིག་སྲུང་སྐྱོབ་དེ་གལ་ཆེ་ཤོས་ཆགས་ཡོད། དེ་མེད་པ་ཡིན་ན་ཆོས་དང་རིག་གཞུང་སྲུང་སྐྱོབ་ཅེས་པ་དེ་ཡོང་རྒྱུ་མེད་པའི་སྐད་ཆ་ཞིག་ཡིན། སྐད་ཡིག་སྲུང་བྱེད་པ་ལ་ཕན་ཐོགས་ཆེ་ཤོས་ཟློས་གར་དང་སྒྱུ་རྩལ་དར་སྤེལ་བྱ་རྒྱུ་དང་། དེས་སོ་སོའི་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་ནུས་པ་ཆེན་པོ་འཐོན་ཐུབ་ཀྱི་ཡོད་པ་མཁས་པ་ཚོས་འདོད་ཀྱི་ཡོད་པ་རེད། སོ་སོའི་མི་རིགས་ཀྱི་ཆོས་ལུགས་སྲུང་སྐྱོབ་བྱེད་མཁན་ཚོས་ཀྱང་། ཆོས་ལུགས་བརྒྱུད་དེ་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པའི་སྐོར་གསུང་གི་ཡོད་སྟབས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་བར་བོད་ཀྱི་ཟློས་གར་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ཡང་གནའ་སྔ་མོ་ནས་བརྒྱུད་བསྡད་པའི་སྲོལ་རྒྱུན་གྱི་ཟློས་གར་ཁོ་ན་མ་ཡིན་པར། དེང་དུས་ཀྱི་འཛམ་གླིང་སྡིངས་ཆའི་ཐོག་འགྲོ་ཐུབ་པར་མིག་དཔེ་ལྟ་ས་དང་སྣོན་འཕྲི་བྱ་རྒྱུ་ག་རེ་ཡོད་མེད་བཅས་ཀྱི་ཐོག་ཐུགས་འཁུར་བཞེས་ཏེ། གསར་གཏོད་དང་ཡར་རྒྱས་ཀྱི་རྣམ་པའི་ཐོག་བསྐྱོད་རྒྱུ་གལ་ཆེན་པོ་རེད” ཅེས་གསུངས་བྱུང་།

བཙན་བྱོལ་བོད་མིའི་ཟློས་གར་ཚོགས་པ་ཁག་ལྷན་འཛོམས་ཀྱིས་ཞོ་སྟོན་སྲུང་གཙི་བྱེད་པའི་ལམ་སྲོལ་ཏེ་ ༡༩༩༣ ལོ་ནས་མགོ་འཛུགས་གནང་ཡོད་ཅིང་། ད་ལྟའི་བར་ས་གནས་རེ་མོས་ཀྱིས་ཚོགས་བཞིན་ཡོད་འདུག་ལ། ཐེངས་འདིའི་ཞོ་སྟོན་ཐེངས་ ༡༧ པ་དེ་བཞུགས་སྒར་དུ་ཚོགས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་དབུ་འཛུགས་ཀྱིས་ཀ་སྦུག་ལྷ་མོ་ཚོགས་པས་ ༼པདྨ་འོད་འབར༽འཁྲབ་སྟོན་དང་། བལ་ཡུལ་ལྷ་མོ་ཚོགས་པས་༼ དྲི་མེད་ཀུན་ལྡན༽ ཨོ་རི་ས་ལྷ་མོ་ཚོགས་པས་༼འགྲོ་བ་བཟང་མོ ༽སྦེལ་ཀོབ་ལྷ་མོ་ཚོགས་པས་༼གཟུགས་ཀྱི་ཉི་མ༽མོན་གྷོ་ལྷ་མོ་ཚོགས་པས་༼ ནོར་བཟང་༽ བོད་ཀྱི་ཟློས་གར་ཚོགས་པས་ ༼སྣང་ས་འོད་འབུམ༽་བཅས་འཁྲབ་སྟོན་གནང་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༩ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 14

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    འགྱུར་མེད་ཅན་ཁྱོད་ལ་དོན་ངོ་མའི་གྲུབ་འབྲས་ཟེར་བ་ཅི་འདྲ་ཞིག་དགོས་ཀྱི་འདུག ཁྱོད་ཀྱི་ལག་པ་དངུལ་སྤྲད་མཁན་ཞིག་བྱུང་ན་ད་གཟོད་དོན་ངོ་མའི་གྲུབ་འབྲས་ཟེར་བ་ཨེ་ཡིན། བོད་ནང་གི་རྒྱ་ཆེ་མང་ཚོགས་ལ་༸ཡིད་བཞིན་ནོར་བུའི་བཀའ་སློབ་གནང་ཐེངས་གཅིག་གི་གྲུབ་འབྲས་ཇི་ཡོད་དང་དེའི་བཀའ་དྲིན་དྲན་ཨེ་མྱོང་། རྒྱ་ནག་གུང་ཁྲན་གྱི་བླ་སྲོག་བཅད་ཟིན་པའི་མི་རིགས་ཤིག་ལ་སླར་ཡང་རང་གི་མི་རིགས་ཆེད་ལུས་སྲོག་བློས་གཏོང་བའི་དཔའ་སྟོབས་འདི་ཇི་ལྟར་བྱས་ནས་བྱུང་བ་ཨེ་ཤེས། གོམ་པ་རིམ་སྤོས་ཀྱི་རང་གི་མི་རིགས་འདི་འགྱེལ་ས་ནས་ལངས་ཐུབ་པའི་རྨང་གཞི་གཏིང་ནས་ད་ལྟར་དཔའ་སྐད་འཐེན་ཐུབ་པ་འདི་༸ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཁོང་གི་བླ་ན་མེད་པའི་རྣམ་དཔྱོད་ཡིན་པ་ཐའི་ཝོན་གྱི་སྲིད་འཛིན་ཟུར་པ་ལི་ཏུང་ཧོ་ཡིས་བཤད་ཡོད་ཁྱོད་ཀྱིས་ཨེ་ཤེས། དངོས་གནས་རྣམ་དཔྱོད་ཀྱིས་ཡོངས་སུ་སྟོང་བ་མ་ཡིན་ནམ།

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐུ་སྒེར་ཡིག་ཚང་གི་ཕྱི་རྒྱལ་གཞུང་ཚབ་ཁག་ལ་འགྲོ་སོང་བཏང་བ་དང་ཀརྨ་བླ་བྲང་གིས་བཀའ་བརྒྱུད་སྨོན་ལམ་ལ་འགྲོ་སོང་བཏང་བ་དེ་ཚོས་བོད་མི་རིགས་ཆོས་རིགས་སྲུང་སྐྱོབས་ལ་ཕན་གྱི་རེད་ཟེར་ནས་བཤད་ན་ངོ་བསྟོད་ཀྱི་དབང་དུ་བྱ་ན་འགྲིག་ཀྱང་དོན་ངོ་མའི་གྲུབ་འབྲས་ཀྱི་ཐོག་ནས་བཤད་ན་ཁག་པོ་རེད།

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཀརྨ་པ་རིན་པོ་ཆེ་ནི་ང་ཚོ་བོད་ཀྱི་བླ་ཆེན་ཞིག་ཡིན་པར་མ་ཟད་རྣམ་དཔྱོད་ལྡན་པའི་བླ་མ་ཞིག་ཀྱང་། འགྱུར་མེད་བསྟན་འཛིན་ཅན་ནས་ཡིག་ཚང་དང་བླ་བྲང་ནས་རྒྱུ་གཏོང་ཤོག་ཟེར་བ་ནི་མི་ཤེས་པའི་རྟགས་རང་རེད། ད་བར་བོད་སྤྱི་མང་གཉིས་ཀ་༸གོང་ས་མཆོག་གིས་རྒྱུ་གནང་ནས་གསོ་བ་རེད། སློབ་གྲྭ་ཆེས་མང་པོ་ཇི་འདྲ་བྱུང་བ་རེད། ཚོགས་སྡེ་ཁག་ཆེས་མང་པོ་འདི་ཇི་ལྟར་བྱུང་བ་རེད། ཐ ན་ལོ་རེའི་ཕྱི་རྒྱལ་དོན་གཅོད་ཁག་ཏུ་འགྲོ་སོང་ཇི་ཙམ་ཡིན་པ་ཨེ་ཤེས། ཐའི་ཝོན་དོན་གཅོད་ཐོག་མར་འཛུགས་དུས་ཐའི་སྒོར་ས་ཡ་ཉི་ཤུ་ཐའི་གཞུང་ལ་བཞག་དགོས་པ་སུས་བཞག་འདུག ༸གོང་ས་མཆོག་ཐོག་མར་ཐའི་ཝོན་ལ་ཕེབས་སྐབས་དད་ལྡན་རྣམས་ནས་ཕུལ་བ་དེ་ཐའི་ཝོན་དུ་ནང་པའི་མཐོ་སློབ་འཛུགས་འཆར་ལ་བཞག་པ་ཨེ་ཤེས། ང་ཚོའི་གདན་སའི་སློབ་གཉེར་བ་ལག་པར་གང་ཡང་མེད་པ་དག་ལ་ཟླ་རེ་ཞལ་ལག་དོད་རྒྱ་གར་སྒོར་ཇི་ཙམ་གནང་བ་ཨེ་ཤེས། ཐ་ན་གོས་གོན་རྒྱུ་ཚད་ཆད་གནང་ནས་སློབ་གཉེར་བ་ཚོགས་བགད་པོ་གནང་། རྒྱུགས་ལེན་ནས་བདག་པོ་གནང་བ་ཨེ་ཤེས། ད་དུང་ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  4. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    ལོ་གཞོན་བླ་ཆེན་གྱིས་བསམ་བློ་གཏོང་མི་ཤེས་པའི་དུས་ལ་སླེབས་འདུག

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཙོ་པན་པ་ཚེ་རིང་མཆོག་གིས་མི་ཡོད་མཁན་གྱིས་མི་གཏོང་རྒྱུ་མཁན་གྱིས་རྒྱུ་གཏོང་ནས་བོད་སྤྱི་བའི་དོན་ལས་དོན་སྒྲུབ་དགོས་གསུངས་པ་བཞིན་སྐུ་སྒེར་ཡིག་ཚང་དང་ཀརྨ་པ་བླ་བྲང་དང་ཚོང་པ་ཆེ་ཁག་གིས་རྒྱུ་ལ་སེར་སྣ་མི་བྱ་བ་བོད་མི་རིགས་ཀྱི་ཆོས་རིགས་དང་རིག་གཞུང་སྐད་ཡིག་གཅེས་ཉར་ཐོག་ལ་རྒྱུ་གཏོང་སློབ་གྲྭ་དང་གྲྭ་ས་ཁག་ནས་མི་གཏོང་དེ་འདྲའི་ནུས་པ་མཉམ་རུབ་ཐོག་ནས་ལས་ཀ་བྱ་ན་དེ་དགོངས་ཚུལ་འདི་སྒྲུབ་ཐུབ་པར་རེད།
    གཞན་ཚིག་སྐམ་པོས་གང་ཡང་བྱ་ཐུབ་པ་མ་རེད་དོན་ལག་ལེན་ཐོག་ལ་བབ་དགོས་བ་རེད།

    Reply
  6. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ལྷ་མོ་འཁྲབ་གཞུང་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་འཁྲབ་རྩལ་ཡིན་པ་ནི་འཛམ་བུ་གླིང་ཀུན་གྱིས་མཁྱེན་བཞིན་པ་མ་ཟད། གོང་ས་མཆོག་གིས་ཀྱང་དུས་རྟག་ཏུ་གསུངས་བཞིན་ཡོད། བྱས་ཙང་། བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་གཅེས་ཉར་དང་དེང་དུས་དང་མཐུན་པའི་འགྱུར་བ་གཏོང་དགོས་པ་ནི་བོད་མི་ཀུན་གྱིས་འགན་ཞིག་ཡིན། བྱས་ཙང་ཀརྨ་པ་མཆོག་གིས་གསུངས་པ་དེ་དེ་བཞིན་ནོ་ཟེར་རྒྱུ་ཡིན།

    Reply
  7. འབྲོང་སར་ཚེ་ཉི། says:
    ལོ་ 14 སྔོན།

    རྒྱལ་དབང་ཀརྨ་པ་མཆོག་གིས་ད་ལྟའི་དུས་འདིར་བོད་ཀྱི་གནས་སྟངས་དེ་ཧ་ཅང་ཛ་དྲག་གི་སྐབས་ཤིག་ཆགས་ཡོད་ཅེས་དང་། ཡང་ང་ཚོའི་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་གཅེས་པའི་སྲོག་དང་རྩ་ཆེ་བའི་ཚེ་སྲོག་བློས་གཏོང་བྱས་ཏེ། རང་རིགས་ཀྱི་ཆོས་དང་རིག་གནས་སྲུང་སྐྱོབ་ཆེད་ལས་འགུལ་མེ་འབར་བཞིན་པའི་སྐབས་སུ་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་པ་མི་རེ་ངོ་རེས་ནས་ཀྱང་བསྐྱར་དུ་བསམ་མནོ་གཏོང་དགོས་སྐོར་གསུངས་པ་དེ་ཡི་རང་དང་བསྔགས་བརྗོད་ཡོད་ལ། མ་ཟད་བཀའ་སྤྱི་ལས་བྱེད་རྣམས་ཀྱི་སེམས་ལ་དེ་འདྲ་མང་པོ་མིན་ཐེངས་མ་རེ་གཉིས་ཙམ་སྐྱེ་བའི་སྐབས་ཅིག་ཨི་ཡོད་ན་ཞེས་དྲན་གྱིན་འདུག

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བསམ་བློ་བསྐྱར་དུ་གཏོངས་ཟེར་བ་ནི་མིི་ལོ་ལྔ་བཅུ་ནང་གི་ཆབ་སྲིད་ཀྱི་གྲུབ་འབྲས་ཚང་མ་ཕྱོགས་སྡོམ་བྱ་ནས་དེང་སང་ཛ་དྲག་གི་རང་ལུས་མེར་བསྲེགས་ཀྱི་ངོ་བོ་དེ་གང་འདྲ་འགྱུར་མིན་དེ་བསམ་བློ་ཡང་བསྐྱར་གཏོང་ནས་བསྐྱར་ཞིབ་བྱ་དགོས་ཟེར་བའི་གོ་དོན་ཡིན་སྙམ།

    Reply
  9. nyingmig says:
    ལོ་ 14 སྔོན།

    ༸དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་གིས་”དུས་ཚོད་འདིར་བསམ་བློ་ཡང་བསྐྱར་གཏོང་དགོས་པ་ཞིག་དང་སེམས་ཤུགས་སྐྱེད་དགོས་པའི་དུས་ཚོད་ཅིག་བསླེབས་ཡོད་པ་རེད་བསམ་གྱི་ཡོད།”ཅེས་བཀའ་སློབ་ནན་མོ་ཞིག་བརྩལ་བ་འདི་ནི་ངེས་དོན་གྱི་བཀའ་ཞིག་ཡིན་ལ། དམིགས་བསལ་གྱི་གོ་དོན་ཞིག་ཡོད། བཀའ་སློབ་དེའི་ཆེད་དུ་བྱ་བའི་གདུལ་བྱ་འདི་རེད་ཅེས་མཛུབ་མོ་ཕྱི་ལ་འཛུགས་མི་དགོས་པར་རང་ཉིད་ཀྱི་བྲང་གཞུང་ན་གཏོད་རྒྱུ་དེ་ནི་གཞུང་དམངས་གཉིས་ཀ་དང་། ལྷག་དོན་ཆབ་སྲིད་ཀྱི་སྣེ་ཁྲིད་པ་དག་གི་ཐུགས་གསན་མཛོད། བསམ་བློ་ཡང་སྐྱར་དང། མཛོ་ར་ཡང་བཀུག་ཅིག་མེད་ན་འདི་དང་འདི་ལྟ་བུའི་ལམ་བུ་ནི་འཇིགས་རུང་གི་གཡུལ་ས་ཞིག་ཏུ་འགྱུར་བཞིན་ཡོད་པ་སོགས་མངོན་གསལ་རེད།

    Reply
  10. རོ་ལངས། says:
    ལོ་ 14 སྔོན།

    མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པར་ཁ་བཤད་ཙམ་གྱིས་མི་ཕན་པ་བདེན་པ་ཡིན། ཡིན་རུང་མི་ཕལ་བ་ཞིག་གིས་ཁ་བཤད་ནི་ཁ་བཤད་ཙམ་ལས་མ་འདས་པས། དེ་ལ་ལག་ལེན་གྱི་དོན་ཚང་བཀའ་ཡང་། ༧དཔལ་རྒྱལ་དབང་ཀརྨ་པ་ལྟ་བུ་སྐྱེས་ཆེན་ཚོས་བཀའ་སློབ་འདི་ནི་ལས་འགུལ་རང་ཡིན་པ་རེད། དེས་ན་དྲ་གྲོགས་རྣམ་པས་དབྱེ་གསལ་འདི་ཤེས་དགོས་པ་དང་། ༧དཔལ་རྒྱལ་དབང་ཀརྨ་པ་ལ་བཀའ་སློབ་ཟབ་རྒྱས་ཕེབས་བཀའ་དྲིན་ཆེ་ཞུས་པ་ཡིན།།

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཀརྨ་པ་མཁྱེན་ནོ།
    ཀརྨ་པ་མཁྱེན་།
    ཀརྨ་པ་མཁྱེན་ནོ།
    ཀརྨ་མཁྱེན་ནོ།
    ཁྱེད་ནི་བླ་མ།
    ཁྱེད་ནི་ཡིད་དམ།
    ཁྱེད་ནི་ཆོས་སྐྱོངས།
    རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་རང་ལུས་མེ་ལ་བསྲེགས་ནས་ད་ལྟ་རང་གྲོང་འདུག
    འདི་བར་དོའི་འཇིགས་སྣང་ལས་གྲོལ་བའི་ཐུགས་སྨོན་གནང་རོགས།
    ཀརྨ་མཁྱེན་ནོ།

    Reply
  12. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    བོད་མི་རིགས་ཀྱི་རིག་གནས་དང་གོམས་གཤིས་སོགས་ཡིག་ཐོག་དང་ངག་ཐོག་་རྐྱང་རྐྱང་གིས་ཡར་རྒྱས་གཏོང་དགོས་རབས་དང་རྒྱུན་འཛིན་གོང་སྤེལ་གཏོང་དགོས་རབས་བཤད་བསྡད་ན་གཏན་ནས་ཕན་ཀི དངོས་གནས་བཤད་ན་ད་ལག་ལེན་དུ་སྟེར་རྒྱུ་གཞན་ལས་ལྷག་མི་འདུག་བསམ།

    Reply
  13. ཤིང་ལོ། says:
    ལོ་ 14 སྔོན།

    རིག་གཞུང་ནི་ནམ་ཡང་མི་རིགས་དང་ཁ་འབྲལ་མི་རུང་ཞིང་། དེ་ཡང་སྐར་ཆ་ཙམ་ལའང་འཇོག་མི་རུང་བ་ཞིག་ཡིན། དཔེར་ན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ལོས་དགོས་ཀྱང་། དེ་དང་མཉམ་དུ་དུས་ཚིགས་དང་རིག་གཞུང་ཡང་འདོར་མི་ཉན་པ་རེད། དེ་ནི་མིའི་འཚོ་འདི་ནམ་ཡང་རྙོག་འཛིངས་དང་དཀའ་ངལ། ལོ་རྒྱུས་ལྡན་པ་ཞིག་ཡིན་པས་རེད།

    Reply
  14. མི་འགྱུར་བཀྲ་ཤིས། says:
    ལོ་ 14 སྔོན།

    ལྷ་མོ་ཚོགས་པའི་ནང་དུ་ཁམས་དང་ཨ་མདོའི་མི་ཞིག་གཏན་ནས་མེད་པ་ལྟ་བུ་རེད། འདི་ག་རེ་བྱས་ནས་རེད་དམ། ལྷ་མོ་ཚོགས་པས་བོད་བསྟན་སྲིད་ལ་ཕན་བཞག་པ་གང་འདུག་གམ། དེའི་རིག་གཞུང་འདི་མེད་ན་ཐབས་ཆག་འགྲོ་བ་གང་འདུག བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་ལྷ་མོ་ཚོགས་པས་གཞས་དང་ཞབས་བྲོ་བརྒྱབ་ནས་གནམ་འཕག་ས་ཡལ་རེད། ད་དུང་ལྷ་མོ་ཟེར་བ་འདི་ནི་གུང་ཁྲན་ཏང་གིས་ལྷ་ས་ལ་མཛད་སྒོ་ཞིག་མ་ཚོགས་ན་མ་གཏོགས་འཁྲབ་རྒྱུ་ཞིག་རེད་འདུག བསམ་རྣོ་ཐོངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese