མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེགས་ནི་འཐབ་རྩོད་ཀྱི་ཐབས་ལམ་ཞིག་ལས་རེ་ཆད་ཀྱི་བྱ་སྤྱོད་ཅིག་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཧྥ་རན་སིའི་གསར་འགོད་པ་ཨུ་སུ་ལཱ་ལགས་མདོ་སྨད་རེབ་གོང་སོགས་སུ་བསྐྱོད་དེ། བོད་ནང་རང་ལུས་མེར་བསྲེགས་མུ་མཐུད་འབྱུང་བཞིན་པའི་རྒྱུ་རྐྱེན་དང་དམིགས་ཡུལ་སོགས་ཀྱི་ཐད། བོད་ནང་གི་ས་གནས་མང་ཚོགས་དང་དགེ་རྒན། རྩོམ་པ་པོ་སོགས་ལ་བཅར་འདྲི་བྱས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱས་འདུག 

ཉེ་ཆར་ཧྥ་རན་སིའི་༼ལྟ་ཞིབ་གསར་བ༽ཞེས་པའི་དུས་དེབ་ཀྱི་གསར་འགོད་པ་ཨུ་སུ་ལཱ་ལགས། བོད་མདོ་སྨད་རེབ་གོང་དང་ཟི་ལིང་སོགས་སུ་བསྐྱོད་དེ་བོད་ནང་གི་གནས་ཚུལ་རྒྱུས་ལོན་བྱུང་པ་ལྟར་ན། རང་ལུས་མེར་བསྲེགས་གནས་སྟངས་སྔར་ལས་ཇེ་མང་དུ་སོང་བ་དང་བསྟུན་ནས། རྒྱ་གཞུང་གིས་བཀག་སྡོམ་དྲག་གནོན་བྱེད་ཤུགས་ཀྱང་ཉིན་རེ་བཞིན་ཆེ་རུ་བཏང་ཡོད་པ་དང་།  ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པ་རྣམས་བོད་ཀྱི་ས་ཁུལ་དང་རྒྱང་ཐག་སྤྱི་ལེ་ ༡༠༠ ལྷག་གིས་ཆོད་པའི་ས་མཚམས་སུ་བཀག་འགོག་བྱས་ཡོད་པ་མ་ཟད། རྒྱ་ནག་ནང་ཁུལ་གྱི་གསར་ཁང་དག་གིས་ཀྱང་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་གནས་ཚུལ་ཁོ་ན་བརྒྱུད་འགོད་བྱེད་དགོས་ཀྱི་ཡོད་འདུག དེ་བཞིན། བོད་ནང་གི་དྲ་རྒྱ་ཡོངས་རྫོགས་ལ་བཀག་སྡོམ་ནན་མོ་དང་། ལག་ཁྱེར་ཁ་པར་ལའང་གསང་ཉན་ལྟ་རྟོག་བྱེད་ཀྱིན་ཡོད་སྟབས། བོད་མི་ཚོས་གསར་འགོད་པར་སྐད་ཆ་བཤད་སྐབས། རྒྱ་གཞུང་གིས་གསང་ཉན་བྱ་རྒྱུར་དོགས་ཏེ་སོ་སོའི་ལག་ཁྱེར་ཁ་པར་སྒོ་རྒྱག་པ་དང་། བོད་མི་རེ་འགས་ལག་ཁྱེར་ཁ་པར་གྱི་གློག་རྫས་ཕྱིར་བཏོན་རྗེས་ད་གཟོད་གསར་འགོད་པར་བོད་ནང་གི་གནས་སྟངས་བརྗོད་ཀྱི་ཡོད་འདུག 

ཟི་ལིང་གྲོང་ཁྱེར་དུ་གནས་བཞུགས་བོད་ནང་གི་རྩོམ་པ་པོ་ཞིག་ལ་གསར་འགོད་པས་བཅར་འདྲི་བྱས་པར། ཁོང་གིས་ “ བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་མ་འོངས་པར་ཞི་འཇགས་སུ་འགྲོ་མི་སྲིད་པར་མུ་མཐུད་འབྱུང་རྒྱུ་ཡིན་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། དེར་མ་ཟད་མ་འོངས་པར་སློབ་མ་དང་། དགེ་རྒན། གཞུང་ཞབས་ལས་བྱེད་བཅས་ཀྱི་ཁྲོད་དུའང་རང་ལུས་མེར་བསྲེགས་ཀྱི་རླབས་རྒྱུན་དེ་ཁྱབ་ངེས་རེད། ངས་ལྟས་ན་རྒྱུ་མཚན་གཙོ་བོ་ནི། ད་ལྟའི་ཆར་བོད་མི་ཚོས་ངོ་རྒོལ་གྱི་ཐབས་ལམ་གཅིག་པུ་དེ་འདི་རང་རེད། བོད་མི་ཚོར་ངོ་རྒོལ་སྐད་འབོད་བྱེད་འཇུག་གི་ཡོད་པ་མ་རེད། ཡིག་ངག་གང་རུང་ནས་སོ་སོའི་དགོས་འདུན་གླེང་འཇུག་གི་ཡོད་པ་མ་རེད། ཉེ་ཆར་རྒྱ་གཞུང་གིས་ཉུང་མཐར་བོད་མི་ཤེས་ལྡན་པ་དང་སྒྱུ་རྩལ་བ་ ༧༠ ལྷག་བཙོན་འཇུག་བྱས་ཡོད་པ་རེད། དེར་བརྟེན། རང་ལུས་མེར་བསྲེགས་ནི་འཐབ་རྩོད་ཀྱི་ཐབས་ལམ་ཞིག་ཡིན་པ་ལས། རེ་ཆད་ཡིད་མུག་གི་བྱ་སྤྱོད་ཅིག་མ་རེད།” བཅས་བརྗོད་དེ། ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་ལས་འགུལ་བྱུང་བའི་རྗེས། བོད་མི་ཚོས་རང་དབང་གི་ཆེད་དུ་བློས་གཏོང་ཆེན་པོ་ཞིག་གནང་དགོས་པ་ཤེས་རྟོག་བྱུང་ཡོད་པ་དང་། ཡིན་ནའང་། ༸གོང་ས་མཆོག་གིས་དུས་རྒྱུན་དྲག་པའི་བྱ་སྤྱོད་ལ་ངོ་རྒོལ་གནང་གི་ཡོད་སྟབས། བོད་མི་ཚོས་ནམ་ཡང་དྲག་པོའི་ངོ་རྒོལ་གྱི་ལངས་ཕྱོགས་འཛིན་གྱི་མེད་ལ། བོད་མི་ཚོས་ཆེས་ཆེ་བའི་རེ་འདུན་ནི་ཉིན་ཞིག་༸གོང་ས་མཆོག་ཕྱིར་བོད་ནང་ཕེབས་ཐུབ་རྒྱུ་དེ་ཡིན་སྐོར་གསལ་བཤད་གནང་ཡོད་འདུག 

ད་ལྟའི་བར་སྔ་ཕྱིར་བོད་མི་ ༣༠ ལྷག་གིས་རང་ལུས་མེར་བསྲེགས་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་འཛམ་གླིང་རྒྱལ་ཁབ་དག་གིས་ཁ་ཡོད་ལག་ཡོད་ཀྱི་འགན་ལེན་རྣམ་འགྱུར་ཅིག་བྱུང་མེད་པའི་ཐད། བོད་ནང་གི་རྩོམ་པ་པོས།  “དེ་སྔོན་བོད་མི་རེ་འགས་མི་ ༡༥ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཚེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཐོག་དོ་སྣང་དང་འགན་ལེན་གྱི་ནུས་པ་ཞིག་ཡོང་ཐུབ་པའི་ཚོད་རྩིས་གནང་གི་ཡོད་པ་རེད། དེ་རྗེས་མི་ ༢༠ རང་ལུས་མེར་བསྲེགས་བཏང་རྗེས་རྒྱལ་སྤྱིའི་རྣམ་འགྱུར་ཅིག་ཡོང་རྒྱུར་རེ་བ་བཅངས་པ་རེད། ད་ལྟ་རང་ལུས་མེར་བསྲེགས་གཏོང་མཁན་ ༣༠ བརྒལ་ཚར་བ་རེད། ཡིན་ནའང་། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་ལེན་གྱི་རྣམ་འགྱུར་གསལ་བོ་ཞིག་བསྟན་ཡོད་པ་མ་རེད། ད་ལྟ་བོད་ནང་མི་རེ་འགས་རྒྱ་གར་གྱི་བླ་ན་མེད་པའི་རྒྱལ་གཅེས་དཔའ་བོ་གྷན་དྷི་མཆོག་གི་འཐབ་རྩོད་ཀྱི་ཉམས་མྱོང་ལོ་རྒྱུས་གཞིར་བཞག་ཐོག བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་སྟོང་ཕྲག་ ༢ བརྒལ་བ་ཡིན་ན། ད་གཟོད་རྒྱལ་སྤྱིའི་ཐོག་བོད་མིའི་ལས་འགུལ་འདིར་ནུས་པ་ཞིག་འཐོན་སྲིད་པར་གླེང་གི་ཡོད་པ་རེད།” ཅེས་བརྗོད་འདུག

ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རེབ་གོང་ཐུན་རིན་རྫོང་དུ་བོད་མི་སྟོང་ཕྲག་བརྒལ་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་ལྟར། ཡུལ་དེའི་གྲྭ་བ་ཞིག་གིས་གསར་འགོད་པ་ཨུ་སུ་ལཱ་ལགས་སུ་ངོ་རྒོལ་ལས་འགུལ་བྱུང་རྐྱེན་ནི། རྒྱ་གཞུང་གིས་དགོན་པའི་ནང་ཆོས་ལུགས་བྱེད་སྒོར་བཀག་སྡོམ་དང་། བོད་མི་སྐྱ་སེར་ཚང་མར་སོ་སོའི་རྩ་བའི་བླ་མ་༸གོང་ས་མཆོག་ལ་མཇལ་བའི་སྐལ་བ་མེད་པར་བཟོས་པའི་རྐྱེན་གྱིས་ཡིན་ལ། ཐེངས་འདིའི་ངོ་རྒོལ་སྐབས་བོད་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་བརྗོད་འདུག གསར་འགོད་པས་ཐུན་རིན་རྫོང་གི་དགེ་རྒན་ཞིག་ལ་བཅར་འདྲི་བྱས་པར། དགེ་རྒན་གྱིས་ “ ས་ཁུལ་གཞན་དང་བསྡུར་ཏེ་བལྟས་ས་ལྟོས་འཇོག་གི་ཐོག་ནས་བཤད་ན། ཐུན་རིན་རྫོང་ས་གནས་དཔོན་རིགས་ཚོས་བོད་མིའི་བསམ་ཚུལ་ལ་དོ་སྣང་ཕྲན་ཙམ་གནང་གི་འདུག དྲག་གནོན་གྱི་གནས་སྟངས་ཀྱང་ས་ཁུལ་གཞན་དང་བསྡུར་ན་དོགས་ཙམ་གུ་ཡངས་པོ་འདུག   ཡིན་ནའང་། བོད་ཡིག་སློབ་ཁྲིད་ཐད་སྔར་ལས་ལྷག་པར་བཀག་སྡོམ་ནན་མོ་བྱེད་བཞིན་པ་དང་། རྒྱ་མི་གནས་སྤོར་བྱེད་ཤུགས་སྔར་ལས་ཇེ་མང་དུ་གཏོང་གི་འདུག  མུ་མཐུད་འདི་ལྟར་ཕྱིན་ཚེ་བོད་མི་རིགས་འདི་འཇིགས་རྟེན་ས་སྒང་འདིར་རྩ་མེད་བཟོ་རྒྱུ་ཉག་གཅིག་རེད། དངོས་ཡོད་གནས་སྟངས་འདི་དག་གིས་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ཐད་ད་དུང་འགྲེལ་བརྗོད་བྱེད་ཐུབ་ཀྱི་མེད་པ་རེད་དམ།” ཅེས་དོགས་འདྲི་དང་ལྷན་དུ་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་རྒྱུ་རྐྱེན་གསལ་བརྗོད་གནང་ཡོད་འདུག  

གསར་འགོད་པ་ཨུ་སུ་ལཱ་ལགས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པའི་བསོད་ནམས་དར་རྒྱས་ལགས་ཀྱི་ཁྱིམ་དུ་ཕྱིན་ཏེ་གནས་ཚུལ་རྒྱུས་ལོན་བྱུང་པ་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་གི་ཁང་ཁྱིམ་རྩིག་ལྡེབས་སུ་༸གོང་ས་མཆོག་གི་སྐུ་པར་ཞིག་བཤམས་ཡོད་པ་དང་། སྟེགས་བུ་ཆུང་ཆུང་ཞིག་གི་སྟེང་དུ་རྗེས་དྲན་ཆེད་དཔའ་བོ་ཁོང་གི་སྐུ་པར་ཞིག་བཞག་ཡོད་འདུག ཉེ་འཁོར་གྲོང་སྡེ་ཁག་གི་ཡུལ་མི་རྣམས་ཀྱིས་ཇ་དང་མར། སྒོར་མོ་སོགས་ཕུལ་ཏེ་དཔའ་བོ་ཁོང་གི་ནང་མིར་སེམས་གསོ་དང་། དཔའ་བོའི་སྐུ་པར་མདུན་དུ་མྱང་ངན་གུས་ཕྱག་འབུལ་བཞིན་ཡོད་འདུག རྒྱལ་གཅེས་དཔའ་པོ་ཁོང་གི་ཤུལ་དུ་བྱིས་པ་ ༤ ཡོད་པ་དང་། ཁོང་གི་ཆུང་མར་ཡང་ནད་གཞི་ལྕིད་མོ་ཞིག་བྱུང་སྟེ་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག གྲོང་སྡེ་དེའི་ལོ་ངོ་བཞི་བཅུར་སོན་པའི་ཡུལ་མི་ཞིག་གིས་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ནི་འབྱོར་ལྡན་ཞིག་མིན་ཡང་། ཁོང་ནི་ནང་པའི་ཆོས་ལ་དད་པ་དང་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་པ་བརྗོད་ཡོད་པ་རེད། ཡིན་ནའང་། རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་སྐོར་དྲིས་སྐབས། ས་གནས་ཡུལ་མི་ཚོས་རྒྱ་གཞུང་གི་གསང་མྱུལ་ལ་ཧ་ཅང་འཛེམས་དོགས་ཀྱིས་ལེན་འདེབས་ཅི་ཡང་གནང་མེད་པ་རེད།  

གཞན་ཡང་། གསར་འགོད་པ་ཨུ་སུ་ལཱ་ལགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་བརྗོད་དོན། རྒྱ་གཞུང་གིས་རང་ལུས་མེར་སྲེག་ནི་རྒྱལ་ཁབ་ཕྱི་ལོག་གི་མི་སྣས་བརྒྱུད་སྐུལ་བྱས་པ་ཞིག་ཡིན་ཚུལ་བརྗོད་དེ། ཁོ་ཚོའི་ནང་མི་རྣམས་ཀྱང་དོགས་ཡོད་མི་སྣར་ངོས་འཛིན་གྱིས་འཇུ་བཟུང་བཀག་ཉར་བྱེད་ཀྱིན་ཡོད་པ་དང་། ད་ལྟའི་བར་རང་ལུས་མེར་སྲེག་བསྟུད་མར་བྱུང་བའི་རྔ་པ་ས་ཁུལ་དུ། རྒྱ་དམག་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི། རིག་གནས་གསར་བརྗེ་དུས་སྐབས་དང་གཅིག་པ་གཅིག་རྐྱང་ཆགས་ཡོད་སྟབས། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་དེ་མཚམས་འཇོག་ཡོང་ཆེད་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པར་བརྗོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༡ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 9

  1. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དྲ་གྲོགས་སྣང་རྒྱལ་ཤེར་དགེ་ལགས་ཀྱིས་བརྗོད་པ་ལྟར། འོད་ཟེར་སྒེར་གྱི་དྲ་ཚིགས་ངོས་སུའང་ཧྥ་རན་སུའི་༼བཅིངས་འགྲོལ་གསར་ཤོག༽གི་གསར་འགོད་པ་ཧྤེ་ལེ་ཕའེ་ལགས་ཀྱིས་སྤེལ་པའི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱི་ནང་མི་དང་། རེབ་གོང་ས་ཆའི་གནས་ཚུལ་སྐོར་འདུག ཡིན་ནའང་། འདི་གར་བཀོད་པའི་གསར་འགྱུར་གྱི་ཡོངས་ཁུངས་ནི་ཧྥ་རན་སུའི་༼ལྟ་ཞིབ་གསར་པ་༽ཞེས་པའི་དུས་དེབ་ཀྱི་གསར་འགོད་པ་ཨུ་སུ་ལཱ་ལགས་ཀྱིས་སྤེལ་བའི་གནས་ཚུལ་རེད། འདི་གཉིས་གཅིག་མ་རེད། ཡིན་ནའང་། ཁོ་གཉིས་མཉམ་དུ་བསྐྱོད་པ་དང་སོ་སོར་རེབ་གོང་དུ་གནས་ཚུལ་བསྡུ་ལེན་དུ་བསྐྱོད་ཡོད་མེད་ཤེས་རྟོག་མ་བྱུང་། གང་ལྟར་ཧྥ་རན་སུའི་གསར་འགོད་པ་དག་ལ་ཐུགས་རྗེ་ཆེ་ཞུ།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    གསར་འགོད་པར་ཐུགས་རྗེ་ཆེ། ཁྱེད་ཀྱི་དྲང་བདེན་དང་སེམས་ཤུགས་ཡོད་ཚད་མི་ཡི་ཚད་འཛིན་ཡིན་ཕྱིར།

    Reply
  3. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    རྩོམ་ཡིག་འདི་འོད་ཟེར་གྱི་རྒྱ་ཡིག་གི་དྲྭ་ཚིགས་ 看不见的西藏མཐོང་མི་ཐུབ་པའི་བོད། ཅེས་པའི་ཐོག་ཏུ་འདྲ་པར་དང་བཅས་པ་བཀོད་འདུག་ལ་གནས་ཚུལ་ཡང་འདི་ལས་རྒྱས་ཙམ་འདུག རྣམ་པ་ཚོས་དེར་གཟིགས་རོགས།

    Reply
  4. ཤག་སྒང་པ། says:
    ལོ་ 14 སྔོན།

    གསར་འགོད་པ་མཆོག་ནས་འདི་ལྟར་སྐུ་ངལ་བསྐྱོན་ནས་བོད་དོན་དབྱེ་ཞིབ་ཀྱིས་ཁྱབ་བསྒྲགས་གསར་འགོད་གནང་པར་ཐུགས་རྗེ་ཆེ་ཞུ།

    Reply
  5. ཤིང་རྟ། says:
    ལོ་ 14 སྔོན།

    ཉན་སྤྲོ་བའི་གསར་འགྱུར་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
    འོན་ཀྱང་༼ཞི་བདེ་གཟེངས་རྟཊ་བཞེས་མཁན་ ༡༢ གྱི་འབོད་སྐུལ།༽ཞེས་པ་འདི་མཆན་བཀག་དོན་གང་ཡིན་ནམ། བསམ་ཚུལ་ཤོད་མཁན་ཡོད་ན་ཡག་གི་རེད་བ།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    འཚེ་མེད་མི་རྟོན་པ་སྨྲ་བའི་མཁས་དབང་ཞོགས་དུང་ལགས་ཀྱི་བརྩམས་ཆོས༼གནམ་ས་གོ་འབྱེད༽ཀློག་མྱོང་མཁན་ཞིག་ཡིན་ན་ཆ་ཚངསྔར་ནས་བོད་ཕྱི་ནས་ཤེས་དགོས་པའི་ཚད་ལ་སླེབས་ཡོད། ཡིན་ནའི། ཕྱི་རྒྱལ་གསར་འགོད་པ་ཞིག་གིས་བསྐྱར་ཞིབ་གནང་ནས་ད་ལྟ་གཞི་ནས་ཤེས་འགོ་ཚུགས་ནའང་འཕྱི་མི་འདུག གང་ལྟར་བཙན་པོའི་སྙིང་སྟོབས་སླར་གསོ་ནས་རང་དབང་བསྐྱར་གསོར་འབུངས་ཀྱིན་པས། ཚང་མ་ལོས་ཐབས་ལམ་འདྲ་མིན་གྱི་ལམ་ནས་བརྒྱུད་བསྒྲགས་གང་ཐུབ་གནང་རྒྱུ་ཧ་ཅང་གི་དུས་ལ་བབས་ཡོད་པ་ཞིག་ཡིན་པ་ཤེས་གསལ་རེད།

    Reply
  7. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    བོད་ནང་གི་བོད་མི་ཏང་ཡོན་གཙོས་ལོ་ན་དྲུག་ཡས་མས་པ་ཚང་མས་སྙན་ཞུ་བརྒྱག་པ་དང། ཉིན་གང་རེ་འམ་ཉིན་ཞག་གཅིག་རེ་གཉིས་རེར་ཟས་བཅད་ངོ་རྒོད་བྱེད་པ། གསར་ལམ་ཁག་ལ་རེད་འདུན་བརྗོད་པ། ས་གནས་སོ་སོའི་མི་འཐུས་དང་མགོ་བ་རིམ་པ་དག་ལ་ཞུ་གསོལ་འདེབས་དགོས།
    ལས་འགུལ་གྱི་མིང་ལ་་་བོད་གཅེས་ཏང་གཅེས་སམ་རྒྱལ་གཅེས་རིགས་གཅེས་་་ཞེས་འབོད་དགོས།
    ལས་འགུལ་འདིའི་རེ་འདུན་ནི་་་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཆ་ཚང་བོད་ཡིག་ཐོག་ནས་སློབ་ཁྲིད་བྱེད་པ་དང་བོད་ཁུལ་ཡོངས་་་བོད་རང་སྐྱོང་ལྗོངས་སུ་ཟླ་བསྒྲིལ་གཏོང་བ་འམ། ཡང་ན་ཞིང་ཆེན་བཞིའི་ནང་བཅད་དགོས་བོད་ཁུལ་ཡོངས་གཅིག་ཏུ་བསྡུས་པའི་བོད་རང་སྐྱོང་ལྗོངས་ཤིག་འཛུག་རྒྱུ་དེའོ།།
    རང་ལྗོངས་དེའི་དགོས་དམིགས་ནི་བོད་ཡིག་པ་ཚོར་འདུན་ལམ་ཡོད་པ་དང། བོད་པའི་མི་རིགས་དང་རིགས་གཞུང་རྩ་སྟོང་མི་འགྲོ་བ་ཡིན་ལ། འདི་ངེས་ལེན་མི་གནང་མཁན་སུ་དང་གང་ཡིན་ཡང་མི་རིགས་དང་རིག་གཞུ་རྩ་མེད་གཏོང་མཁན་ངོ་མ་དེ་ཡིན་ནོ།།

    Reply
  8. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རྩོམ་པ་བོ་དེས་རང་སྲེག་བཏང་དོན་བཤད་ནོ་ཤིན་ཏུ་ལེགས་པས་ཡིད་སེམས་རབ་ཏུ་འགུལ།།
    རྒྱུད་བསྲེང་གྲངས་ལ་ཡིད་སེམས་རབ་ཏུ་ཞེའོ།།
    དགེ་རྒན་དེ་གྲྭ་བ་དེ་དེ་བཞིན་ཆ་ཤས་ལེན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་འོ།།

    Reply
  9. ཀླུ་སྨྱོན། says:
    ལོ་ 14 སྔོན།

    གསར་འགོད་པ་མང་ཙམ་ཕེབས་ཐུབ་ན་ཧ་ཅང་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese