མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་སོག་ཡུལ་མིའི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ལྷོ་སོག་པོའི་ནང་ས་གནས་སོག་རིགས་ཡུལ་མི་བརྒྱ་ཕྲག་འགས་ངོ་རྒོལ་བྱས་ཏེ། སོ་སོའི་ས་ཆའི་བདག་དབང་རྩོན་ལེན་བྱས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢ ཉིན། ལྷོ་སོག་པོ་(ནང་སོག)ཐུན་ལའེ་གྲོང་ཁྱེར་ནའེ་མཱན་ས་ཁུལ་གྱིི་མེན་རན་སུ་མུའུ་ཞིན་ལུང་ཀྲོ་ནགས་ལས་སྡེ་ཁག་གིས་ས་སློག་འཕྲུལ་འཁོར་མང་པོ་བཏང་སྟེ། ཐའུ་ལིས་ཀུ་ཀཱ་ཋ་སྡེ་བའི་ས་ཆ་ཡོངས་རྫོགས་སློག་མགོ་བརྩམས་ཏེ། ཁྲིམས་འགལ་གྱི་ཐོག་ནས་སྡེ་བ་དེའི་ས་ཆ་བཙན་འཕྲོག་བྱ་རྩིས་བྱས་ཡོད་སྟབས། ས་གནས་སོག་རིགས་མི་མང་བརྒྱ་ཕྲག་འགའ་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ནའེ་མཱན་ས་ཁུལ་ཉེན་རྟོག་ལས་ཁུངས་ཀྱིས་དམག་མི་ ༨༠ ལྷག་དང་། དམག་མིས་རླངས་འཁོར་ ༣༠ ཙམ་བཏང་སྟེ་ས་གནས་སོག་རིགས་མང་ཚོགས་ལ་གང་བྱུང་དྲག་གནོན་གཅར་རྡུང་བྱས་པར་མ་ཟད། སོག་རིགས་ཡུལ་མི་ ༢༢ འཇུ་བཟུང་དང་། ཡུལ་མི་ ༥ ལ་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་འདུག 

ངོ་རྒོལ་ཁྲོད་ཞུགས་མཁན་སོག་རིགས་ཡུལ་མི་ཋིན་ཧྥུ་ལཱང་གིས་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་བརྡ་འཕྲིན་སྟི་གནས་ཁང་ལ་གནས་ཚུལ་བརྗོད་པ་ལྟར་ན། ས་གནས་སོག་རིགས་མང་ཚོགས་ཀྱིས་ཞིན་ལུང་ཀྲོ་ནགས་ལས་སྡེ་ཁག་གིས་ཁྲིམས་འགལ་ཐོག་ས་གནས་ཡུལ་མིའི་ས་ཆ་མུའུ་ཁྲི་ ༦ ལྷག་བཙན་འཕྲོག་བྱས་པར་ངོ་རྒོལ་བྱས་པ་ཞིག་ཡིན་འདུག་ལ། ལོ་སྔོན་ནས་བཟུང་ནགས་ལས་སྡེ་ཁག་གིས་ནགས་ཚལ་ར་བར་ལྟ་རྟོག་བྱ་མི་དགོས་པ་བཟོས་ཏེ། ཁྲིམས་མཐུན་གྱི་ཁེ་དབང་ཡོད་པའི་ས་གནས་ཡུལ་མིར་ཕྱིར་སྤྲོད་བྱས་ཡོད་ཀྱང་། འདི་ལོ་ནས་ཁོ་ཚོས་ཡང་བསྐྱར་ཡུལ་མིའི་ས་ཆ་བཙན་བཟུང་བྱེད་མགོ་བརྩམས་ཡོད་འདུག  

ཋིན་ཧྥུ་ལཱང་གིས་ངོ་སྤྲོད་བྱས་པ་ལྟར་ན། འདས་པའི་ཟླ་འགའི་ནང་ཐའུ་ལིས་ཀུ་ཀཱ་ཋ་སོག་རིགས་ཡུལ་མི་དག་གིས་སོ་སོའི་ས་ཆའི་བདག་དབང་སྲུང་ཆེད།  མ་སྐུལ་དང་བླངས་ཀྱི་ཐོག་མཉམ་རུབ་རྩ་འཛུགས་བཙུགས་ཏེ་ས་གནས་གྲོང་ཁྱེར་སྲིད་གཞུང་དང་། ལྷོ་སོག་པོ་(ནང་སོག)རང་སྐྱོང་ལྗོངས་སྲིད་གཞུང་བཅས་ལ་ཐེངས་མང་པོར་ཞུ་གཏུགས་བྱས་ཀྱང་། ས་གནས་རྒྱ་གཞུང་གིས་ཁོ་ཚོའི་རེ་སྐུལ་ལྟར་དཀའ་ངལ་སེལ་ཐབས་ཀྱི་རོགས་ཕན་བརྡ་ལན་གང་ཡང་སྤྲད་མེད་པ་རེད། འདི་ལོའི་ཕྱི་ཟླ་ ༣ པར་ས་གནས་ཡུལ་མི་རྣམས་ཀྱིས་འཐུས་མི་ ༤ པེ་ཅིན་ལ་ཆེད་གཏོང་གིས་ཞུ་གཏུགས་བྱས་པར། ནའེ་མཱན་ས་ཁུལ་སྲིད་གཞུང་གིས་པེ་ཅིན་དུ་ས་གནས་ཉེན་རྟོག་པ་མངགས་ཏེ་ཞུ་གཏུགས་པ་རྣམས་འཇུ་བཟུང་གིས་ཕྱིར་བཙན་འཁྲིད་བྱས་ཡོད་འདུག ཡུལ་མི་ཋིན་ཧྥུ་ལཱང་གིས་ “ས་ཁུལ་མགོ་ཁྲིད་ཚོས་ང་ཚོའི་དཀའ་ངལ་གནད་དོན་སེལ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ས་གནས་ཡུལ་མི་རྣམས་འཇུ་བཟུང་བཙོན་འཇུག་དང་། འཇིགས་སྐུལ་དྲག་གནོན་སྣ་ཚོགས་བྱེད་བཞིན་འདུག” ཅེས་བརྗོད་འདུག

ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་བརྡ་འཕྲིན་སྟི་གནས་ཀྱིས་འགན་འཛིན་ཨུན་ཁྲི་པ་ཐའུ་ལགས་ཀྱིས། སོག་པོ་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་གྱི་ལམ་ནས་སོ་སོའི་ལུང་པའི་བདག་དབང་དང་། སོག་པོ་མི་རིགས་ཀྱི་བརྩི་མཐོང་། ཁེ་དབང་བཅས་སྲུང་སྐྱོབ་བྱས་པར། རྒྱ་གཞུང་གིས་གདུག་སྤྱོད་དྲག་གནོན་བྱས་ཏེ་སོག་པོ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་གསལ་བཤད་དང་།  ཁོང་གིས་ “ སོག་པོ་མི་རིགས་ལ་སོ་སོའི་ལུང་པའི་ནང་གཞི་རྩའི་འཚོ་གནས་ཀྱི་ཁེ་དབང་ཙམ་ཡང་འགན་སྲུང་ཡོད་པ་མ་རེད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོག་པོ་མི་རིགས་ཀྱི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་དོ་སྣང་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།” ཅེས་བརྗོད་འདུག

སྔར་ལོའི་ཕྱི་ཟླ་ ༥ ནང་སོག་རིག་འབྲོག་པ་མའོ་རི་ཀཱན་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་བ་ལ་བརྟེན་ནས།  འདས་པའི་ལོ་ངོ་ ༣༠ ནང་ལྷོ་སོག་པོའི་ནང་སྔར་བྱུང་མ་མྱོང་བའི་གཞི་རྒྱ་ཆེས་ཆེ་བའི་ངོ་རྒོལ་ལས་འགུལ་བྱུང་ཡོད་པ་རེད། ད་ལྟ་ལྷོ་སོག་པོའི་ནང་སོག་རིགས་མི་གྲངས་ཁྲི་ ༢༤༠༠ ཡོད་པ་དང་། སོག་རིགས་ཡུལ་མི་ཚོར་སོ་སོའི་ལུང་པའི་ས་ཁྱོན་གྱི་བརྒྱ་ཆ་ ༢༠ ཙམ་མ་གཏོགས་བདག་གི་མེད་པ་རེད།   

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. Danaktsering says:
    ལོ་ 14 སྔོན།

    སོགས་པོ་སྔོན་མ་སྐྱེས་གྲགས་ན་རྗེས་མ་ཤི་ཐུབ་ཟེར་བ་དེ་རེད་། ཁོང་ཚོ་ལས་བོད་པ་ད་དུང་གསོན་དབུག་ཆད་མེད་།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    (སྔར་ལོའི་ཕྱི་ཟླ་ ༥ ནང་སོག་རིག་འབྲོག་པ་མའོ་རི་ཀཱན་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་བ་ལ་བརྟེན་ནས། འདས་པའི་ལོ་ངོ་ ༣༠ ནང་ལྷོ་སོག་པོའི་ནང་སྔར་བྱུང་མ་མྱོང་བའི་གཞི་རྒྱ་ཆེས་ཆེ་བའི་ངོ་རྒོལ་ལས་འགུལ་བྱུང་ཡོད་པ་རེད།) མའོ་ཀཱན་རི་བསད་པར་བརྟེན་ནང་སོག་གི་རྩྭ་ཏང་སྟེང་དུ་སོག་པོ་ཚོས་རྒྱའི་དབང་འཛིན་ཡིད་མ་རངས་པའི་ངོ་རྒོལ་ཤུགས་ཆེར་བྱས་པ་དང་། ཕྱིར་ཀྱང་ཕྱི་ནང་གི་སོག་རིགས་ཚོས་ངོ་རྒོལ་ཁྲོམ་སྐོར་སྐད་འབོད་བྱས་པ་རེད།

    ཞེས་པ་འདི་སྐད་ཆ་གསལ་བོ་རེད་འདུག དྲི་བ་དེ་གང་ནས་སླེབས་སོང་བ་རེད་དམ་ཨ་རིག་ལགས། ཧེ་ཧེ་ཧེ

    Reply
  3. དུག་མདའ། says:
    ལོ་ 14 སྔོན།

    ལྟ་ཚོད་ཀྱིས་མཚོ་སྔོན་པོའི་འབྲོག་པ་ཏག་ཏག་ལས་སོག་པོའི་བཟོ་ལྟ་ཞིག་མེད་ཀ

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    རང་གི་ཁེ་ཕན་དང་། མི་ཡི་དྲང་བདེན་སྲུང་རྒྱུ་ནི་འགན་ཁུར་དང་ཁྲལ་ཙམ་མ་རེད། སོང་ཙང་། དངོས་གནས་དྲང་གནས་ཡི་རང་ཡོད།

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    “སྔར་ལོའི་ཕྱི་ཟླ་ ༥ ནང་སོག་རིག་འབྲོག་པ་མའོ་རི་ཀཱན་རླངས་འཁོར་འོག་བརྫུས་ཏེ་དམར་གསོད་བཏང་རྗེས། འདས་པའི་ལོ་ངོ་ ༣༠ ནང་” འདི་མ་ཤེས་ཐལ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སོག་རིགས་ཚོ་ཡང་ཡར་ལོངས་ཤོག ངར་ཤོག རང་གི་ཁེ་དབང་རྩོད་ཤོག

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    དྲི་ལན་དུས་ལྟར་གནང་བར་བཀའ་དྲིན་ཆེ།
    ད་བྱས་དུས་ 内蒙古མ་ཡིན་པར་南蒙古 ཞེས་བྲིས་ན་ད་གཟོད་ས་གནས་མི་དམངས་ཀྱི་འདོད་པ་དང་མཐུན་ཞིང་དོན་ལ་ཡང་གནས་པ་ཡིན་པ་འདྲ། བསྐྱར་དུ་བཀའ་དྲིན་ཆེ་ཞུའོ།།

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ནང་སོག་ནི་རྒྱ་གཞུང་གི་འདོགས་སྟངས་ཤིག་རེད། དཔེར་ན། བོད་ལ་ཞིས་ཙང་ཞེས་བརྗོད་པ་ལྟ་བུ་རེད། ལྷོ་སོག་ནི་ཆེན་པོ་ཧོར་གྱི་ཡུལ་ཏེ་སོག་རིགས་སྤྱི་ལ་ཁྱབ་པའི་ས་ཁྱོན་གྱི་ལྷོ་ཕྱོགས་ལ་གོ་བ་དང་། ད་ལྟའི་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་སོག་པོའི་ས་ཁུལ་རེད། རྒྱ་ཡིག་ནང་”ནན་མཱིན་ཀོ”རུ་འབོད་ཀྱིན་ཡོད་ལ། སོག་པོའི་བདག་དབང་འཐབ་རྩོད་པ་ཚང་མས་འདི་ལྟར་འབོད་པ་ལས། རྒྱ་གཞུང་གི་འབོད་སྟངས་དེ་སྤྱོད་ཀྱིན་མེད་སྟབས། འདིར་གསར་འགྱུར་ནང་དུའང་དེ་ལྟར་བཀོད་པ་ཡིན།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ད་འགྲིག་གི་འདུག
    བོད་དང་ཤིན་ཅང་ཡུ་གུར་མི་རིགས་ཀྱིས་རྒྱ་དམར་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་མི་སྲོག་རྒྱུ་གསུམ་མང་པོར་ཤོར་ཡོད་པ་རེད། ད་ནི་ནང་སོག་ཚོས་ཀྱང་རྒྱའི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་ཙམ་བསྟན་ན་རེད། ཙང་མ་དཔུང་གདེངས་གཅིག་ཏུ་སྦྲེལ་ནས།
    ནང་སོག་ལ་ལྷོ་སོག་ཟེར་བའི་ཐ་སྙད་འདི་ང་ལ་མཚོན་ན་གསར་པ་ཞིག་རེད། འདི་ལ་རྒྱ་ཡིག་ནང་དུ་ཇི་ལྟར་བྲསི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese