མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་ཀྲི་སྦིའི་སྐོར་གྱི་ལྷན་ཚོགས་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པ་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཀྲི་སྦི་བཅོས་ཐབས་སྐོར་ལ་ཉིན་བཞིའི་རིང་གི་རྒྱལ་ཁབ་ཕྱི་ནང་གི་སྨན་པའི་ལྷན་ཚོགས་ཟབ་སྦྱོང་ཞིག་མགོ་འཛུགས་བྱས་ཡོད་པ་དང་། ལྷན་ཚོགས་ཟབ་སྦྱོང་སྟེང་རྒྱ་གར་དབུས་དང་མངའ་སྡེ། རྫོང་བཅས་ཀྱི་ཀྲི་སྦི་སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་སྨན་པ་བཅུ་ཙམ་གདན་ཞུ་བྱས་འདུག

ཕྱི་ཚེས་ ༣ ནས་ ༦ བར་ཉིན་བཞིའི་རིང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཀྲི་སྦི་(TB) ནད་བཅོས་བྱ་ཐབས་སྐོར་གྱི་ལྷན་ཚོགས་ཟབ་སྦྱོང་འདི་ནི། ཨ་རིའི་ཇོན་ཧོབ་ཀེན་སི་(John Hopkins) མཐོ་སློབ་བརྒྱུད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO) དང་། ཨེ་ཌ་ལེའི་(Italy)རྒྱལ་སྤྱིའི་མཉམ་འབྲེལ་ལས་གཞི་(AISPO) གཉིས་ཀྱི་རོགས་དངུལ་ཐོབ་པ་ལྟར་བོད་གཞུང་བདེ་ལེགས་སྨན་ཁང་གིས་གོ་སྒྲིག་བྱས་པ་ཞིག་དང་། ཐེངས་འདིའི་ལྷན་ཚོགས་ཟབ་སྦྱོང་ནང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་དང་། དེ་བཞིན་དགོན་སྡེ་ཁག སློབ་གྲྭ་ཁག བདེ་ལེགས་སྨན་ཁང་གཙོས་པའི་ངྷ་ས་ཁུལ་གྱི་འཕྲོད་བསྟེན་ཁང་ཁག་གི་ཕྱི་ལུགས་སྨན་པ་དང་སྨན་ཞབས་བཅས་བོད་པའི་སྤྱི་ཚོགས་ནང་ཀྲི་སྦི་དང་འབྲེལ་པའི་ལས་དོན་སྒྲུབ་མཁན་ཚང་མ་མཉམ་ཞུགས་བྱས་ཡོད་འདུག

ཉིན་ ༤ རིང་གི་ལྷན་ཚོགས་ཟབ་སྦྱོང་སྐབས་གཙོ་བོ་བོད་པའི་སྤྱི་ཚོགས་ནང་ཀྲི་སྦི་ནད་ཚ་ཡོང་དགོས་པའི་རྒྱུ་རྐྱེན་དང་། ད་སྔ་ཀྲི་སྦི་བཅོས་ཐབས་ཐད་ལས་དོན་བསྒྲུབས་པར་གྲུབ་འབྲས་གང་འདྲ་ཐོན་ཡོད་མེད་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་ཀྲི་སྦི་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཨ་ཤོག་ཀུ་མར་(Dr Ashok Kumar) མཆོག་གིས། རྒྱ་གར་གཞུང་གིས་ཀྲི་སྦི་ཐད་ལས་ཀ་ཇི་ལྟར་བྱེད་ཀྱི་ཡོད་པ། དེར་གྲུབ་འབྲས་གང་འདྲ་ཐོན་གྱི་ཡོད་མེད། བོད་པའི་སྤྱི་ཚོགས་ནང་གི་ཀྲི་སྦི་ནད་ཚའི་སྐོར་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་པ་བཅས་ཀྱི་ཐད་གཏམ་བཤད་བྱ་རྒྱུ་དང་། དེ་བཞིན་རྒྱ་གར་ནང་ཡོད་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་སི་རེ་ནེ་ཝ་སི་(Dr A.N Sreenivas)ཡིས་འཛམ་གླིང་ནང་ཀྲི་སྦི་ནད་ཚའི་གནས་སྟངས་གང་འདྲ་ཆགས་ཡོད་པ། དེ་དང་འབྲེལ་བོད་པའི་སྤྱི་ཚོགས་ནང་ཀྲི་སྦིའི་གནས་སྟངས་གང་འདྲ་ཆགས་ཡོང་གི་ཡོད་པའི་སྐོར། འབྲེལ་ཡོད་མངའ་སྡེ་གཞུང་གི་ཀྲི་སྦི་སྡེ་ཚན་གྱི་འགན་འཛིན་སོ་ཌི་(Dr Kulbushan Sood) ཡིས་ཧི་མ་ཅལ་ནང་གི་ཀྲི་སྦི་ནད་ཚའི་གནས་སྟངས་གང་འདྲ་ཆགས་ཡོད་པ། མ་འོངས་པར་བདེ་ལེགས་སྨན་ཁང་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་མངའ་སྡེ་གཞུང་དང་མཉམ་འབྲེལ་ཐོག་ཀྲི་སྦི་ནད་ཚ་བཅོས་ཐབས་ཀྱི་ལས་དོན་ཇི་ལྟར་བསྒྲུབ་དགོས་པ། དེར་མངའ་སྡེ་དང་དབུས་གཞུང་ནས་མཐུན་འགྱུར་ག་རེ་དགོས་པ་དང་ཇི་ལྟར་རག་ཐབས་བྱ་དགོས་པ་སོགས་ཀྱི་སྐོར་དང་། གཞན་ཨ་རི་དང་ཨི་ཌ་ལེ། རྒྱ་གར་སྨན་ཁང་ཁག་ཅིག་བཅས་ནས་ཡོང་པའི་ཆེད་མཁས་སྨན་པ་ཁག་གིས་ཀྲི་སྦི་ནད་ཚའི་བརྟག་དཔྱད་བྱ་ཐབས་གསར་པ། སྨན་བཅོས་བྱ་ཐབས། སྔོན་འགོག་བྱ་ཐབས་སོགས་བརྗོད་གཞི་སྣ་ཚོགས་ཐད་གཏམ་བཤད་བགྲོ་གླེང་བྱ་རྒྱུ་ཡིན་འདུག

གསར་འགོད་པས་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཀྲི་སྦི་ནད་ཚའི་གནས་བབ་དང་། བདེ་ལེགས་སྨན་ཁང་ངོས་ནས་ཀྲི་སྦི་ནད་ཚའི་སྨན་བཅོས་བྱ་ཕྱོགས་སྐོར་སོགས་དྲིས་པར་ཁོང་གིས་བརྗོད་པ་ལྟར་ན། ཧི་མ་ཅལ་ནང་གི་བོད་མིའི་ཀྲི་སྦི་ནད་ཚ་བཅོས་ཐབས་ཀྱི་འགན་ཆ་ཚང་བདེ་ལེགས་སྨན་ཁང་གིས་ཁུར་ཡོད་པ་དང་། དེ་མིན་ཕྱི་ལོགས་ཀྱི་འགན་ཕལ་ཆེ་བ་འཕྲོད་བསྟེན་ལས་ཁུངས་ཀྱིས་འཁུར་གྱི་ཡོད་འདུག བདེ་ལེགས་སྨན་ཁང་གི་ངོས་ནས་ཀྲི་སྦི་ནད་གཞི་རིམ་པ་དང་པོ་དང་གཉིས་པ་ཕོག་མཁན་ཚོར་སྨན་ཆ་ཚང་རིན་མེད་ཐོག་སྤྲོད་ཀྱི་ཡོད་པ་དང་། རིམ་པ་གསུམ་པའི་ནད་ཚ་ཕོག་མཁན་ཚོའི་དཔལ་འབྱོར་གྱི་གནས་བབ་ལ་བལྟས་ནས་སྨན་རིན་བརྒྱ་ཆ་ག་ཚོད་སྤྲོད་དགོས་མིན་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། དངོས་ཡོད་ཐོག་ཉམས་ཐག་ཡིན་ཚེ་སྨན་རིན་ཆ་ཚང་བདེ་ལེགས་སྨན་ཁང་གིས་སྤྲོད་ཀྱི་ཡོད་འདུག་ལ། ཀྲི་སྦི་ནད་ཚ་རིམ་པ་གསུམ་པ་ཕོག་མཁན་ཚོར་སྨན་རིན་ཧིན་སྒོར་ཁྲི་གཅིག་ཡས་མས་ནས་འབུམ་ ༥ ཡས་མས་བར་འགྲོ་ཡི་ཡོད་པ་དང་། ཆ་སྙོམས་ཀྲི་སྦི་རིམ་པ་གསུམ་པ་ཕོག་མཁན་མི་རེར་སྨན་བཅོས་ཐད་ཧིན་སྒོར་འབུམ་གཉིས་དང་ཕྱེད་ཀ་ཙམ་རེ་འགྲོ་ཡི་ཡོད་པར་བརྗོད་བྱུང་། བོད་པའི་སྤྱི་ཚོགས་ནང་ཀྲི་སྦི་ནད་ཚ་ཚབས་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས་ “ སྔོན་མ་དང་བསྡུར་ན་ད་ཆར་ཡག་པོ་ཆགས་ཡོད་ཀྱང་། ཨ་ཧྥི་རི་ཀའི་གནས་སྟངས་ངས་གསལ་བོད་ཤེས་ཀྱི་མེད། གཞན་མི་རིགས་ལ་དབྱེ་བ་ཡིན་ན་འཛམ་གླིང་ནང་གི་ཀྲི་སྦི་ནད་ཚ་མང་ཤོས་བཙན་བྱོལ་བོད་པ་ཆགས་ཡོད་རེད། ” ཅེས་བརྗོད་སོང་།

གསར་འགོད་པས་རྒྱ་གར་དབུས་གཞུང་ཀྲི་སྦི་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཨ་ཤོག་ཀུ་མར་མཆོག་ལ། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིའི་ཁྲི་སྦི་ནད་ཚའི་ཐད་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དང་། ཀྲི་སྦི་བཅོས་ཐབས་ཐད་རོགས་འདེགས་གང་འདྲ་སྤེལ་འཆར་ཡོད་མེད་དྲིས་པར། ཁོང་གིས་ “ སྤྱིར་རྒྱ་གར་ནང་ཡོད་པའི་མི་ཚང་མར་ནད་ཚ་འགོག་ཐབས་དང་སྨན་བཅོས་ཀྱི་མཐུན་འགྱུར་རིགས་གང་ལེགས་བྱས་དང་བྱེད་མུས་ཡིན་པ་ལྟར། བོད་པའི་སྤྱི་ཚོགས་ནང་དམིགས་བསལ་ཀྲི་སྦི་ནད་ཚའི་དཀའ་ངལ་ཡོད་པ་དངོས་ཡོད་ཡིན་སྟབས། ཕྱོགས་གང་འདྲ་ཞིག་ནས་མཐུན་འགྱུར་བྱ་དགོས་ཀྱང་ང་ཚོས་བྱ་ངེས་ཡིན། ཐེངས་འདིའི་ལྷན་ཚོགས་ཟབ་སྦྱོང་དང་འབྲེལ་འཕྲོད་བསྟེན་བཀའ་བློན་ལྷན་དུ་རྒྱ་གར་གཞུང་གིས་དམིགས་བསལ་ཀྲི་སྦི་ནད་ཚའི་ཐད་མཐུན་འགྱུར་རོགས་འདེགས་གང་འདྲ་བྱ་དགོས་པའི་སྐོར་ལ་གོ་བསྡུར་བྱ་རྒྱུ་ཡིན” ཞེས་བརྗོད་བྱུང་།

ཨེ་ཌ་ལེའི་རྒྱལ་སྤྱིའི་མཉམ་འབྲེལ་ལས་གཞིའི་(AISPO) འགན་འཛིན་སལ་ཝོ་(Dr Fulvio Salvo) ཁོང་གིས་འདས་པའི་ལོ་ ༣ ལྷག་ལ་བདེ་ལེགས་སྨན་ཁང་དང་ལྷན་དུ་བོད་པའི་སྤྱི་ཚོགས་ནང་གི་ཀྲི་སྦི་ནད་ཚ་བཅོས་ཐབས་ཐད་ལས་གཞི་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་ཡིན་འདུག གསར་འགོད་པས་ཁོང་ལ་རང་ཉིད་ཀྱི་ཉམས་མྱོང་བརྒྱུད་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ནད་ཚའི་དཀའ་ངལ་དང་བོད་མི་ཚོར་འབོད་སྐུལ་གང་འདྲ་ཞུ་རྒྱུ་ཡོད་མེད་དྲིས་པར། ཁོང་གིས། “བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནད་ཚ་ཁྱབ་ཆེ་ཤོས་ཀྲི་སྦི་དང་ཕོ་བའི་ནད་ཚ། ཁྲག་ཤེད་ཀྱི་དཀའ་ངལ་བཅས་རེད། བོད་པའི་སྤྱི་ཚོགས་ནང་གི་ཀྲི་སྦི་ནད་ཚ་ཤུགས་ཆེར་ཁྱབ་ཀྱི་ཡོད་པ་དེ་གཅིག་ནས་སློབ་གྲྭ་དང་དགོན་པ་སོགས་སུ་མི་ཚང་མ་མཉམ་དུ་སྡོད་པ་དང་། ཁ་ལག་མཉམ་དུ་ཟ་ཡི་ཡོད་པ་དེས་ནད་ཚ་འགོས་ཏེ་ཁྱབ་བརྡལ་དུ་འགྲོ་བཞིན་འདུག དེ་བཞིན་ཀྲི་སྦིའི་ནད་རྟགས་ཤེས་རྟོགས་མ་ཐུབ་པ་བཅས་རེད། ནད་ཚ་ཧ་གོ་བ་བྱས་ཏེ་སྨན་པར་བརྟེན་ན་ནད་ཚ་ཆུང་སྐབས་བཅོས་སླ་བོ་རེད། འོན་ཀྱང་། ནད་ཚ་ལ་སྣང་མེད་ཀྱིས་རྙིང་པ་ཆགས་པ་ཡིན་ན་དཀའ་ངལ་ཆེན་པོ་ཡོད་སྟབས་ཚང་མས་ནད་ཚ་ཆུང་ཆུང་སྐབས་ནས་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད། དེར་ཚང་མས་གཟབ་ནན་བྱ་རོགས”ཞེས་འབོད་སྐུལ་ཞུས་སོང་།

བདེ་ལེགས་སྨན་ཁང་གི་སྙན་ཐོ་ལྟར་ན། ༢༠༡༡ ནས་ ༢༠༡༢ བར་བདེ་ལེགས་སྨན་ཁང་ལ་ཀྲི་སྦི་ན་མཁན་ ༢༡༣ བྱུང་ཡོད་པ་ལས། ཀྲི་སྦི་ནད་ཚ་རིམ་པ་གསུམ་པ་ཕོག་མཁན་ ༢༦ བྱུང་ཡོད་པ་དང་། ཀྲི་སྦི་ནད་མཁན་བརྒྱ་ཆ་ ༩༠ ལོ་ ༡༥ ནས་ ༤༥ བར་ཡིན་པ་དང་། དེའི་ནང་ལོ་ ༡༥ ནས་ ༡༩ བར་གྱིས་བརྒྱ་ཆ་ ༣༡ ཟིན་ཡོད་པ་རེད། སྤྱི་ཡོངས་ཀྱི་ཀྲི་སྦི་ན་མཁན་གྱི་བརྒྱ་ཆ་ ༥༥་༩ སློབ་ཕྲུག་ཆགས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

མཆན། 2

  1. དམར་ཁ་ཚ། says:
    ལོ་ 14 སྔོན།

    ཀྲི་སྦི་ཟེར་བའི་བོད་ཀྱི་ཐ་སྙད་ཞིག་ཀྱང་ཡོད་དམ།
    འདི་ལྟར་གསར་འགྱུར་སྡེ་ཚན་ཆེ་ཁག་གིས་བོད་སྐད་གཙང་མ་མ་བཀོལ་ན་དངོས་གནས་ཡག་པོ་མི་འདུག
    བོད་ནང་དུ་མི་མང་ལ་ཤུགས་རྐྱེན་ཆེ་བའི་གསར་འགྱུར་སྡེ་ཁག་དང་སློབ་གྲྭ་སོགས་ནས་གཙོ་བོ་བྱས་ནས་བོད་ཡིག་བོད་སྐད་གཙང་མོ་བཀོལ་བར་ཤུགས་རྒྱག་བཞིན་པ་ཁྱེད་ཚོས་མི་ཤེས་སམ། འདི་འདྲ་གཞུག་ནས་གནས་མ་གནང་རོགས། འདི་འདྲ་གནང་ན་ང་ཚོ་བོད་ནང་གི་བོད་མི་ཤེས་ཡོན་པ་ཚོར་ངོ་གནོང་དགོས་པ་ཞིག་རེད།
    ང་ཚོ་རང་དབང་ལུང་པར་ཡོད་བའི་སྐད་ཆ་རེད། བོད་ལ་ཤ་ཞེན་ཡོད་ནས་འདིར་འབྱོར་བའི་སྐད་ཆ་རེད། འདི་ཙམ་ལ་དོད་སྣང་མི་འདུག་དགོངས་ན་ཅི་བྱེད། མ་གཞི་ཐུགས་གཡེང་ཤོར་བས་ཁྱེད་ཅག་བོད་ཡིག་དང་བོད་སྐད་ལ་དུང་བ་ཟབ་པ་ཡིད་ཆེས་གཙང་མ་ཡོད། གཞུག་ནས་གཟབ་རོགས།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་ལོ་རེར་(TB)འམ་གཅུང་ནད་རིགས་ཉུང་དུ་འགྲོ་བཞིན་ཡོད་པས་འབྲེལ་ཡོད་སྨན་པ་ཚོར་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese