མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབའ་བ་ཕུན་དབང་མཆོག་གི་མི་ཚེའི་ལོ་རྒྱུས་བཀླགས་བྱང་།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་འདུས་མིག་ཆུ། ས་རཱ།

འབའ་བ་ཕུན་ཚོགས་དབང་རྒྱལ་ནག་པོ་ཞིག་རེད་ཅེས་སྨྲ་མཁན་གྱི་མི་རེ་གཉིས་མཆིས་ལ། དགེ་སྐྱོན་གྱི་ཆ་གཉིས་ཆ་འདུག་ཅེས་སྨྲ་བའི་སྐྱེས་བུ་འགའ་ཞིག་ཀྱང་འདུག་མོད། བདག་ལ་མཚོན་ན་འབའ་བ་ཕུན་ཚོགས་དབང་རྒྱལ་གང་ཉིད་ཤོག་བུ་ཞིག་ཡིན་པའི་དབང་དུ་བཏང་ན། ནག་ཐིག་གིས་མ་གོས་བའི་ལྷད་མེད་དྭངས་གཙང་འབའ་ཞིག་རེད་ཅེས་སྨྲ་བར་འདོད། འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་རྒན་དེ་བཀླགས་ནས་བསམ་ཤེས་བྱེད་ཤེས་ཤིང་། དོན་དངོས་ལ་ཕྱོགས་པའི་མི་གང་མང་ཞིག་གིས་སྤྱན་ཆབ་བསིལ་མ་མྱོང་མཁན་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད།

དེ་ནི་འབའ་ཕུན་སྐྱོ་དྲག་པ་དང་ནུས་པ་ཞན་དྲག་པས་མ་ཡིན་པར་འདི་ཉིད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་དང་།
ཕུགས་རྒྱང་རིང་བའི་མི་རིགས་རང་ལུགས་ཀྱི་བསམ་བློར་དོན་ཕན་ལྡན་པའི་རོགས་འདེགས་བྱེད་མཁན་ཞིག་མེད་པས་ཅི་ལ་མིན་ཨང་།

གང་ལྟར་འབའ་ཕུན་གྱི་སྐུ་ཚེའི་ལོ་རྒྱུས་ཁྲོད་ཀྱི་མི་རིགས་ལ་བཅངས་པའི་ལ་རྒྱ་དེ་ནི། ཆུང་བྱིས་པ་ནས་བཟུང་སྟེ་ལོ་རྒན་བརྒྱད་ཅུར་བརྒལ་སོང་ནའང་། འགྱུར་མེད་གཡུང་དྲུང་གི་རང་གཤིས་དང་འདྲ་བར་བརྟན་པོ་བརྟན་རྐྱང་བྱས་ནས་ད་བར་བསྡད་ཡོད་པ་རེད། དེ་ལྟ་ན་འབའ་ཕུན་ཞེས་པའི་མི་སྣ་གསོན་པོ་དེ་ནི། བདག་གི་སྙིང་ཁམས་ན་འོད་པོ་ཆེ་ཞིག་དང་འདྲ་བར་དུས་རྒྱུན་དུ་འཚེར་བཞིན་པ་ནི། འབའ་ཕུན་གང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་ཁྲོད་སུས་ཀྱང་འགྲན་མི་བཟོད་པའི་མི་གཤིས་ཤིག་དང་། སུས་ཀྱང་སྦྱངས་པ་བྱེད་མ་མྱངས་པའི་མི་རིགས་རང་ལུགས་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཞིག་ཡོད་པའི་ཡིན་སྲིད་ལ། ཡང་ན་ང་རང་ཉིད་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱེད་པའི་ཡ་གཅིག་གི་མིག་ཟུང་བྲལ་སོང་བའམ། གཅིག་བྱས་ན་རང་ཉིད་མི་རིགས་ཀྱི་ཤ་ཞེན་སྙིང་དང་གློ་བར་བསྐྱིལ་བའི་ཡུལ་ལུང་ག་གེ་མོ་ཞིག་གི་ཁྲོད་དུ་སྐྱེས་སོང་བའི་ཤུགས་རྐྱེན་གྱིས་ཀྱང་ཡིན་ངེས་སྙམ། གང་ལྟར་འབའ་བ་ཕུན་ཚོགས་དབང་རྒྱལ་ནི། བོད་མི་རིགས་ལ་མཚོན་ན། ནམ་ཡང་ཞེན་ཁོག་ཅན་ཚོས་ཨ་མདོའི་དགེ་འདུན་ཆོས་འཕེལ་དང་། དབུས་གཙང་གི་དུང་དཀར་བློ་བཟང་འཕྲིན་ལས་ཞེས་ཡར་ལ་བཏགས་པའི་མཁས་པ་ལྟ་བུ་ཞིག་མ་ཡིན་པར་བོད་རང་གི་ས་ཁ་ས་ཐོག་ནས་སྐྱེས་ཤིང་མཚར་བའི་མཁས་པ་ཞིག་ལེགས་སོ།།

 
༡
མིའི་ཤུགས་རྐྱེན་གྱིས་རང་གཤིས་ལྡན་པའི་མི་སྣ་ཞིག་གི་སེམས་ཁམས་བསྐྲུན་པ།

འབའ་ཕུན་མཆོག་ནི་ཡུན་རིང་ཞིག་ལ་རྒྱ་འོག་ནས་དཀའ་སྡུག་རིམ་པར་མྱོང་ཞིང་། སྐབས་དེར་བོད་གཞུང་གིས་ཡལ་བར་བོར་བའི་འབའ་ཐང་དུ་ ༡༩༢༢ ནང་དུ་སྐྱེས། སྤྱིར་བཏང་འབའ་ཐང་གི་བོད་མི་ཚོ་ནི། བཀྲུས་ན་འདགས་ཐབས་མེད་པའི་བོད་པ་གཙང་མ་ཞིག་ཡིན་ལ། འབའ་ཐང་ནི་བསྒྱུར་ན་འགྱུར་དུ་མེད་པའི་བོད་བཙན་པོའི་དབང་ལུང་གི་ཁྱབ་པའི་ས་སྡེ་ངོ་མ་ཞིག་ཡིན་པ་ནི། ལོ་རྒྱུས་དེབ་ཐེར་ཀྱི་ཡིག་ལམ་ན་གསལ་ཐག་ཆོད་ཅིག་ཡོད་མོད། ཡིད་ཕངས་བ་ཞིག་ལ། ཕྱི་ལོ་ ༡༩༡༧ དང ༡༩༡༨ དབར་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱིས་སྣེ་ཁྲིད་པའི་མདའ་དཔོན་བརྒྱད་ལས་གྲུབ་པའི་རྒྱ་བོད་དམག་འཁྲུག་གི་དུས་ཟིང་བྱུང་སྐབས་སུ། རྒྱ་སྐྱག་དེ་ཚོ་སྐབས་དེའི་བོད་ཀྱི་མདོ་སྤྱི་གཙོས་པའི་བོད་མི་དཔའ་རྒོད་དག་གིས་དྲག་རྒོལ་ཁོ་ན་ལ་བརྟེན་ནས་འབྲི་ཆུའི་ཕ་རོལ་ཏུ་མཐར་སྐྲོད་བཏང་བ་ཡིན་མོད། ས་མཚམས་གྲོས་མོལ་བྱེད་པའི་སྐབས་སུ་འབའ་ཐང་ནི་སྔར་བཞིན་རང་གི་མེས་པོའི་རྒྱལ་ཁོངས་སུ་མ་ཚུད་པར། དགྲ་སྡེའི་མངའ་འོག་ནས་མི་འདོད་བཞིན་དུ་ལུས་པ་རེད། སྐབས་དེར་འབའ་ཐང་གི་དཔའ་རྒོད་ཚོ་གཙོས་པའི་ཁམས་ཀྱི་མི་སེམས་ལྡན་པ་དག་གིས་རང་ཉིད་རང་གིས་སྲུང་སྐྱོབ་བྱེད་པ་ལས་སྐྱབས་དང་མགོན་གཞན་ཞིག་མེད་པའི་བསམ་བློ་རང་ཤུགས་ཀྱིས་སྐྱེས་པ་རེད།

དུས་དེ་ནས་ཁམས་པ་དག་གི་སེམས་ཁམས་ན་ཁམས་པ་རང་སྐྱོང་ངམ་ཁམས་པའི་རང་བཙན་ལེན་པའི་དགོངས་ཚུལ་རྦ་རླབས་བཞིན་འཕྱུར་འདུག་པ་རེད། རྒྱ་ནག་གི་གནོན་ཤུགས་དང་རང་གཞུང་གིས་ཡལ་བར་དོར་བའི་ཀུན་སྤྱོད་འདི་ཁོ་ནས་ཁམས་པ་དག་གིས་རང་ཉིད་རང་གི་མགོན་དུ་གྱུར་བའི་གནས་ཚུལ་གསལ་བོར་བྱུང་འདུག ཤུགས་རྐྱེན་དེ་ལ་བརྟེན་ནས་དགུང་ལོ་ཆུང་ཆུང་ལས་མ་སོན་པའི་འབའ་ཐང་གི་ཕྲུ་གུ་ཕུན་ཚོགས་དབང་རྒྱལ་དང་། ཕུན་ཚོགས་དབང་རྒྱལ་དང་འདྲ་བ་དག་གི་སེམས་ཁམས་སུ་ནམ་ཡང་ཁམས་པ་རང་བཙན་གྱི་འདུ་ཤེས་གསར་སྐྲུན་བྱས་འདུག་པ་དེ་རེད།

ལྷག་པར་དུས་སྐབས་དེ་འདྲ་ཞིག་གི་ནང་སྐལ་བཟང་ཚེ་རིང་ནི་འབའ་ཕུན་ལ་ཆེས་ཐོག་མའི་ཁམས་པ་རང་སྐྱོང་གི་འདུ་ཤེས་སྐྱེད་འཇུག་མཁན་གྱི་མི་སྣ་དང་པོ་དེ་ཡིན། སྐབས་དེར་སྐལ་བཟང་ཚེ་རིང་གིས་རྒྱ་དམག་དང་གཡུལ་འཁྲུག་ཚ་ཐག་ཆོད་ཅིག་བྱས་ཏེ། གཡུལ་རྒྱལ་དགའ་སྟོན་ཉིན་ཁོང་གིས་འབའ་ཐང་མི་མང་ལ་ “ད་ཆ་དབང་འཛིན་པ་ཁོ་རང་ཡིན་པ་དང་། བོད་མིས་ཡང་བསྐྱར་འབའ་ཐང་དུ་དབང་བསྒྱུར་བྱེད་པའི་གཏམ་བཤད་དང་། དེ་བཞིན་ཁོང་གི་ཁམས་གསར་པའི་གླུ་གཞིས་”ཞེས་པ་འདི་དག་ལ་བརྟེན་ནས་ལོ་བཞི་ལྔ་ཙམ་ལས་མ་སོན་པའི་འབའ་ཕུན་གྱི་སེམས་ཁོངས་སུ་ནམ་ཡང་ཁམས་པ་རང་བཙན་ཞེས་པའི་ས་གནས་རིང་ལུགས་ཀྱི་འདུ་ཤེས་ཤིག་ངང་གིས་འཁྲུངས་འདུག

 
༢
དཔེ་དེབ་ཀྱིས་འགྱུར་དུ་མེད་པའི་མི་རིགས་རིང་ལུགས་ཀྱི་ཕྱོགས་སུ་ཁྲིད་པ།

འབའ་བ་ཕུན་ཚོགས་དབང་རྒྱལ་རང་ཚུགས་ལྡན་ལ། མནོ་བསམ་ལྡན་པའི་ཚུགས་ཐུབ་ཀྱི་མི་ཞིག་ཏུ་ཆུང་ཆུང་སྐབས་ནས་གྲུབ་ཟིན་དུས། རང་ཉིད་ཀྱི་ལོ་ཇི་ལྟར་ཆུང་ཡང་སེམས་ཁམས་ནམ་མཁའ་ལས་ཀྱང་ཡངས་པ་ཞིག་འཁྱེར་ནས་རྒྱ་ནག་གི་ཕྱོགས་སུ་སློབ་གྲྭར་ཕྱིན་པ་རེད། དེ་ནི་རང་ཉིད་སྐལ་བཟང་ཚེ་རིང་ལྟ་བུ་ཞིག་ཡོང་བར་སྙམ་པའི་བྱིས་བློའི་དྲི་མ་ཞིག་དང་། ཁམས་པ་རང་སྲུང་བྱེད་པའི་ཟབ་བརླིང་གི་སེམས་ཁམས་ཤིག་འཁྱེར་ནས་ཕྱིན་པ་རེད། ཡིན་ནའང་རྒྱ་ནག་ནན་ཅིང་ལ་སློབ་གྲྭར་ཡོད་པའི་སྐབས་སུ་ཝང་དགེ་རྒན་དང་འཕྲད་པ་ལ་བརྟེན་ནས་ཁོང་གི་ཁམས་པ་རང་བཙན་གྱི་འདུ་ཤེས་སེམས་ཁམས་དེ་ཡོངས་སུ་ནོར་བ་དང་གུ་དོག་པ་ཞིག་ཡིན་པའི་ངེས་ཤེས་རྙེད་པ་རེད།

དེ་ཡང་ཝང་དགེ་རྒན་གྱིས་གནང་བའི་ལེ་ཉིན་གྱི་ཕུལ་བྱུང་བརྩམས་ཆོས་ “མི་རིགས་རང་ཐག་རང་གཅོད་ཀྱི་དབང་ཆའི་རྣམ་བཤད” དང་། སི་ཏ་ལིན་གྱི་ “མི་རིགས་སྐོར་གླེང་བ” ཞེས་པ་དག་ལ་བརྟེན་ནས་ཁམས་པ་གཅིག་པོ་མ་ཡིན་པར་སྐད་དང་། ཡི་གེ གོམས་གཤིས་སོགས་ཕྱོགས་གང་ཐད་ནས་གཅིག་གྱུར་དུ་གྱུར་བའི་མདོ་དབུས་མཐོ་སྒང་གི་བོད་པ་ཡོངས་རྫོགས་ཀྱི་བདེ་སྡུག་ལ་ཧུར་བརྩོན་བྱེད་དགོས་པའི་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཤུགས་ཀྱིས་འབར་བ་རེད། སྐབས་དེར་འབའ་ཕུན་གྱི་མི་རིགས་ཀྱི་བདེ་སྡུག་ལ་ལྟ་བྱེད་ཀྱི་མིག་དབང་ནི། ཕྱི་རྒྱལ་བའི་རིག་གནས་ལ་བརྟེན་པའི་སྤྱན་ཤེལ་དེ་ཡིན་ནའང་། ནམ་ཡང་རང་ཉིད་ཀྱི་མི་རིགས་དང་རིག་གནས་ལ་བལྟ་བའི་ཚེ། མིག་ཤེལ་གྱི་མདོག་གི་རྗེས་སུ་མི་འབྲངས་པར་རང་ཉིད་ཀྱི་ལྷན་སྐྱེས་མིག་གིས་ཐོག་མར་མཐོང་བའི་སྣང་ཚུལ་ལ་གཞི་བཅོལ་བྱེད་བཞིན་ཡོད།

རྒྱུ་མཚན་ནི། ལེ་ཉིན་སོགས་ཀྱིས་བཤད་པ་ནི་རུ་སུའི་མི་རིགས་རིང་ལུགས་ཀྱི་འཐབ་རྩོད་ཀྱི་སྐད་ཆ་ཞིག་ཡིན་ནའང། འབའ་ཕུན་གྱིས་རང་ཉིད་ཀྱི་མི་རིགས་ལ་སྦྱར་ནས་བོད་མི་རིགས་ཀྱི་འཐབ་རྩོད་ལ་མངོན་པར་ཕྱོགས་ཡོད། དེ་ནི་འབའ་ཕུན་གྱི་རྣམ་དཔྱོད་ཕུལ་ཏུ་བྱུང་བ་དང་། དཔེ་དེབ་ཀྱི་སྐད་ཆའི་ཐབས་རྩལ་གྱི་ནུས་པ་ཤུགས་དྲག་པའི་དབང་གིས་ཕུན་ཚོགས་དབང་རྒྱལ་གྱི་བསམ་བློར་ནམ་ཡང་འགྱུར་བ་མེད་པའི་མི་རིགས་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་དེ་འཁྲུངས་འདུག་སྙམ།

ཡིན་ནའང་མི་རིགས་རིང་ལུགས་ཀྱི་ཞྭ་ཆེན་ཞིག་གྱོན་ནས་ཕུན་དབང་མཆོག་སློབ་གྲྭའི་གནས་དང་ཁ་བྲལ་དགོས་བྱུང་ཡོད་ནའང་། རང་ཉིད་ཀྱིས་རང་ཉིད་ལ “འགྲིག་ག ཁྱོད་རང་ལམ་གསར་པ་ཞིག་ལ་ཞུགས་བཞིན་པ་རེད། ཁྱོད་ཀྱིས་རང་གི་ལྟ་ཚུལ་དང་རྩ་དོན་གྱི་ཆེད་དུ་འབད་འཐབ་ཆེན་པོ་བྱེད་དགོས་པ་དང་། བློས་གཏོང་ཐུབ་དགོས་པ་མང་པོ་ཡོད་པ་ད་ལྟ་ཤེས་ཡོད་ཀྱང་། དེ་བཞིན་དུ་བྱོས ” ཞེས་རང་ཉིད་སློབ་གྲྭ་ནས་ཕུད་པའི་སྐྱོ་སྣང་གང་ཡང་མེད་པ་ལ།

ཟས་གོས་མི་རག་པའི་སྡར་གཤིས་ཙམ་ཡང་མེད་པར་རང་ཉིད་ལ་རང་ཉིད་ཀྱིས་སྤོབས་པའི་སྐད་ཆ་བཤད་དེ། སྤྱི་ཚོགས་ཁྲོད་དཀའ་སྡུག་གང་འདྲ་ཞིག་བྱུང་ཡང་འཐབ་རྩོད་ཀྱི་གཡུལ་ལས་རྒྱལ་ཐབས་བྱེད་པའི་སྙིང་སྟོབས་ཀྱི་གོ་ཆ་ཞིག་གྱོན་ནས་ལམ་ལ་ཆེས་པ་རེད།

 
༣
བཅོས་བསྒྱུར་བསམ་བློ་དེ་ཡིས་རང་ཉིད་རང་ཡུལ་བྲལ་དགོས་བྱུང་།

འབའ་བ་ཕུན་ཚོགས་དབང་རྒྱལ་ལྷ་སར་ཐོག་མར་ཡོང་དོན་ནི། བོད་སྤྱི་ཚོགས་སྒྲོམ་གཞིར་འགྱུར་བ་ཞིག་ཡོང་བར་རོགས་འདེགས་བྱེད་ཆེད། ཁམས་ནང་འཇབ་དམག་ཅིག་འཛུགས་རྒྱུ་དང་། བོད་རྒྱལ་ཁབ་ཀྱི་རྣམ་པ་ལེགས་བཅོས་བྱེད་རྒྱུ་དེ་ཡིན་མོད། བཅོས་བསྒྱུར་དེ་འདྲ་ཞིག་ཕྱིན་དགོས་ན། ཐོག་མར་ལྷ་སའི་སྐུ་དྲག་གི་བསམ་བློ་དེའི་ཕྱོགས་ལ་འགྱུར་དགོས་པ་དེ་ཡིན་པ་དང་། དེ་ལ་བརྟེན་ནས་ཁམས་ཀྱི་འཇབ་དམག་གིས་རྒྱ་དམག་ཕྱིར་འབུད་གཏོང་རྒྱུ་དེ་རེད། ཕུན་དབང་མཆོག་ལྷ་སར་སླེབས་པའི་སྐབས་སུ་སྐུ་དྲག་དག་ལ་ “བོད་རང་ཉིད་ཕམ་ཉེས་སུ་འགྲོ་བ་ལ། དབྱིན་དང་། རྒྱ་ནག་སོགས་གང་ཡང་མི་དགོས་པར་རང་ཉིད་རང་གིས་ཕམ་ཉེས་སུ་གཏོང་བའི” ལམ་སྟོན་ཤར་མར་གནང་ཡོད། དེ་ནི་བོད་མང་ཚོགས་ལ་ཁྲལ་ཆགས་ཡང་དང་། དབུས་ཁོ་ནའི་སྐུ་དྲག་དག་གིས་འཛིན་པའི་སྲིད་བྱུས་བཅོས་བསྒྱུར་བྱས་ཏེ། བོད་ཀྱི་མངའ་ཁོངས་ཇེ་ཆེ་དང་། བོད་ཀྱི་མི་མང་གི་བསམ་བློ་རང་ཕྱོགས་སུ་འགུག་ཐབས་བྱས་ནས། སྟོབས་ཤུགས་གསོག་འཇོག་དང་མི་རིགས་གཅིག་གྱུར་ཞིག་ཆགས་པའི་རེ་བ་འདི་ཁོ་ན་ཡིན་མོད།

མཐར་གང་ཡང་མི་ཤེས་པའི་སྐུ་དྲག་རིང་ལུགས་པ་འགའ་ཞིག་གིས་རྒྱ་མིའི་གསང་ཉུལ་བའི་མིང་རྟགས་བཀོད་པས་སླར་ཡང་རང་ཉིད་ཀྱི་རྒྱལ་ཁབ་དང་བྲལ་དེ། རྒྱ་ནག་གི་ཁྱིམ་དུ་མི་འདོད་བཞིན་འགྲོ་དགོས་ཐུག་པ་རེད།

 
༤
རང་སྐྱོན་ངོས་ལེན་བྱེད་ཐུབ་པས་མི་ཚད་ལྡན་ཞིག་གི་རང་གཤིས་མངོན་པ།

མི་གཤིས་མེད་པའི་མི་གང་མང་ཞིག་གིས་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་ངན་སྨྲས་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་མོད། དེ་ནི་གཞི་འཛིན་ས་མེད་པའི་སྐྱོན་བརྗོད་ཅིག་ཡིན་པ་རེད། སྤྱིར་བཏང་འབའ་བ་ཕུན་ཚོགས་དབང་རྒྱལ་ནི། ནམ་ཡང་མི་རིགས་རིང་ལུགས་ཀྱི་བསམ་བློའི་ལྟ་བ་མཐོན་པོ་ཡོད་པ་ཞིག་རེད་ལ། ཁོང་ནི་མི་རིགས་ཤིག་བཅོས་བསྒྱུར་བྱེད་པའི་འདུ་ཤེས་ཤུགས་དྲག་ཡོད་པའི་སྐབས་དེའི་བོད་ཀྱི་དུས་རབས་གསར་པའི་མིག་འབའ་ཞིག་རེད་ལ། ཕྱི་ནང་གི་གནས་ཚུལ་ཁྱོན་ཡོངས་ནས་གཟིགས་ཤེས་པའི་མེ་ལོང་ངོ་གཉིས་མ་ལྟ་བུ་དེའང་སྐབས་དེར་ཕུན་དབང་ཁོ་ན་རེད།

ཡིན་ནའང་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོམ་མ་ཤེས་ཞེས་པ་ལྟར་སྐབས་དེར་ཕུན་དབང་གི་སྐད་ཆ་ལ་ཆ་འཇོག་བྱེད་མཁན་ཞིག་མ་བྱུང་བས་བོད་བསྒྱུར་བྱེད་པར་རྒྱ་ནག་ལ་བརྟེན་པ་ཡིན་མོད། དེ་ལ་བརྟེན་ནས་ནོར་འཁྲུལ་ཞིག་བསགས་པ་རེད་ཅེས་འགའ་ཞིག་གིས་བཤད་ཁུལ་འདྲ་བྱེད་ཀྱིན་འདུག་རུང་། དོན་དངོས་ནས་བལྟས་ན། དེ་ནི་དཔེ་དེབ་དང་ལག་ལེན་བར་གྱི་རྒྱ་ནག་གི་སྐྱུག་བྲོ་བའི་འགལ་ཟླ་ལ་བརྟེན་ནས་བྱུང་བ་ལས། ཕུན་ཚོགས་དབང་རྒྱལ་གྱིས་བོད་རྒྱ་ཁོངས་སུ་འཇུག་འདོད་པའི་བསམ་བློས་ཀུན་ནས་བསླངས་ཏེ་འོང་བ་ཞིག་ག་ལ་ཡིན། ཡིན་ནའང་འདིའི་ཐད་ནས་རང་ཉིད་ལ་ནོར་འཁྲུལ་ཡོད་པ་རང་ཉིད་ཀྱིས་ངོས་ལེན་བྱས་ཡོད་པས་ན། རང་སྐྱོན་ཤེས་ན་མཁས་པ་ཞེས་པའི་རང་རྟགས་གསལ་བར་མངོན་ཡོད་ལ། མཐའ་ན་མི་ལོ་བཅོ་བརྒྱད་རིང་མི་རིགས་རིང་ལུགས་ཀྱི་ཞྭ་ཆེན་གྱོན་ནས་བཙོན་ཁང་དུ་རང་སྲོག་ལ་བབས་ཀྱང་། མི་རིགས་ཀྱི་འདུ་ཤེས་ནམ་ཡང་གཏོང་མ་མྱོང་། མི་རིགས་འཚོང་མཁན་ཞིག་གིས་སྡུག་གི་ཁུར་ཆེན་འདི་འདྲ་ཞིག་ཁུར་ནས་མནར་གཅོད་མང་བའི་བཙོན་ཁང་ན་འདུག་སྲིད་དམ།

གང་ལྟར་ཕུན་དབང་མཆོག་གིས་མི་རིགས་ཀྱི་འདུ་ཤེས་དང་མི་མང་གི་བདེ་སྡུག་སྙིང་ནས་ནམ་ཡང་དོར་མ་མྱོང་བ་རེད།

 

༥

ལོ་རྒན་བརྒྱད་ཅུར་བརྒལ་སོང་ནའང་མི་རིགས་ཀྱི་འདུ་ཤེས་གློད་མ་མྱོང་།

ལོ་རྒན་བརྒྱད་ཅུར་བརྒལ་བའི་འབའ་བ་ཕུན་དབང་མཆོག་གིས་སེམས་དང་སྙིང་ནས་ནམ་ཡང་མི་རིགས་འདིའི་བདེ་སྡུག་ཁུར་དུ་ཁྱེར་ནས་ཡོད་ལ། ༸གོང་ས་མཆོག་ནི་བོད་རྒྱའི་གནད་དོན་སེལ་བའི་ལྡེ་མིག་ཉག་ཅིག་ཡིན་པ་རྒྱའི་རྩོམ་པ་ཝང་ལི་ཞུང་གིས་བརྩམས་པའི་སྐད་ཆ་ཁུངས་སུ་བྱས་ནས་གཏན་ཚིག་ཡང་དག་གིས་བསྒྲུབས་ཡོད། ཝང་ལི་ཞུང་ཁུངས་སུ་དྲངས་པ་ནི། ཝང་གི་སྐད་ཆ་ཡོངས་རྫོགས་བདེན་པར་འཛིན་འདོད་པས་མ་ཡིན་པར་འདི་ལྟར་བྱས་ན། ཕྱོགས་གཅིག་ནས་དམར་ཕྱོགས་རྩོམ་པ་ཞིག་གིས་བྲིས་པར་ཁོང་ཅག་གིས་བསམ་གཞིག་བྱེད་པ་ཕན་རླབས་ཆེ་བ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་ཉེས་མེད་ཉེས་འགེལ་གྱི་ལས་ཀ་ལམ་ལྷུང་མི་འབྱུང་བའི་དགེ་མཚན་གཉིས་ལ་བལྟས་ནས་བྲིས་པ་ཡིན་ལ། དེ་ཡང་༸གོང་ས་མཆོག་སྐུ་བཞུགས་པའི་སྐབས་འདིར་གཞིས་བྱེས་ལྷན་འཛོམས་ཡོང་བ་དང་། བོད་རྒྱའི་གནད་དོན་གཙང་སེལ་ཡོང་བའི་རྣམ་དག་གི་འདུ་ཤེས་ཉག་གཅིག་ལ་བརྟེན་ནས་སྲིད་འཛིན་ཧོའུ་ཅིན་ཐོའོ་ལ་སྙན་ཞུ་ཐེངས་གཉིས་གསུམ་ཞིག་བསྐུར་ཡོད་པ་རེད།

གང་ལྟར་ཕུན་དབང་གི་མི་ཚེའི་ནང་ཐོག་མའི་ས་གནས་རིང་ལུགས་ཀྱི་འདུ་ཤེས་ནས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཀྱི་གོམ་སྟབས་དང་། ཁྱིམ་ཚང་སློབ་གསོ་ནས་དགེ་རྒན་གྱི་ཟབ་ཁྲིད་སློབ་གསོ་མྱོང་བྱང་གི་བརྒྱུད་རིམ་ནས། གནའ་ནས་ད་ལ་ཐུག་གི་བར་གྱི་འགྱུར་མེད་མི་རིགས་རིང་ལུགས་དང་། མི་རིགས་གསར་བརྗེ་བྱེད་པའི་འདུ་ཤེས་ནམ་ཡང་འགྱུར་མ་མྱོང་ལ། བོད་རིགས་ཀྱི་ཁ་སྟབས་སྐྱོ་བའི་གནས་བབ་དང་ཁ་བྲལ་བྱས་ཏེ་གཏན་ནས་བསྡད་མེད་སྙམ་མོ།།

 སྤྱིར་བཏང་ཕུན་དབང་མཆོག་གི་སྐུ་ཚེ་ལ་འབྲི་རྒྱུ་མང་དུ་ཡོད་མོད། རང་ཉིད་ཀྱི་ཆུ་ཚོད་ཀྱི་དབང་གིས་འདི་ཙམ་ལས་འབྲི་རྒྱུ་མ་བྱུང་ལ། དེའང་སྐྱོ་ལ་སྡུག་པའི་དུས་སྐབས་དེའི་བོད་སྤྱི་ཚོགས་ཀྱི་གནས་བབ་མང་དག་ཅིག་ཕུན་དབང་གི་ལོ་རྒྱུས་ལས་གསལ་མཚོན་ཞིག་འབྲི་རྒྱུ་ཡོད་མོད། ཕུན་དབང་གི་སྐུ་ཚེའི་ལོ་རྒྱུས་རག་པ་ཙམ་དང་། བསམ་ཕྱོགས་ཕྱོགས་རེ་བ་ཙམ་ལས་འབྲི་རྒྱུ་མ་བྱུང་།

 

འབྲེལ་ཡོད་གསར་འགྱུར།

ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨
Mobile App

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེལ་གྷེ་རི་ (Calgary) ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༥།༢༤ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རང་དབང་ལུང་པའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱ་དགོས་སྐོར་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

འཛམ་གླིང་རྒྱལ་ཁབ་ ༧༥ ལ་རྒྱ་ནག་གི་བུ་ལོན་གྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

༢༠༢༥/༠༥/༢༧
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༥།༢༧
Mobile App

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༢༧
Mobile App

བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་སི་ཌི་ནི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུ་ཡིན་འདུག

༢༠༢༥/༠༥/༢༦

མཆན། 12

  1. མགོན་པོ་བསོད་ནམས། says:
    ལོ་ 13 སྔོན།

    སྐུ་ཞབས་འབའ་བ་ཕུན་དབང་ལགས་ཀྱི་བོད་མི་ཞིག་གི་གསར་བརྗེ་ཞེས་པའི་དེབ་ཀྱི་མྱོང་ཚོར་ལས་ཚན་བཤུས་བྱས་པའོ།།
    རྒྱལ་བ་ཡབ་སྲས་ཉི་ཟླ་ཆ་གཅིག་ཁྲོད།།
    དཔུང་འདེགས་སྐར་རྒྱན་རླབས་ཆེའི་གཟི་འོད་ཅན།།
    འབའ་ཡུལ་ཁམས་ཀྱི་མཐོངས་ནས་རབ་འཚེར་བ།།
    ཁྱེད་ཀྱི་ཐུགས་སྟོབས་གནམ་གྱི་ལྟོར་མི་གཤོང་།།

    མགོ་འཐོམ་བོད་གཞུང་སྐུ་དྲག་ཕག་ཁྱུའི་སྣར།།
    སྲིད་དོན་རྣམ་དཔྱོད་གཏམ་གྱི་རྒོལ་བ་རེས།།
    ལོ་མང་རུལ་དྲིས་འགེངས་པའི་ལྷ་སའི་ཁྱོན།།
    གནམ་ས་བླ་འོག་བསྒྱུར་བའི་དབྱར་མགོ་ཚེས།།

    ཁམས་ནས་སྐད་རྒྱང་གཅིག་གིས་ལྷ་སའི་ལྗོངས།།
    མི་ཚུགས་ཡོམ་ཡོམ་འདར་བའི་རང་མདོག་མངོན།།
    སེང་ཁྱོད་སྟོབས་ཀྱི་གཡུ་རལ་གསིག་ཙམ་གྱིས།།
    སྐུ་དྲག་ཝ་སྐྱེས་སྲོག་སྙིང་མགྲིན་པར་འགག།

    ཕུན་ཚོགས་དཔལ་གྱིས་བརྗིད་པའི་སྲིད་ཇུས་ཀྱིས།།
    དབང་རབ་བསྒྱུར་ལ་བདེན་སྟོབས་ཀུན་ལས་རྒྱལ།།
    ཁྱོད་ཉིད་་སྲོང་བཙན་གཉིས་པར་བསྔགས་འོས་མོད།།
    ཆབ་འབངས་སྲིད་དོན་བློ་མིག་ལྡོངས་འདིས་ལན།།

    Reply
  2. བཙན་པོའི་བུ། says:
    ལོ་ 13 སྔོན།

    འབལ་བ་ཕུན་དབང་མི་རིགས་ཀྱི་ལ་རྒྱ་ཅན་ཞིག་ཐོག་མ་ཉིད་ནས་རེད་ལབ་ན་ཅུང་ལོ་རྒྱུས་དང་དོན་དངོས་ལས་ཕྱོགས་པ་ཞིག་ཡིན་པར་སེམས། ཕུན་དབང་མཁས་དབང་མཁས་དབང་ཡིན་མིན་དེ་ཡང་རྩོད་གཞི་རེད། ཕུན་དབང་བོད་ཀྱི་རིགས་གནས་སྟེང་སམ་ཡང་ན་བོད་དང་འབྲེལ་བའི་ཤེས་རིག་ཅི་ཞིག་མཁས་པ་རེད་དམ། ངས་བོད་ཀྱི་ཤེས་རིགས་ལ་མ་མཁས་ན་མཁས་པ་མ་རེད་ཤོད་ཀྱི་མེད། འོན་ཀྱང་ང་ཕུན་དབང་ནི་དམར་པོའི་ལྟ་གྲུབ་ལ་མཁས་པའི་མི་ཞིག་ཡིན་པར་ངོས་འཛིན་བྱེད་པ་ལས་དགེ་འདུན་ཆོས་འཕེལ་དང་དུང་དཀར་རིན་པོ་ཆེ་སོགས་དང་འདྲ་བ་ཞིག་ལ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད། དེ་ནི་ཕུན་དབང་གི་ཤེས་ཚད་ཤེས་ཚད་སྐོར་དེ་ཡིན། ཕུན་དབང་མི་རིགས་ཀྱི་ལ་རྒྱ་ཅན་ཞིག་རེད་ཟེར་ན་ངས་ཁས་ལེན་བྱེད་ཐུབ་ཀྱི་མེད། ཕུན་དབང་དམར་ཤོག་རིང་ལུགས་པ་ཞིག་རེད་ལ་དམར་ཤོག་རིང་ལུགས་པའི་ལྟ་གྲུབ་ལ་བརྟེན་ནས་ཁོ་པས་ཁམས་ཁུལ་རང་སྲིད་རང་སྐྱོང་ནམ་རང་དབང་གི་བདག་དབང་བརྩོད་ཐབས་བྱ་རྒྱུ་དེ་མ་གཏོགས་ཐོག་མའི་ཆར་ཁོ་པས་བོད་མི་རིགས་ཞེས་པ་དེར་དེ་ཙམ་བསམ་བློ་བཏང་མེད་པ་རེད། དེ་ནི་ལོ་རྒྱུས་ཀྱི་དོན་དངོས་རེད། གཉིས་ནས་ང་ཕོད་བསླུ་བྲིད་བྱེད་མཁན་དེ་ཕུན་དབང་རེད། ཕུན་དབང་གིས་བོད་རིགས་གཅིག་པ་ཡིན་མདོག་གིས་རྣམ་པ་བསྟན་ནས་ང་ཕོད་བསླུས་པ་རེད། དེ་ནི་ཕུན་དབང་ཆབ་སྲིད་ཀྱི་ད་ཕྲུག་ཆགས་པའི་སྔ་རྟས་ཐོག་མ་དེ་རེད། གལ་སྲིད་ཕུན་དབང་ལ་བོད་ཞེན་ཡོད་ན་བོད་ནང་ནས་བོད་མིས་འགྱུར་བཙོས་གཏོང་རྒྱུའི་འབད་བརྩོན་མ་བྱས་པར་རྒྱ་དམར་བོད་ལ་ཁྲིད་ནས་བོད་དེ་རྒྱ་ལག་ཏུ་ཤོར་བ་རེད། རྩ་བའི་རྒྱ་དམར་གྱི་ཆབ་སྲིད་དམ་ལྟ་གྲུབ་ཀྱི་གྲིལ་བསྒྲགས་ནི་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་བྱ་རྒྱུ་དེ་རེད། སྲིད་དབང་སྒེར་འཛིན་དེ་མི་མང་ལ་བརྟེན་ནས་བརྩོད་དགོས་པ་རེད། ་འོན་ཀྱང་ཕུན་དབང་ཐབས་བྱུས་དེ་སྤྱད་མེད་པ་རེད། ་དེའི་ཐད་ངས་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཁྱོད་ཆོར་བརྗོད་ཆོག དེ་ཡང་ཕུན་དབང་ཁམས་ཕྱོགས་ནས་བོད་དུ་བསྐྱོད་སྐབས་ལྷ་ཀླུའི་གོང་གིས་མདོ་སྤྱིས་ཕུན་དབང་ལ་བོད་གཞུང་ནང་ལམ་སེང་བསྒྱུར་བཅོས་བྱུ་རྒྱུ་ཁག་སྟབས་རེ་ཞིག་ཆབ་མདོར་བསྡད་ཚེ་མདོ་སྤྱིའི་ངོས་ནས་ཁོང་ལ་ལས་སྣེ་ཞིག་སྤྲོད་རྒྱུར་ཁས་ལེན་བྱས་ཡོད། འོན་ཀྱང་ཕུན་དབང་གི་དེ་དང་ལེན་བྱས་མེད། དེ་རྗེས་ཕྱིས་སུ་མདོ་སྤྱི་དེས་ཁོང་ལ་ཀོང་པོའི་ཁུལ་དུ་གོ་གནས་ཤིག་སྤྲོད་ཐབས་བྱས་པ་རེད། དེ་ཡང་དང་ལེན་བྱས་མེད། གལ་ཏེ་ཕུན་དབང་ལ་དེ་ལྟ་བུའི་བོད་མི་རིགས་འདིའི་སྲིད་ལུགས་བསྒྱུར་རྒྱུའི་ཆོད་སེམས་གཙང་མ་ཡོད་ན་བབ་སྟེགས་དེ་དག་བརྒྱུད་ནས་རང་རེའི་སྤྱི་ཚོགས་སུ་བསྒྱུར་བཅོས་མ་གཏོང་ཐབས་མ་བྱས་པ་གང་ཡིན་ནམ། ངས་ཁས་ལེན་གཅིག་བྱེད་ཐུབ་པ་ནི་ཕུན་དབང་བཙོན་ནས་དོན་རྗེས་རྒྱ་གཞུང་ཞེན་པ་ལོག་ཅིང་རང་རིགས་ལ་ཞུང་ཞེན་བཅོས་མ་མེད་པ་ཞིག་བྱུང་བ་རེད། ཁོ་རང་དཀར་བཏོན་བྱས་ནས་སླར་ཡང་གོ་གནས་ཏོག་ཙམ་རག་པ་དེ་ནི༧གོང་ས་མཆོག་དང་རང་གཞུང་གིས་བཀའ་དྲིན་རེད། ་དེའི་རྒྱབ་ལྗོངས་ནི་ཕུན་དབང་བཙོན་གྲོལ་ཐོབ་ཙམ་སྐབས་ལ་བོད་རྒྱ་ཞི་མོལ་གྱི་ལམ་བུ་ཞིག་བརྙེད་གྲབས་ཡོད་པ་རེད་ལ་རྒྱལ་ལོ་དོན་གྲུབ་ལགས་བོད་ལ་ཕེབས་སྐབས་༧གོང་ས་མཆོག་གིས་པུན་དབང་གང་དུ་ཡོད་མིན་ཐད་བཀའ་མངགས་གནང་ཡོད་པ་རེད། དེར་བརྟེན་ཕུན་དབང་ལ་རྒྱུ་གཞུང་གིས་སླར་ཡང་དོ་སྣང་ཞིག་སྤྲད་པ་རེད། དེས་ན་ཁྱེད་རང་ཚོས་ཕུན་དབང་བཙོན་དུ་མ་ཚུད་གོང་ལ་བོད་མི་རིགས་ཀྱི་ལར་ཞེན་རྣལ་མ་ཞིག་ཡོད་པའི་སྒྲུབ་བྱེད་ག་རེ་ཡོད་དམ། ་འདིར་གསུང་རོགས་གནང་། ངས་ཁས་ལེན་གཅིག་བྱེད་ཐུབ་པ་ནི་སྐབས་དེར་ཁོང་ཁམས་ཞེན་ཆེན་པོ་རེད། གོང་བརྗོད་དེ་དག་ནི་ལོ་རྒྱུས་ཀྱི་ཁ་གྲགས་པའི་དོན་དངོས་རེད་མ་གཏོགས་ངས་ཁྱོག་བརྗོད་གང་ཡང་བྱས་མེད་དོ།

    Reply
  3. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    སྤྱིར་བཏང་བདག་གིས་འདི་ནས་འབའ་བ་ཕུན་ཚོགས་དབང་རྒྱལ་གླེང་དགོས་དོན་ནི། བོད་གངས་ཅན་པའི་མཁས་པའི་ཁྲོད་ནའམ་ཡང་ན་མགོ་ནག་མི་ཡི་དབུས་ན་འདི་འདྲ་ཞིག་ཡོད་ཅེས་སྨྲ་བ་ཙམ་ལས། དོན་གྱི་མཁས་པ་དགེ་འདུན་ཆོས་འཕེལ་དང་། ཨ་ལགས་དུང་དཀར་བློ་བཟང་ཕྲིན་ལས་གཉིས་ལ་སྐུར་བ་འདེབས་འདོད་པ་ག་ལ་ཡིན།
    ལྷག་པར་མཁས་པ་འདི་གཉིས་ལ་ཡ་ལ་བཏགས་པ་ལབ་དགོས་དོན་ཡང་ཞེན་ཁོག་ཅན་དག་གིས་བཤད་སྟངས་ཙམ་ལ་མ་འདོད་པའི་རྣམ་འགྱུར་ཙམ་ཞིག་བསྟན་འདོད་པ་ལས། ཕུན་དབང་མཆོག་འདི་གཉིས་ཀྱི་ཁ་གཏད་དུ་ཡོད་ཅེས་ལབ་འདོད་པ་ག་ལ་ཡིན།
    ཕུན་དབང་མཁས་པ་ཡིན་མིན་ལ་རྩོད་མེད་ཡོངས་གྲགས་ཡིན་མོད། རང་ཉིད་ཀྱིས་མི་འདོད་པ་རྒྱུ་མཚན་དུ་བྱེད་བཞིན་ཡོད་ན་སྐྱབས་སུ་འཆི་ཟེར་རྒྱུ་ལས་ཨུ་ཚུགས་བརྒྱབ་རྒྱུའི་འདོད་པ་མེད་ལགས།

    Reply
  4. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚང་མ་ཕེབས་པར་དགའ་བསུ་ཞུ། གྲོགས་ཁང་མུན་གྲོལ་ལགས་ཀྱིས་ཕུན་དབང་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཁྲོད་མི་རིགས་རིང་ལུགས་ལས་གཞན་པའི་ཕུན་སུམ་ཚོགས་པའི་རིག་གནས་བསམ་བློ་དང་། འགྲན་དུ་མེད་པའི་མི་གཤིས་སོགས་ཡོད་པར་བཤད་པ་བདེན་པ་བདེན་ཐུབ་སྐད་ཆ་རེད་ལ། བདག་གིས་ཀྱང་རང་ཉིད་ལ་ནུས་རྩལ་ལྡན་པའི་སློབ་སྦྱོང་ཞིག་ཡོད་ཚེ་འདིའི་ཐད་སྐད་ཆ་རེ་བཤད་འདོད་ཡོད་མོད། ཡིན་ནའང་བར་སྐབས་ཤིག་ལ་རང་ཉིད་ཀྱི་དུས་ཚོད་དང་། སློབ་སྦྱོང་གི་ནུས་ཚོད་ཀྱིས་འདང་མ་སོང་ལགས།

    Reply
  5. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    ང་རང་ལ་མཚོན་ན། འབའ་ཕུན་ནི་ང་ཚོ་བོད་དེ་རྒྱའི་ལག་ཏུ་ཤོར་བའི་ནག་ཉེས་གྲས་ཤིག་ཏུ་ངོས་འཛིན་བཞིན་ཡོད། བརྒྱ་ཆ་བགོས་ན་བརྒྱ་ནས་བརྒྱ་ཆ་བཅུ་ཐམ་པ་ནི་ཁོང་དང་དགེ་སྟག་སྤྲུལ་སྐུ་སོགས་དམར་ཤོག་དམག་མི་བོད་ནང་དུ་ཁྲིད་པར་ལམ་སྟོན་དང་རམ་འདེགས་ཧུར་བརྩོན་བྱེད་མཁན་གྲས་ཞིག་ཏུ་ངོས་འཛིན་བཞིན་ཡོད། བོད་མི་རིགས་ཀྱི་ལ་རྒྱ་ཡོད་ཤུགས་ཆེན་ཡོད་མཁན་ཞིག་ཡིན་པ་ངོས་ཀྱང་ངོས་འཛིན་བཞིན་ཡོད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དགེ་འདུན་ཆོས་འཕེལ་ལགས་དང་། དུང་དཀར་བློ་བཟང་འཕྲིན་ལས་ལགས་རྣམ་གཉིས་ནི། མཁས་དབང་ཡིན་པ་རྩོད་མེད་རེད། འོན་ཀྱང་། ཕུན་ཚོགས་དབང་རྒྱལ་ལགསནི་། ཆབ་སྲིད་པ་གྲགས་ཅན་གཅིག་ལས། མཁས་དབང་ཡིན་པ་ངས་འདོད་མི་ཐུབ་ལགས།

    Reply
  7. དུག་མདའ། says:
    ལོ་ 13 སྔོན།

    འབའ་བ་ཕུན་ཚོགས་དབང་རྒྱལ་ཅེས་པ་མང་པོ་གོ་མྱོང་ཡང་ལོ་རྒྱུས་ཀློག་མ་མྱོང་། བྱས་རྗེས་ཅན་ཞིག་ཡིན་ངེས། འོན་ཀྱང་རྩོམ་འདིས་གོར་བཅུག་པ་ནི་ཁྱོད་ཚོར་དགེ་འདུན་ཆོས་འཕེལ་འདྲ་འདྲ་ཡོད་ན་ང་ཚོར་འབའ་ཕུན་འདྲ་འདྲ་ཡོད་ཟེར་བ་ལྟ་བུ་ཞིག་ཆགས་སོང་། གང་ལྟར་ཁོང་ངོམ་རྒྱུའི་གྲས་ན་ཡོད་ས་རེད།

    Reply
  8. རྒྱང་མིག says:
    ལོ་ 13 སྔོན།

    ཁྱེད་ཀྱིས་ལྷད་མེད་དག་གཙང་འབའ་ཞིག་རེད་ཅེས་སྨྲ་བར་འདོད། ཟེར་བ་དེ་སྐྱོན་ཅུང་ཙམ་ཞིག་ཀྱང་མེད་པར་སྒྲུབ་ཀྱིན་ཡོད་ན་ཕུན་དབང་རང་གིས་རང་ལ་ནོར་འཁྲུལ་ཡོད་པར་ཁས་བླངས་ན་ཁྱོད་ཀྱིས་ཅིའི་ཕྱིར་གནས་ལུགས་མེད་པའི་སྤྲེད་ལྷད་བཤད་ཀྱི་ཡོད། སུ་ཞིག་ངོ་སྲུང་བྱེད་མིན་ན་དྲང་བདེན་གྱི་མིག་ཟུང་སྤྱད་དེ་ཁོང་གི་ལོ་རྒྱུས་གླེང་རྒྱུ་དེ་དངོས་གནས་དོན་སྙིང་ལྡན་པ་ཞིག་རེད་འདོད།

    Reply
  9. ཚངས་སར་འཕྲིན་ལས། says:
    ལོ་ 13 སྔོན།

    ཁ་སང་དེ་རིང་གི་ནམ་ཟླ་ནི་ཁམ་ལོང་མེད་དུས་ཤིག་ཡིན་མོད་རང་ཉིིད་ཆེས་དགའ་བའི་ཕུན་དབང་མཆོག་གི་མིང་མཐོང་ཚེ་རྩོམ་ཡིག་འདི་ཀློག་ཤོར་སོང་། མ་ཟད་དཀའ་ངལ་གྱི་དུས་ཚེགས་སུ་སྐྱོ་སྣང་ལས་སད་ཐུབ་པའི་ལེགས་བཤད་ཅིག་“འགྲིག་ག ཁྱོད་རང་ལམ་གསར་པ་ཞིག་ལ་ཞུགས་བཞིན་པ་རེད། ཁྱོད་ཀྱིས་རང་གི་ལྟ་ཚུལ་དང་རྩ་དོན་གྱི་ཆེད་དུ་འབད་འཐབ་ཆེན་པོ་བྱེད་དགོས་པ་དང་། བློས་གཏོང་ཐུབ་དགོས་པ་མང་པོ་ཡོད་པ་ད་ལྟ་ཤེས་ཡོད་ཀྱང་། དེ་བཞིན་དུ་བྱོས ”ཞེས་པ་འདི་བཀོད་འདུག་པས་ཨ་ཅང་དགའ་སོང་། འདི་ནི་ག་དུས་ཡིན་ན་བདག་གི་མནོ་བསམ་གཏོང་ས་ཞིག་ཡིན།
    གྲོགས་ལགས་དཔྱད་བརྗོད་ལེགས་པོ་སྤེལ་འདུག

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་། བདག་ལ་མཚོན་ན་འབའ་བ་ཕུན་ཚོགས་དབང་རྒྱལ་གང་ཉིད་ཤོག་བུ་ཞིག་ཡིན་པའི་དབང་དུ་བཏང་ན། ནག་ཐིག་གིས་མ་གོས་བའི་ལྷད་མེད་དྭངས་གཙང་འབའ་ཞིག་རེད་ཅེས་སྨྲ་བར་འདོད། ་་་་ཅེས་པ་འདི་ཡིད་འཆེས་དཀའ་བའི་ཚིག་དུམ་ཞིག་མ་རེད་པེ།

    Reply
  11. ཁང་མུན་གྲོལ། says:
    ལོ་ 13 སྔོན།

    གྲོགས་པོ་ལགས། ཚང་མ་རིམ་པར་བཀླགས་ཡོད། ཡག་པོ་བྱུང་འདུག འོན་ཀྱང་རྩོམ་ཡིག་འདིས་བསྟན་པ་ནི་འབའ་བ་ཕུན་ཚོགས་དབང་རྒྱལ་མི་རིགས་རིང་ལུགས་པ་རྣལ་མ་ཞིག་དང་། དེའི་ཆེད་འབད་བརྩོན་ཤ་ཟད་རུས་ཐུག་གིས་བྱ་མཁན་ཞིག་ཡིན་པར་བསྟན་པ་ཙམ་རེད། ངའི་བསམ་པར་དེ་བས་ཀྱང་དམ་པ་ཁོང་གི་བླ་ན་མེད་པའི་མཁྱེན་རྩལ་དང་འབྲེལ་བའི་སྐད་ཆ་འགའ་སྟེ་དཔེར་ན། ཧ་ཅང་གྲགས་ཆེ་བའི་ཟླ་བའི་སླ་གཟུགས་ཀྱི་རྣམ་བཤད་བརྩམས་པ་ལྟ་བུའི་སྐོར་ནས་གླེང་ཐུབ་ན་དགེ་མཚན་དམིགས་བསལ་བ་ཞིག་ཡོད་པར་སྙམ། མུ་མཐུད་ནས་འབྲི་རོགས།

    Reply
  12. གནས་ཚང་། says:
    ལོ་ 13 སྔོན།

    པེ་ཅིན་རྒན་པོ་ཕུན་དབང་དང་།
    རྡ་སའི་གཞོན་སྐྱེས་ཀླུ་མཁར་གཉིས།
    གཅིག་གོང་གཅིག་ལ་འབུད་འདུག་པས།
    རྒྱབ་བསྐྱོར་མ་ཆུང་འབྲི་མཁན་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese