མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱའི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་སི་ཌི་ནེ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ། ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་རྣམས་ཀྱིས་ངོ་རྒོལ་སྐད་འབོད་བྱས་འདུག

ཟླ་འདིའི་ཚེས་༣་ཉིན་ཨོ་སི་ཊིར་ལེ་ཡའི་གྲོང་ཁྱེར་སི་ཌི་ནེ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག  བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཁག་བཅས་མི་གྲངས་བརྒྱ་ལྷག་མཉམ་འཛོམས་ཀྱིས། སྔ་དྲོ་དུས་ཚོད་ ༡༡ ནས་ཉིན་རྒྱབ་དུས་ཚོད་ ༡ བར་སི་ཌི་ནེ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བརྩོན་འགྲུས་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་སྐབས། “ང་ཚོ་དེ་རིང་འདིར་ཡོང་དགོས་དོན་ནི་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་མང་རུ་འགྲོ་བཞིན་ཡོད་སྟབས། ང་ཚོས་ངོས་ཀྱང་གང་ཡོང་ཅི་ཡོང་གི་ཐོག་ནས་དཔའ་བོ་དཔའ་མོ་དེ་དག་གི་དམིགས་འདུན་འགྲུབ་ཐུབ་པའི་ལས་འགུལ་སྤེལ་དགོས་ཀྱི་འདུག” ཅེས་སོགས་བརྗོད་སོང་།

ལས་འགུལ་སྐབས་བོད་དོན་རྒྱབ་སྐྱོར་བ་ཨོ་སི་ཊིར་ལེ་ཡའི་ལྕམ་ཁའེ་རེ་ (Kerry) ལགས་ཀྱིས། ཁོང་མོ་ལོ་མང་རིང་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། རྒྱབ་སྐྱོར་བྱེད་དགོས་དོན་ནི་བོད་མི་རིགས་འདི་དྲང་བདེན་དང་ཞི་བདེའི་ཐབས་ལམ་ལ་བསྙེགས་མཁན་ཡིན་པས་རྒྱུ་མཚན་ཡིན་སྐོར་གཏམ་བཤད་གནང་པ་དང་། འབར་མ་རྒྱལ་ཁབ་ནས་ཡིན་པའི་སྐུ་ཞབས་མཱོ་ཨུང་(Moung) ལགས་ཀྱིས་ཀྱང་བོད་དང་འབར་མའི་སྐྱིད་སྡུག་གཅིག་པ་ཡིན་ཚུལ་བརྗོད་ཡོད་པ་རེད།

དེ་བཞིན། རྒྱ་ནག་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཆཱིན་ཆཱིན་(Qing Qing)ལགས་ཀྱིས་ཀྱང་གཏམ་བཤད་སྤེལ་ཏེ། རང་ཉིད་ཀྱིས་དུས་ཡུན་རིང་བོའི་ནང་བོད་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་བོད་རིགས་དང་རྒྱ་རིགས་གཉིས་ལ་རང་དབང་མེད་པ་ནི་གཅིག་མཚུངས་ཡིན། ཉེ་ཆར་བོད་ནང་ལ་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་དེ་སུམ་བཅུ་རྩ་གྲངས་ལ་སླེབས་ཡོད་ལ་ཞེ་དྲག་གི་ཡིད་སྐྱོ་དགོས་བ་ཞིག་རེད། མང་ཆེ་བ་ན་གཞོན་ཤ་སྟག་ཡིན་པ་དང་ཚང་མ་རང་དབང་གི་ཆེད་དུ་འདི་ལྟར་གྲོངས་པ་རེད། དམིགས་བསལ་གྱི་རྒྱ་གར་ནང་རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ལ་མཚོན་ན། ལོ་ངོ་གཉིས་ཙམ་གྱི་སྔོན་ལ་རྒྱ་གར་ནང་བོད་དོན་བགྲོ་གླེང་ཞིག་གི་སྐབས་སུ་ང་ཁོང་ལ་ཐུག་མྱོང་། དེར་བརྟེན། ངས་དེ་རིང་འདི་ནས་ཆེས་རིན་ཐང་ཆེ་བའི་ན་གཞོན་དཔའ་བོ་དཔའ་མོ་དེ་ཚོར་གུས་འདུད་ཞུ་ཞེས་བརྗོད་སོང་།

མཐར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་མང་རྣམས་ཀྱིས་བདེན་ཚིག་སྨོན་ལམ་དང་མི་མང་ལངས་གླུ་དབྱངས་རྟར་དྲངས་ཏེ་ལས་འགུལ་མཇུག་བསྡུས་སོང་།
ས་གནས་ནས་བཀྲ་ཤིས་རྒྱ་མཚོས།

མཆན། 6

  1. འཁྱམ་པོ། says:
    ལོ་ 11 སྔོན།

    ༧གོང་ས་མཆོག་གི་མཛད་རྗེས་མ་བསུབས་རོགས།

    རྒྱ་ཆེ་བའི་བོད་ཀྱི་མང་ཚོགས་རྣམ་པ་གསོན་དང་། ཁྱེད་ཚོས་ཞི་བའི་ལས་འགུལ་སྤེལ་བ་ནི་ཁ་ཚ་དགོས་གཏུག་རེད་དེ། རྒྱ་ནག་དང་། སྲིད་འཛིན་ཧུའུ་ལ་ཚིག་ངན་དང་། པར་རིས་མཐོང་ན་འཇིགས་སུ་རུང་བ་དེ་དག་གནང་མ་སྡོད། དེས་རྒྱ་ནག་གི་མི་སེར་བོད་ཀྱི་ཆོས་དང་རིག་གཞུང་ལ་དད་འདུན་དང་།
    དོ་སྣང་ཡོད་མཁན་ཚོས་མཐོང་སོང་ན་དུང་བ་ལོག་སྲིད་པ་རེད། ངས་བལྟས་ན་༧གོང་ས་མཆོག་གིས་མི་ལོ་ལྔ་བཅུ་ལྷག་ལ་ཤུགས་སྣོན་བརྒྱབ་ཏེ་འཛམ་བུ་འདིའི་གོང་བྱང་སེམས་ཀྱི་དེད་དཔོན་ཞེས་ཀུན་གྱིས་བཀུར་ཞིང་། བསྔགས་བརྗོད་བྱེད་བཞིན་པ་དང་། དེ་དང་མཚུངས་པའི་བོད་ཀྱི་ཆོས་བརྒྱུད་དང་ཆབ་སྲིད་ཀྱི་གཙོ་འཛིན་རྣམ་པས་ཀྱང་བྱས་རྗེས་བླ་མེད་བཞག་པ་ཡོད་པ་རེད། བོད་པའི་གཞོན་སྐྱེས་ཚོས་གཟབ་གཟབ་གནང་སྟེ། མདུན་རྒྱབ་གཉིས་ལ་ཡག་པོ་ལྟོས་མ་གཏོགས། ཁྱེད་ཚོས་སྔོན་གྱི་རྒན་རབས་པ་ཚོའི་སྡིག་རྡུགས་དང་གཏམ་ངན་ཁྱད་དུ་བསད་དེ་བསྒྲུབ་བཞག་པའི་བྱས་རྗེས་དག་ལོ་གཅིག་གཉིས་ནང་མེད་པ་བཟོ་སྲིད་པ་དང་། བོད་ཟེར་དུས་འཛམ་བུ་གླིང་འདིའི་གོང་ལ་ཞེ་མེར་བ་ཞིག་དང་། ལྟར་མི་འདོད་པ་ཞིག་ཏུ་མི་བསྒྱུར་བའི་ངེས་པ་གང་ཡང་མི་འདུག བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ་ཟེར་བ་གོ་ཡོད་རྒྱུ་རེད། རང་བཙན་དང་། རང་དབང་ཟེར་བ་དེ་ཚིག་ངན་དང་། པར་རིས་ཙམ་གྱིས་ལེན་ནུས་སམ། ཁྱེད་ཚོས་མིའི་མིག་སྔར་མཐོང་མ་བདེ་བའི་ལས་དེ་ཚོ་མ་བྱེད་རོགས། ངོ་མ་སེམས་ཤུགས་ཡོད་ན་བོད་དོན་འཛམ་གླིང་འདིའི་སྒང་གི་མི་ཚང་མའི་རྣ་བར་འགྲོ་བའི་ཐབས་ལམ་དང་། རང་གཞན་གྱི་ཤེས་ཡོན་རྩ་བ་སྐད་ཡིག་དང་། ཁྲིམས་ལུགས་སོགས་ལ་གཤིས་ཕྱིན་པ་སྦྱོངས་ཤིག
    རྒྱ་གར་དབྱིན་ཇིའི་འོག་ཏུ་ལོ་ཉིས་བརྒྱ་ཙམ་བསྡད་པ་རེད། དབྱིན་ཇིས་གང་ལ་གང་འཚམས་ཡར་རྒྱས་བཏང་ཟིན་པ་དང་། རང་ལ་དགོས་རྒྱུའི་གཏེར་དངོས་དག་ཁུར་ཚར་རྗེས་གཱན་དཱི་རྗེའི་ལས་འགུལ་ལ་བརྟེན་ནས་ཕྱིར་སྤྲད་པ་རེད། དེ་བཞིན་བོད་དེ་ཡང་དུས་ནམ་ཞིག་ན་རང་ལག་ཏུ་སླེབ་ངེས་པས་བྲེལ་བ་གནང་གི་མ་འདུག ད་ལྟ་ལོ་ལྔ་བཅུ་ལས་ཕྱིན་མེད་པ། ད་ལྟ་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་རྣམ་པར་སློབ་སྦྱོང་སྤྲོད་པའི་དུས་ཚོད་རེད་དེ་ད་ལོའི་ལས་འགུལ་དེས་ཕལ་ཆེར་མཇུག་སྡོམ་རྒྱག་ཚར་བ་འདྲ་པོ་ཞིག་མཐོང་སོང་། དེ་ཕྱིར་བོད་དང་། རྒྱ་གར་གཉིས་སུ་ཚེ་སྲོག་ཞུགས་ལ་ཕུལ་མཁན་སུམ་ཅུ་ལ་ཟིན་པ་རེད། དེ་ཚོའི་ཆེད་དུ་ལས་འགུལ་རྩ་བ་ནས་མ་སྤེལ་ན་ག་ལ་འགྲིག ཤུགས་ལོས་རྒྱགས། ཡིན་ན་ཡང་ལྟར་སྣང་མི་མཛེས་པ། མི་རིགས་སྤྱི་དང་། འཛམ་གླིང་སྤྱི་ལ་ཕོག་ཐུག་འགྲོ་བའི་ལས་འགུལ་སྤེལ་གྱི་མ་འདུག ཁ་ཆེ་ཟེར་དུས་འཛམ་གླིང་འདིའི་སྒང་ལ་དགའ་མཁན་དེ་ཙམ་མེད་པ་དེ་སྦྱོར་རྩུབ་འདི་ལས་བྱུང་བ་རེད།
    ད་དུང་བོད་དང་རྒྱ་གར་གཉིས་ནས་བོད་ཀྱི་ནང་ཆོས་ལ་ཁ་གཏོང་སྡོད་མཁན་སྐྱ་སེར་གཉིས་ཀའི་ནང་དུ་ལོ་རེ་བཞིན་ཇེ་མང་ལ་འགྲོ་བཞིན་པའི་ཚོར་སྣང་བྱུང་། དེ་ནི་རྒྱུ་མཚན་རྣམ་དག་གང་ཡང་མེད་པར་མྱི་རྫ་ཁྱི་ཞེན་བྱེད་བསྡད་པ་ལས། གནས་སྐབས་དང་མཐར་ཐུག་གཉིས་ཀ་ལ་དགེ་ཕན་གང་ཡང་མེད་པ་མ་ཟད། བོད་ཀྱི་རིག་གཞུང་ནི་ནང་ཆོས་དང་ཁ་འབྲལ་ཐབས་མེད་པ་ཞིག་དང་། ནང་ཆོས་མེད་ན་བོད་ལ་ངོམས་རིན་ཡོད་པ་གཏན་ནས་མེད་པ་རེད། བོད་ཀྱི་བླ་རྒན་ཚོ་འཛམ་བུ་གླིང་འདིའི་སྒང་ལ་འགྲོ་དོན་ཅུང་ཟད་ཡོད་པ་ནང་ཆོས་ཀྱི་དྲིན་རེད། ནང་ཆོས་ཁྱབ་སྤེལ་ཅི་ཙམ་སོང་ན་བོད་ལ་ཕན་ངེས་རེད། གོང་ས་མཆོག་གིས་ནམ་རྒྱུན་གསུང་བསྡད་རྒྱུ་ཞིག་ནི། རྒྱུ་མཚན་ལྡན་པ། ཞག་རྩི་ལྡན་པའི་བོད་གངས་ཅན་རིག་གཞུང་། ནང་པ་སངས་རྒྱས་པའི་ཆོས་དེ་ཉིད། བོད་ཀྱི་གཞོན་སྐྱེས་ཚོས་ངེས་པར་སྦྱང་ཤོག་ཨ། ཞེས་ག་དུས་ཡིན་ན་ཡང་བཀའ་ཕེབས་བསྡད་པ་དེ་ལ་དགོས་པ་དང་། རྒྱུ་མཚན་ཡོད་ནས་གསུངས་པ་རེད་མ་གཏོགས། བོད་ལ་དགེ་ཕན་མེད་ན་ཁོང་གི་དུས་ནམ་ཡང་གསུང་གི་མ་རེད། དེའི་ཕྱིར་དགོན་སྡེ་དག་གིས་ཀྱང་འདིའི་སྐོར་ལ་གྲྭ་བཙུན་ནང་བསྒྲིགས་ཁྲིམས་ངེས་ཅན་འཇོག་དགོས་པ་དང་། བོད་ཀྱི་གཞོན་སྐྱེས་ཚོས་ཐུགས་ལ་ནན་པོ་འཛིན་དགོས་པར་སེམས། འཛམ་གླིང་འདིའི་གོང་ལ་བོད་ཀྱི་རིག་གཞུང་གིས་ཞི་བདེ་བསྐྲུན་པའི་ལོ་རྒྱུས་སྔར་ཡང་མང་པོ་ཡོད་པ་རེད། དེ་ཕྱིར་གཞིས་བྱེས་གཉིས་ཀྱི་བོད་མི་དང་། རྒྱ་ནག་གཞུང་ངོས་ནས་སྲུང་སྐྱོབ་ལེགས་པར་བྱ་རྒྱུ་དེ་གལ་ཆེན་ཞིག་དང་། འཇིག་རྟེན་འདིའི་ཞི་བདེའི་ཆེད་དུ་རེད།
    བོད་ཀྱི་དཔེ་ལ། འཛུབ་མོ་གཅིག་གིས་གནམ་མི་ཁོག གྲོག་མའི་གཅིན་གྱིས་ས་མི་སྦང་ཟེར་བ་བཞིན་འཛམ་གླིང་འདིའི་སྟེང་གི་མཁྱེན་ལྡན་ཚང་མས་དོ་སྣང་གནང་བསྡད་པའི་རིག་ཞུང་ཞིག་ལ་སྐྱོན་འདོགས་བྱས་བསྡད་ན་འགུལ་བསྐྱོད་ཆེན་པོ་ཞིག་གཏང་ཐུབ་རྒྱུ་མ་རེད། ཡིན་ན་བོད་རང་གི་ལོ་རྒྱུས་དང་། ནང་ཆོས་ཀྱི་གོ་རྟོགས་ཞན་པའི་གདོང་དམར་བའི་བློ་གྲོས་གསར་པ་འདི་ཚོ་ལ་གནོད་ངེས་རེད། གང་ཡིན་ཞེ་ན་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་གང་རུང་ལ་སྦྱང་འབྲས་ལེགས་པོ་ཞིག་མེད་ན། ཆུ་སྣ་གར་ཁྲིད་ཀྱི་དཔེ་བཞིན་མི་གཞན་ཞིག་གི་ལད་མོ་བྱེད་བསྡད་པ་ལས། རང་ལ་ལྟ་གྲུབ་དང་། དཔྱོད་ཤེས་ཡང་དག་མེད་པས་བསྒྱུར་ལས་སླ་བ་རེད། ད་དུང་དམིགས་བསལ་ཅན་ཞིག་ཞུ་འདོད་པ་ནི་གྲྭ་བཙུན་འདི་ཚོ་འཚང་མི་དགོས་ས་རྩ་བ་ནས་མི་འདུག ཨ་ཕས་བཤས་བཤའ་ས་ནས་ཨ་མའི་འཐག་འཐག་ས། ཆོས་དང་སྲིད། འཁོར་བ་དང་མྱང་འདས་ཚང་མར་ཐེ་གཏོགས་དགོས་མཁན་ཞིག་ཆགས་འདུག གཅིག་ཅེ་ན་ལྟས་ངན་ཡིན་ས་རེད། ངས་བསམ་ན་ཁྱེད་ཅ་རྣམ་པ་མར་མེའི་ཁྲོམ་སྐོར་རེ་ལ་ཕེབས་ན་ཕེབས། ཟས་བཅད་ཙམ་རེ་གནང་ན་གནོངས་ཤོག དེ་ལས་གཞན་རྒྱ་ནག་གི་གཞུང་ཚབ་མདུན་དང་། རྒྱ་ནག་གི་དཔོན་རིགས་ངན་སྨྲས་དང་མཚང་འབྲུ་བྱ་སར་འགྲོ་མ་འདུག མཛེས་པོ་ཞིག་རྩ་བ་ནས་མི་འདུག གལ་སྲིད་ངོ་མ་བོད་ཀྱི་བསྟན་པ་དང་ཆབ་སྲིད་ལ་དོ་སྣང་ཆེན་པོ་ཡོད། ལས་འགུལ་འདྲ་མིན་ནང་ཞུགས་མ་བསྡད་ན་འདུག་བཟོད་བྲལ་བའི་སེམས་ཚོར་ཞིག་གིས་ཉེན་ཡོད་ན་གཟན་ཤམ་ཕུད་རོགས་གནོངས།
    ད་དུང་རྒྱ་ནག་གཞུང་ངོས་ནས་བོད་ལ་འཛིན་པའི་སྲིད་ཇུས་ལེགས་སུ་མ་བཏང་ན་བོད་ཀྱི་བདེ་སྡུག་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པ་ཚོས་རྒྱ་ནག་ལ་འགོག་རྒོལ་གྱི་སྐབས་འཚོལ་སྲིད་པ་དང་། གལ་སྲིད་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་རྡུག་ར་གཏོང་འོང་དུས་རྒྱ་ནག་གིས་དེ་དག་གི་གང་བཤད་ཉན་ན་དེ་གས་འཐུས་ཀྱང་། དེ་ནི་དུས་ནམ་ཡང་མི་སྲིད་པ་ཞིག་རེད། སུས་བོད་ལ་རོགས་སྐྱོར་ཞི་དྲག་གང་བྱེད་ན་ཡང་དེ་ལ་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་རྒྱ་ནག་གཞུང་ནས་བྱེད་བཞིན་ཡོད་པ་ཚང་མས་ཤེས་ཡོད་རྒྱུ་རེད། གལ་སྲིད་སྟོབས་ཆེན་རྒྱལ་ཁབ་དག་གི་དམག་འཁྲུག་འོག་འཆི་ལ་ཉེ་བའི་རྒྱ་བོད་ཀྱི་མི་སེར་དག་ལ་ཐུགས་བསམ་བཞེས་མཁན་རེ་ཡོད་ན། ད་ལྟ་ནས་ཐུགས་བསམ་བཞེས་རོགས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་རྒྱུ་ཡིན། རི་བོ་ཧི་མ་ལ་ཡར་སྦས་པའི་རྒྱ་ནག་གི་མཚོན་ཆ་དང་། ཕྱོགས་བཞིའི་རྒྱལ་ཁབ་ཚོའི་མཚོན་ཆ་དག་བསྡུར་དགོས་བྱུང་ཚེ་ཕྱི་ཚར་བ་རེད་ལ། རྡུལ་ཕྲན་མཚོན་ཆའི་གཞོབ་ཏུ་བསྲེགས་ཟིན་པའི་བོད་ཀྱི་སྣོད་བཅུད་གཉིས་རྗེས་ནས་འཐོབ་ན་ཡང་དགེ་ཕན་མེད་པར་ཆགས་སྲིད་པ་རེད། དེ་ཕྱིར་ད་ལྟ་ནས་བསམ་ཤེས་རེ་ཡོད་ན་བོད་དང་བོད་མི་ལ་བརྟེན་ནས་འཛམ་བུ་གླིང་འདི་མི་བདེ་བའི་ཆག་སྒོ་དག་འགོག་ཐབས་ལ་འབད་དགོས་པ་ནི་ཁ་ཚ་དགོས་གཏུག་རེད།
    བོད་དོན་འདིས་གོ་ལ་ཧྲིལ་པོ་མེ་ནང་དུ་གཞོམ་པ་དང་། མཚོན་འོག་ཏུ་མི་བསྐྱལ་བའི་ངེས་པ་མི་འདུག་པས་བསྟན་པ་སྤྱི་དང་བྱེ་བྲག མི་རིགས་སྤྱི་དང་བྱེ་བྲག་གི་མ་འོངས་པའི་ཕུགས་འདུན་དང་། དགེ་ཕན་ལ་ཐུགས་བསམ་ལེགས་པར་མ་བཞེས་ན་ཆོས་ཀྱི་འབྱུང་གནས་ཤིག་འཛམ་གླིང་འདི་ཕུང་ལ་སྦྱོར་བའི་རྒྱུ་རུ་འགྱུར་སོང་ན་ནང་པ་སངས་རྒྱས་པ་སྤྱིའི་ཞབས་འདྲེན་དང་། ཡང་དགོས་བོད་ཁ་བ་གངས་ཅན་པའི་ཞབས་འདྲེན་ཞིག་མ་རེད་པས། ང་ཚོས་ཇི་ལྟར་རྩོད་ཀྱང་མཐར་ཕམ་ཁ་ཉོ་རྒྱུ་ཉག་གཅིག་རེད། རྒྱ་ནག་མང་གཙོ་འགྱུར་བ་ལ་བསྒུག་འདོད་ན་རྒྱལ་ཕྱི་ནང་གི་བོད་མི་ཚོས་རྙོག་གྲ་བཟོ་མ་སྡོད། གལ་སྲིད་མང་གཙོའི་རྒྱལ་ཁབ་ཅིག་ཏུ་འགྱུར་སོང་ན་བོད་མིའི་ཚེ་སྲོག་མ་བཏང་རུང་འགྱུར་བ་འགྲོ་ངེས་རེད། སྐབས་དེ་དུས་རང་དབང་ཞིག་རག་པའི་དབང་དུ་བཏང་ན་ཡང་རྒྱ་ནག་མི་རིགས་དང་དཔུང་པ་མཉམ་དུ་གཤིབ་ནས་འདུག་དགོས་པ་དེ་ལས་དབང་གིས་བསྐོས་པ་ཞིག་སྟེ། གཅིག་ནས་ཁྱིམ་མཚེས་རེད། གཉིས་ནས་སྟོབས་ཆེན་རྒྱལ་ཁབ་རེད། གསུམ་ནས་འབྱོར་ལྡན་ཡིན་དུས་དཔལ་འབྱོར་གྱི་འདུ་འགོད་ལ་མ་བརྟེན་རང་བརྟེན་རེད། དེ་ཕྱིར་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ངོ་རྒོལ་བྱ་རྒྱུ་མཚམས་ན་ལེགས་ཤོས་རེད་ལ། རྒྱ་ནག་གཞུང་ནས་ཀྱང་བོད་ལ་འཛིན་སྟངས་དེ་སྔར་ལས་ལེགས་སུ་བཏང་སྟེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཇེ་ལེགས་སུ་གཏོང་ཐུབ་ན་གཉིས་ཀའི་དགེ་ཕན་བསྒྲུབ་ཐུབ་པར་སེམས།
    སྤྱི་ལོ་༢༠༡༢་ཟླ་བ་༣་ཚེས་སུམ་ཅུ་ལ་ཨོ་རྒྱན་ཉི་མ་རྡ་ས་ནས་ཕུལ།
    མཐའ་མའི་བསྐྱར་བཅོས། ( ‘༢༠༡༢, ༠༤, ༣’ )

    Reply
  2. ཤིང་ལོ། says:
    ལོ་ 11 སྔོན།

    ང་ཚོར་རང་དབང་མ་བྱུང་བར་དུ་ལས་འགུལ་སྤེལ་དགོས་ལ། དེ་ཡང་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་བརྩིས་ན་དཀའ་ངལ་མེད་ཅིང་སྤྲོ་སྣང་ལྡན།

    Reply
  3. ཆོས་བཟང་། says:
    ལོ་ 11 སྔོན།

    རེད་རེད་ཨོ་སི་ཌིར་ལེ་ཡ་ན་དངོས་སུ་རྒྱ་གཞུང་གི་གདུག་རྩུབ་འོག་ནས་འཇིགས་སྐྲག་དང་མནར་གཅོད་མྱོང་ཡོད་མཁན་མང་པོ་ཞིག་ཡོད་རེད། ལས་འགུལ་ཅུང་ཙམ་ངར་ཤུགས་ཅན་ཞིག་ཡིན་རྒྱུ་རེད། རྒྱུན་སྐྱོང་རྒྱུ་ཧ་ཅང་གལ་ཆེ་གི

    Reply
  4. ཆོས་བཟང་། says:
    ལོ་ 11 སྔོན།

    ལས་འགུལ་བ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཁྱེད་ཅག་གི་ལས་འགུལ་གྱི་གྲུབ་འབྲས་མགྱོག་ནས་མྱུར་དུ་ཐོན་ཐུབ་པའི་རེ་བ་ཡོད།

    Reply
  5. ཆོས་བཟང་། says:
    ལོ་ 11 སྔོན།

    ཨོ་སི་ཊི་ལེ་ཡ་ནི་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་རྒྱ་ནག་དམང་གཙོ་དོན་གཉེར་བ་དག་གི་སྣེ་ཁྲིད་མང་པོ་ཡོད་ས་ཞིག་ཡིན་པས་དམངས་གཙོ་དང་རང་དབང་ཆེད་རྒྱ་བོད་གཉིས་མཉམ་འབྲེལ་གྱི་ལས་འགུལ་རེ་སྤེལ་ཐུབ་ན་དགེ་མཚན་ཆེ་བར་སེམས་

    Reply
  6. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 11 སྔོན།

    བོད་དོན་ལས་འགུལ་སྤེལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།། དེ་གར་ཡོད་པའི་བོད་རིགས་རྣམས་ཕལ་ཆེ་བ་བོད་དོན་ཐོག་དངོས་སུ་མཐོང་ཐོས་མྱོང་གསུམ་གྱི་འབྲེལ་ནས་ཡོད་པས་ལས་འགུལ་ལ་ནུས་པ་དམིགས་བསལ་ལྡན་ངེས་དང་། བོད་དོན་བདེན་མཐའ་མ་གསལ་བར་འཐབ་རྩོད་གནང་རྒྱུ་ནི་ང་ཚོའི་འོས་འགན་ཞིག་རེད། བཀྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist