མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་འབྲས་ཀྱི་ཞགས་པས་ཐེབས་ཀྱི་རེད། ཧཱུའུ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁཱེ་ལེཌ་ཨཱར་བྷི་ཡིས་བརྩམས། བསྟན་འཛིན་བློ་བཟང་གིས་སྒྱུར།

༄༅།། བརྩེ་བའི་སྲིད་འཛིན་ཧཱུའུ་ཅིན་ཐའོ།

ངའི་བསམ་པར་ཁྱེད་རང་‘ལས་རྒྱུ་འབྲས་‘ལ་ཡིད་ཆེས་ཡོད་དམ་སྙམ།ཁྱེད་ཀྱིས་ཐ་སྙད་དེ་མཱར་ཁཱ་སིའི་རིང་ལུགས་ཁྲོད་བཀོལ་སྤྱོད་བྱེད་མི་སྲིད། ཡིན་ན་ཡང་ཁྱེད་རང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་གལ་འགངས་ཆེ་བའི་གོ་གནས་རིམ་པ་ཁག་གསུམ་དུ་འཕར་བའི་སྐབས་ཁྱེད་ཀྱིས་རྒྱུ་འབྲས་ཟེར་བ་དེ་ཁས་ལེན་བྱེད་ངེས་རེད། མ་ཟད་དེ་སྐབས་ཁྱེད་རང་བོད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཀྱང་ཡིན།

 

དེ་ཡང་སྤྱི་ལོ་ ༡༩༨༩ ལོའི་སྤྱི་ཟླ་ ༡༢ ཚེས་༢༣ ཉིན་རྒྱ་གར་སྲིད་བློན་དམ་པ་རཱ་ཇིབ་གྷན་དྷི་མཆོག་རྒྱ་ནག་ཏུ་མཐའ་འཇུག་གི་དྲན་གསོའི་གཟིགས་སྐོར་སྐབས། ཁྱེད་རང་བོད་རང་སྐྱོང་ས་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་ཡོད། དེ་ནི་ཁྱེད་རང་ཁ་བའི་ལྗོངས་དང་ཤུལ་ཐག་རིང་བའི་འབྲེལ་ལམ་འགོ་ཚུགས་ས་ཐོག་མ་དེ་རེད། ཁྱེད་ཀྱིས་དྲན་ཡོད་ངེས་ལ་ཉིན་གསུམ་གི་གོང་བློ་མཐུན་ཏེང་ཤོའོ་ཕིང་གྱིས་རྒྱ་གར་སྲིད་བློན་མཆོག་ལ་ “ངའི་ན་གཞོན་གྲོགས་པོ” ཅེས་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲི་དང་། ཏེང་གིས་རཱ་ཇིབ་གྷན་དྷི་ལ་ “ཁྱེད་ཀྱིས་རྒྱ་ནག་ཏུ་གཟིགས་སྐོར་ཐོག་མར་ཕེབས་པ་དང་སྦྲགས། ང་ཚོ་སླར་ཡང་གྲོགས་པོ་ནང་བཞིན་གྱི་འབྲེལ་བ་སླར་གསོ་བྱེད་ཀྱི་ཡིན།  ད་ནི་ང་ཚོས་སྔར་སོང་རྣམས་བསྐྱུར་ནས་མ་འོངས་མདུན་དུ་བསུ་རྒྱུའི་དུས་ལ་འབབ་པ་རེད” ཅེས་བརྗོད།

 

དེར་བརྟེན་སྤྱི་ལོ་ ༡༩༨༨ལོར་རྒྱ་དཀར་ནག་ཐུན་མོང་ནས་བསྒྲགས་གཏམ་ཞིག་སྤེལ་བ་ནི། དུས་རབས་མང་པོའི་རིང་བོད་དེ་རྒྱ་གར་དབར་ལོ་རྒྱུས་དང་ཆོས་ཕྱོགས་དེ་བཞིན་རིག་གཞུང་བཅས་ཀྱི་དགོས་དབང་གིས་ཕན་ཚུན་འབྲེལ་ལམ་ཡོད་པ་ཞིག་ཡིན་པ་གཉིས་མོས་བྱུང་ཡོད། ཟླ་བ་འགའ་ཤས་རིང་གི་སྔ་རོལ་དུ་དམར་ཤོག་ཚོགས་པས་བོད་ནང་གི་གྲྭ་པ་དང་ཨ་ནི་སོགས་ཀྱིས་རང་གི་ཕ་ཡུལ་ཆེད་དུ་ང་རྒོལ་བྱེད་པའི་གནས་ཚུལ་ཐོན་ཡོང་བསམ་པའི་སེམས་འཚབ་བྱུང་བ་རེད།

 

དེ་བཞིན་དུ་སྤྱི་ལོ་ ༡༩༨༨ ལོའི་སྤྱི་ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དངོས་སུ་ངོ་རྒོལ་གྱི་ཟིང་ཆ་བྱུང་བ་རེད།  (གཞུང་འབྲེལ་གྱི་ཡིག་ཆར་མི་གཅིག་གི་ཚེ་སྲོག་ཤོར་བ་དང་གཞུང་འབྲེལམ་ཡིན་པའི་ཡིག་ཅ་ལྟར་ན་མི་བཅུ་གཉིས་ཀྱི་ཚེ་སྲོག་ཤོར་བ་གསལ་ཡོད།) མི་མང་པོ་ཞིག་གི་བསམ་ཚུལ་ལ། གལ་ཏེ་དེ་སྐབས་གནས་སྟངས་ཇེ་སྡུག་ཏུ་སོང་ཚེ་རྒྱ་ནག་ནི་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལམ་བུ་ལྟར་ཁ་འཐོར་འགྲོ་རྒྱུ་ཡིན་པ་དཔག་ཚོད་བྱས། དེར་བརྟེན་ཐབས་ལམ་ཞིག་ངེས་པར་དུ་དགོས་ཚུལ་བསྟན་པ་རེད། དེའི་རྐྱེན་གྱིས་ཕུགས་རེ་ཅན་གྱི་རྐང་ལེན་ལས་བྱེད་ཁྱེད་རང་བོད་དུ་དམར་ཤོག་ཚོགས་པའི་ཚོགས་གཙོར་ཆེད་གཏོང་བྱས་པ་རེད།  ཁྱེད་ཀྱི་མིག་མདུན་དུ་དཀའ་ཚེགས་ཆེ་བའི་འཐབ་རྩོད་ཞིག་ཡོད་པ་དང་། ཁྱེད་ཀྱིས་ངེས་པར་དུ་དུས་ཡུན་ཐུང་ངུའི་ནང་གྲུབ་འབྲས་དང་ལྡན་པ་སྟོན་ཏེ་རང་ཉིད་ལ་གོང་རིམ་སྲིད་གཞུང་ནས་བློ་གཏད་བྱས་པར་ཆུད་ཟོས་སུ་མི་ཡོང་བ་བྱས།

 

སྤྱི་ལོ་ ༡༩༨༩ལོའི་སྤྱི་ཟླ་ ༡ ཚེས་ ༡༢ ཉིན་ཁྱེད་རང་གྱེན་ལོག་ཅན་གྱི་ཞིང་ཆེན་དུ་འབྱོར་བ་རེད། རིང་པོར་མ་སོང་བའི་རྗེས་ཀྱི་ལོ་དེའི་སྤྱི་ཟླ་ ༡ ཚེས་ ༢༣ ཉིན་ཁྱེད་ཀྱིས་གཞིས་ཀ་རྩེར་བཀྲ་ཤིས་ལྷུན་པོའི་དགོན་པར་བོད་ཀྱི་བླ་མ་ཏཱ་ལའི་བླ་མའི་རྗེས་ཀྱི་གོ་གནས་མཐོ་ཤོས་གཉིས་པ་བཀུར་འོས་པཱན་ཆེན་བཅུ་པ་མཆོག་ཁྱེད་ཀྱི་ཕྱག་རོགས་ལ་ཕེབས་པ་དང་།  དེ་སྐབས་པཱན་ཆེན་སྐུ་ཐོག་གོང་མའི་རིང་བསྲིལ་ཡོད་པའི་མཆོད་རྟེན་ལ་རབ་གནས་གནང་རྒྱུའི་གཞུང་འབྲེལ་བྱེད་སྒོ་ཞིག་གི་སྐབས་སུ་ཡིན། སྐབས་དེར་ཚང་མའི་བསམ་ཡུལ་ལས་འདས་པ་ཞིག་ལ་མཛད་སྒོའི་སྐབས། པཱན་ཆེན་བླ་མས་བོད་ནང་དམར་ཤོག་ཚོགས་པའི་ཆ་ཤས་ལ་སྐྱོན་བརྗོད་བྱས་པ་རེད། ཁོང་གིས། “དེ་ལྟར་བོད་ནང་བཅིངས་བཀྲོལ་བཏང་བ་ནས་བཟུང་ཡར་རྒྱས་ཕྱིན་ཡོད་ཀྱང་།  ཡར་རྒྱས་ཕྱིན་པ་དེར་དེ་ལས་ཀྱང་ཆེ་བའི་གྱོང་གུན་ཐེབས་ཡོད། ” ཅེས་གསུངས། བཀའ་མོལ་དེ་དག་ལ་ཁྱེད་རང་ཧང་སང་དགོས་བྱུང་ཡོད། དེ་ནས་ཉིན་བཞིའི་རྗེས་པཱན་ཆེན་བླ་མ་མཆོག་གློ་བུར་དུ་དགོངས་པ་རྫོགས་པ་ནི་ཡ་མཚན་གྱི་གནས་ཚུལ་ཞིག་ཏུ་འགྱུར་བ་རེད།

 

སྤྱི་ལོ་ ༡༩༨༩ ལོའི་སྤྱི་ཟླ་ ༣ ཚེས་ ༥ ཉིན་ལྷ་སའི་ནང་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ཁྱེད་ཀྱིས་མི་དམངས་བདེ་སྲུང་དྲག་ཆས་ཉེན་རྟོག་པར་གནས་ཚུལ་སྟངས་འཛིན་བྱེད་རྒྱུའི་བཀའ་བཏང་བ་རེད།  རྗེས་སུ་མིག་མཐོང་ལག་ཟིན་བྱུང་མཁན་གྱི་དཔང་མི་ཚོས་བརྗོད་ཚུལ་ལ། དེ་སྐབས་ལྷ་སའི་དབུས་ཀྱི་ཇཱོ་ཁང་གཙུག་ལག་ཁང་གཡས་གཡོན་དུ་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་མཐོང་བ་དང་། གནས་ཚུལ་དེ་ཕྱིས་སུ་རང་དབང་ཅན་གྱི་ཚོགས་སྡེ་སུས་ཀྱང་ནམ་ཡང་ཁུངས་སྐྱེལ་བྱེད་ཐུབ་མེད། དེ་ནས་ཉིན་གསུམ་གྱི་རྗེས་དབུས་སྲིད་གཞུང་གི་འགོ་ཁྲིད་ཚོའི་མཆོག་མཆན་དང་སྦྲགས་ཁྱེད་ཀྱིས་བོད་ཐོག་དྲག་གནོན་དངོས་སུ་བྱེད་རྒྱུའི་ཐག་གཅོད་བྱས། དྲག་གནོན་དེ་ལོ་དེར་ཧྲིལ་པོར་གནས་པ་དང་མ་ཟད། དེ་ནི་འབྱུང་འགྱུར་གྱི་གལ་གནད་ཆེ་བའི་དོན་རྐྱེན་ཏེ་སྤྱི་ལོ་ ༡༩༨༩ ལོའི་སྤྱི་ཟླ་ ༤ ནས་ ༧ བར་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དམངས་གཙོ་དོན་གཉེར་ཅན་གྱི་རྒྱ་ནག་སློབ་ཕྲུག་གྱེན་ལངས་བྱེད་པར་དྲག་གནོན་བྱེད་རྒྱུའི་སྟ་གོན་ཞིག་དང་འདྲ།  ཁྱེད་ཀྱིས་བོད་ནང་སྤེལ་བའི་བྱ་སྤྱོད་དེ་ནི་གཅིག་བྱས་ན་རྒྱ་ནག་དཔོན་རིགས་རྒན་གྲས་ཚོར་རྒྱལ་ཁབ་ཟིང་འཁྲུག་ནང་འཐིམ་བཞིན་པ་སྐྱོབ་རྒྱུའི་ཆེད་དམིགས་དཔེ་ལྟ་བར་འོས་པ་ཞིག་ཏུ་མཐོང་ནས་དྲག་གནོན་བྱེད་རྒྱུར་ཐག་གཅོད་བྱུང་བ་ཞིག་ཡིན་རྒྱུ་རེད།

 

སྤྱི་ལོ་ ༢༠༠༢ ལོའི་སྤྱི་ཟླ་ ༡༡ནང་མཐའ་འཇུག་ཁྱེད་རང་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་སུ་གནས་སྤར་བྱུང་བར།  ཞིབ་འཇུག་པ་མང་པོས་ཁྱེད་རང་བོད་དང་ལས་འབྲས་ཀྱི་འབྲེལ་བ་ཡོད་པ་དེས་མི་རབས་བཞི་པའི་གལ་གནད་ཅན་གྱི་དཔོན་རིགས་ཤིག་ཏུ་གྱུར་བ་ཡིད་ཆེས་བྱེད་པ་མ་ཟད། དེ་ནས་བཟུང་ཁྱེད་རང་རྒྱ་ནག་དམར་ཤོག་ཚོགས་པའི་བོད་གནད་མཁས་དབང་ཅན་དུ་ཡང་འགྱུར་བ་རེད།  གཟའ་འཁོར་ཁ་ཤས་གོང་ལ་ཁྱེད་ཀྱིས་རྒྱ་ནག་ཧྲིལ་པོ་ཁ་ལོ་བསྒྱུར་བའི་དབང་ཚད་ཡོངས་སུ་མ་འཐོབ་པའི་སྔ་རོལ་དུ་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ། བློ་གྲོས་རྒྱ་རིས་སྣེ་འཁྲིད་པའི་ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་བོད་རིགས་ཚོགས་ཚུང་ཞིག་པཱེན་ཅིང་དུ་ཁྱེད་རང་གི་གཞུང་དང་གྲོས་མོལ་གནང་བར་ཕེབས་ཡོད་རུང་། དེ་ནི་སྒེར་གྱི་ཐུག་འཕྲད་ཙམ་དང་བཙན་བྱོལ་དུ་བཞུགས་པའི་བོད་རིགས་འགོ་ཁྲིད་རྣམས་ལ་ཕ་ཡུལ་གྱི་ཡར་རྒྱས་རྣམ་པ་ལ་གཟིགས་རྒྱུའི་གོ་སྐབས་ཙམ་ཡིན་ཚུལ་བརྗོད།  བོད་མི་འབུམ་ཚོ་མང་པོ་ཕྱི་རྒྱལ་ཁག་ཏུ་སྐྱབས་བཅོལ་དུ་གནས་ཡོད་ཅིང་སྐབས་དེའི་གྲོས་མོལ་ལ་རྒྱ་ནག་དང་རྒྱ་གར་ནང་དུ་རེ་བ་ཆེན་པོ་ཞིག་བྱུང་ཡོད།

 

ལོ་གཅིག་གི་གོང་ལ་བོད་ཀྱི་གནད་དོན་ནི་སྲིད་འཛིན་ཅཱང་ཙེ་མིན་གྱི་ཚོགས་གཙོའི་མངའ་དབང་འོག་བོད་ལས་ཚོང་དོན་(Tibet Work Forum)ཐེངས་བཞི་པའི་ཚོགས་འདུའི་ནང་བཅུག་ཡོད་ཅིང་། དེ་སྐབས་བོད་རིགས་ས་ཁུལ་དུ་བརྟན་ལྷིང་སྲ་བརྟན་ཡོང་བ་བྱེད་པའི་སྒང་ལ་བོད་ནང་ད་དུང་སྤྱི་ཚོགས་དང་དཔལ་འབྱོར་ལ་ཡར་རྒྱས་ཡོང་ཆེད་སྐུལ་འདེད་ནན་ཏན་གཏོང་རྒྱུ་དེ་ཡིན། བོད་དུ་ཡར་རྒྱས་ཕྱིན་ཡོད་ཀྱང་(དམིགས་བསལ་བོད་ནངགཉིས་སྟོང་དྲུག་ལོར་ལྷ་ས་བར་གྱི་མཚོ་བོད་ལྕགས་ལམ་དབུ་འབྱེད་བྱས་པ།)བརྟན་ལྷིང་ནམ་ཡང་བྱུང་མེད་ཅིང་དེ་ལས་ལྡོག་སྟེ་ཇེ་སྡུག་ཏུ་སོང་བ་ནི། སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༣ ནས་ ༤  རིང་བོད་ཡོངས་སུ་དུས་ཟིང་བྱུང་བར་བོད་ཀྱི་གནད་ཚུལ་ངོ་མར་ཆ་རྒྱུས་གང་ཡང་མེད་པའི་མཁྲེགས་བཟུང་ཅན་གྱི་ཁྱེད་རང་གྱི་སྲིད་གཞུང་ལས་རོགས་ཚོར་དངས་འཚབ་ཚད་མེད་བྱུང་ཡོད་ཤག་རེད། བློ་ཕངས་དགོས་པ་ཞིག་ལ་ཉིས་སྟོང་གཉིས་ནས་བཟུང་ཁྱེད་ཀྱི་གཞུང་ཕྱོགས་ཀྱི་མཉམ་སྒྲིལ་ལས་དོན་ལྷན་ཁང་(United work Front Department)གི་གཞུང་ལས་པ་རྣམས་དང་། ཏཱ་ལའི་བླ་མའི་མགྲིན་ཚབ་དབར་ཞི་མོལ་ཐེངས་དགུ་ཙམ་བྱས་ཡོད་རུང་གཡུར་དུ་ཟ་བའི་འབྲས་བུ་གང་ཡང་ཐོན་མེད་ལ། བོད་ཀྱི་མ་འོངས་མདུན་ལམ་ལ་གཉིས་མོས་ཀྱི་ཐབས་ལམ་གསར་པ་གང་ཡང་བྱུང་མེད།

 

ཁྱེད་ཀྱི་ལས་ཡུན་རིང་ཁྱེད་ཀྱིས་ག་དུས་ཡིན་རུང་དོན་ཚན་གསུམ་གྱི་ཐོག་ནན་སྐུལ་ཤ་སྟག་བྱེད་པ་ནི། དང་པོ་བརྟན་ལྷིང་ཅན་གྱི་རྒྱ་ནག་ཞིག་ཡོང་རྒྱུ། གཉིས་པ་ཚན་རིག་དང་མཐུན་པའི་ཡར་རྒྱས་ཡོང་རྒྱུ། གསུམ་པ་རྒྱལ་ནང་གི་བརྟན་ལྷིང་སྲ་བརྟན་ཡོང་བ་བྱེད་རྒྱུ་བཅས་ཡིན། ཉེ་བའི་ཆར་ཁྱེད་ཀྱིས་བརྟན་ལྷིང་གི་གལ་འགངས་ཆེ་ཚུལ་རྒྱལ་ཡོངས་མི་དམངས་གྲོས་ཚོགས་(National People’s  Congress)ཐོག་བསྐྱར་དུ་ནན་སྐུལ་ཀྱང་བྱས་ཡོད། སྤྱི་ལོ་ ༢༠༠༠ ལོའི་སྤྱི་ཟླ་ ༡ ནང་ཁྱེད་ཀྱིས་‘བོད་ལས་ཚོང་དོན་‘ཐེངས་ལྔ་པའི་ཚོགས་ཆེན་སྐོང་འཚོགས་བྱེད་སྐབས། འཛིན་སྐྱོང་མི་སྣ་རྒན་གྲས་གསུམ་བརྒྱ་དང་མི་དམངས་བཅིངས་བཀྲོལ་དམག་གི་སྤྱི་ཁྱབ། དེ་བཞིན་ཁྱེད་ཀྱི་ལངས་ཕྱོགས་གཅིག་པའི་སྲིད་གཞུང་དཔོན་རིགས་ལས་རོགས་མཐུན་ཚོགས་ཀྱི་མདུན་དུ་”ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་ངང་ཤེས་རྟོགས་བྱེད་དགོས་པ་ནི། བོད་ཀྱི་ཡར་རྒྱས་དང་བརྟན་ལྷིང་ལ་ད་དུང་དཀའ་ངལ་དང་འཐབ་རྩོད་འཕྲད་པ་དང་། གནས་སྟངས་གསར་པ་དང་གནད་དོན་གསར་པ་མང་པོར་ཡང་གདོང་ལེན་བྱེད་དགོས་བྱུང་ཡོད་” ཅེས་ཁྱབ་བསྒྲགས་བྱས་ཡོད།

 

བརྟན་ལྷིང་ནི་བོད་ཀྱི་གནད་དོན་ཐད་གཞི་རྩའི་སྲིད་བྱུས་ཤིག་ཡིན་རུང་།བརྟན་ལྷིང་དེ་གྲངས་ཉུང་མི་རིགས་ཀྱི་ཁྲོད་དུ་ལམ་ལྷོངས་ཀྱི་གྲུབ་འབྲས་གང་ཡང་ཐོན་མེད། ཉེ་བའི་ཟླ་ཤས་ནང་བོད་དུ་ངོ་རྒོལ་གི་རྣམ་པ་གསར་པ་ཞིག་བྱུང་བ་ནི་རང་ལུལ་མེར་བསྲེགས་གཏོང་མཁན་གྱི་གྲྭ་བ་དང་ཨ་ནི་(ཉུང་མཐར་བོད་མི་གསུམ་བཅུ་ཙམ་ལོ་གཅིག་ཡས་མས་སུ་)ཡི་གྲངས་ཚད་མི་ཉུང་བ་ཞིག་བྱུང་བ་རྒྱུན་གཏན་གྱི་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཚུལ་ཞིག་ཏུ་འགྱུར།བོད་ཀྱི་ཉིན་རེའི་ཚགས་ཤོག་ཐོག་ཁྱེད་ཀྱི་བོད་རང་སྐྱོང་གི་མཐུན་མི་རྒྱལ་ཡོངས་མི་དམངས་གྲོས་ཚོགས་སུ་འདུ་སྐོང་གིས་མཐུན་མི་དེ་དག་ལ་‘བོད་མིའི་སྙིང་སྟོབས་རྙིང་པ་‘གོང་མཐོར་གཏོང་དགོས་པ་དང་། ཁྱེད་ཀྱིས་དེའི་འགྲེལ་དོན་ལ་“དེ་ནི་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུའི་སྒྲིག་འཛུགས་སྲ་བརྟན་ཡོང་བ་བྱེད་རྒྱུ་ནི་གལ་ཆེན་རང་བཞིན་ཅན་ཞིག་རེད།”

 ཁྱེད་ཀྱིས་ད་དུང་ཁོང་ཚོར་‘སྲིད་དོན་ཐོག་གི་བློ་གཏད་འོས་མི་‘དང་ཚོགས་པའི་འགོ་ཁྲིད་གསར་འཇུག་བྱེད་རྒྱུའི་སྦྱོང་བརྡར་བྱེད་འདོད་དང་རྒྱལ་ཁབ་ཀྱི་གཅིག་སྒྲིལ་སྲུང་སྐྱོབ་དང་ཁ་བྲལ་རིང་ལུགས་ལ་ངོ་རྒོལ། དེ་བཞིན་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་ནུས་མཁན་ཡོད་དགོས་ཚུལ་བཅས་བཤད།
 

ཁྱེད་ཀྱིས་བརྟན་ལྷིང་སྐོར་བཤད་སྐབས་འདི་ནི་ཕལ་ཆེར་ཏཱ་ལའི་བླ་མར་བསྙོན་བཙུགས་ཀྱིས་ནག་པོ་བཟོ་རྒྱུའི་སྲིད་བྱུས་ཁོ་ན་ཞིག་ཏུ་སྣང་། ཁྱེད་ཀྱི་དྲྭ་རྒྱ་‘ཀྲུང་གོའི་བོད་ལྗོངས་དྲྭ་ཐོག་‘(China Tibet Online)ཏུ་རྩོམ་ཡིག་གི་གནད་དོན་མང་པོ་ཞིག་སྤེལ་བ་ནི་དྲྭ་རྒྱ་སྤྱོད་མི་ཚོར་ “གལ་སྲིད་ཏཱ་ལའི་བླ་མས་མི་གཞན་གླས་ནས་རང་ལུས་མེར་བསྲེགས་གཏོང་དུ་བཅུག་པ་ལྟར་རང་ཉིད་ཀྱངམེར་མ་བསྲེགས་པ་གང་ཡིན་ནམ། དེས་གང་ལ་ཕན་ཐོགས་ཐུབ་བམ”ཞེས་འགྲེལ་བརྗོད་བརྒྱབ་ཀྱི་ཡོད། ཉིས་སྟོང་བརྒྱད་ནང་ལྷ་སའི་ནང་གི་དམར་ཤོག་ཚོགས་གཙོ་ཀྲང་ཆཱིང་ལི་ཡིས་བོད་ཀྱི་འགོ་ཁྲིད་ལ་“མི་ཆས་སྤྲས་པའི་སྤྱང་ཀི་”དང་ལྷག་པར་ཉེ་བའི་ཆར་བོད་ཀྱི་དབུ་འཁྲིད་ཁོང་”ནཱ་ཛི་”ཅེས་མིང་བྱང་དུ་བསྙོན་བཙུགས་ཀྱིས་གཞུང་འབྲེལ་གྱི་བརྒྱུད་བསྒྲགས་བྱས་པ་རེད། དེ་འདྲའི་གདུག་རྩུབ་ཆེ་བའི་དཀྲོག་གཏམ་ཁོ་ན་སྤེལ་ནས་བོད་མི་རྣམས་གཏོར་ཕམ་གཏོང་རྒྱུར་ཕན་ནུས་ཐོན་ནམ།

 

ངའི་བསམ་ཚུལ་ལྟར་ན། ལན་གཅིག་པོ་ནི་ ‘མི་ཐུབ་‘བོ། འོན་ཀྱང་རྒྱ་ནག་གི་གལ་ཆེའི་འགོ་ཁྲིད་ཁྱེད་རང་ད་ཆ་སླེབས་ལ་ཉེ་བའི་ལས་བསྡོམ་རྩིས་ཁྲ་གྲ་སྒྲིག་བྱེད་རྒྱུའི་དུས་ལ་འབབ་སྐབས། དེ་ནི་བོད་གནད་མཁས་དབང་ཅན་ཁྱེད་རང་མི་སྒེར་སོ་སོའི་དོན་གོ་མ་ཆོད་པའི་འབྲས་རྟགས་ཤིག་ཏུ་འགྱུར། གལ་སྲིད་ཁྱེད་ཀྱིས་ཉམས་རྒུད་དེ་གང་མགྱོགས་བཅོས་བསྒྱུར་མ་བྱེད་ཚེ་ལོ་རྒྱུས་ཐོག་ཁྱེད་ཀྱི་འགོ་ཁྲིད་པའི་གཞུང་དེ་མུན་ནག་གི་གནས་སུ་གྱར་བའི་གྲངས་ཉུང་མི་རིགས་ཀྱི་འབྲེལ་ལམ་ཇི་བཞིན་དུ་ལྷུང་རྒྱུ་ཡིན། མ་ཟད་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་འཁོར་དེབ་ཐེར་ནང་དུའང་ལུས་ཀྱི་རེད། ཁྱེད་ལ་ཟླ་བ་དྲུག་རིང་གི་བཅོས་བསྒྱུར་བྱེད་རྒྱའི་དུས་ཚོད་ཡོད་པས། སེལ་ཐབས་གཅིག་ནི་ཁྱེད་རང་སྐུ་ངོ་མ་ཏཱ་ལའི་བླ་མ་དང་ཐུག་འཕྲད་ཀྱིས་རྙིང་ཧྲུལ་ཅན་གྱི་བོད་ཀྱི་གནད་དོན་སྐོར་ཁ་ཚ་དགོས་གཏུགས་ཀྱིས་གྲོས་གླེང་བྱེད་རྒྱུ་འདི་ཡིན།  ཁྱེད་ལ་དྲན་བསྐུལ་བྱེད་རྒྱུ་ཞིག་ལ་ཏཱ་ལའི་བླ་མ་ནི་བོད་ཀྱི་གནད་དོན་སེལ་བའི་ལྟེ་བའི་ཐབས་ལམ་ཞིག་ཡིན་པ་མ་བརྗེད་པ་བྱེད་དགོས། ཁྱེད་རྣམ་པ་གཉིས་ཀས་རྣོ་ངར་ཆེ་བའི་བོད་ཀྱི་‘རང་སྐྱོང་‘གི་གནད་དོན་སེལ་བའི་ཐབས་ཤེས་ཤིག་ཏན་ཏན་རྙེད་ཀྱིས་རེད། དེ་ཁྱེད་རང་གི་རྩ་ཁྲིམས་ནང་དུ་ཡང་འཁོད་མེད་དམ། ངས་ལྷག་བསམ་ཟོལ་མེད་ངང་རེ་བ་ཞུ་རྒྱུར་ཁྱེད་ཀྱིས་སྙིང་སྟོབས་ཆེན་པོས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གྱིས་གོམ་ཁ་མདུན་དུ་སྤོས་རོགས། དེས་ཁྱེད་ཀྱིས་སྲིད་སྐྱོང་གི་ལས་འཁུར་སྐྱོབ་ཐུབ་ལ་འོད་སྟོང་ལྡན་པའི་འབྱུང་འགྱུར་གྱི་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཞིག་ཡོང་རྒྱུར་གོར་མ་ཆགའདི་གར་རྒྱ་གར་དུ་ལས་རྒྱུ་འབྲས་ལ་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་ང་ཚོས་ཡིད་ཆེས་བྱེད་ཀྱིས་ཡོད། ཁྱེད་ལ་ཁ་ཞེ་གཉིས་མེད་ཀྱི། ཁཱེ་ལེཌ་ཨཱར་བྷི།

 
མཆན།

རྩོམ་ཡིག་གམ་འཕྲིན་ཐུང་འདི་ནི་ཟླ་འདིའི་སྤྱི་ཚེས་ ༢༩ ཉིན་རྒྱ་གར་གི་ཚགས་ཤོག་‘རྡའ་པཱོའོ་ནིར་‘(The Pioneer)ནས་གུས་པས་བསྒྱུར་རྩོམ་ཞུས་པ་ཞིག་ཡིན། རེ་བ་ལ་ཀློག་པ་པོ་རྣམས་ལ་ཐུགས་ཕན་གསོས་པ་ཤོག རྩོམ་ཡིག་འདིའི་མ་ཡིག་དབྱིན་ཐོག་ཡོད་པས་གལ་ཏེ་དྲྭ་གྲོགས་ཚོས་གཟིགས་འདོད་ན་ཁ་བྱང་དེའི་ཐོག་བསྣུན་རོགས་གནང།http://www.dailypioneer.com/columnists/item/51326-karma-will-catch-up-with-hu.html

 
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཁཱེ་ལེཌ་ཨཱར་བྷི་ནི་ཕྷ་རན་སིར་སྐྱེས་པའི་རྩོམ་པ་པོ་དང་གསར་འགོད་པ།ལོ་རྒྱུས་པ་དེ་བཞིན་བོད་རིག་པ་སྨྲ་བ་བཅསས་ཡིན།ཁོང་ནི་ ༡༩༤༩ ལོར་སྐྱེས་ཤིང་ད་ལྟ་རྒྱ་གར་དུ་ཨཱུ་རུ་ཝཱི་ལིར་གནས་སྡོད་བྱེད་བཞིན་ཡོད། ཁོང་གི་ཕྱག་རྩོམ་དུ་བོད་ཀྱི་ལས་དབང་ (The Fate Of Tibet)དང་། འབུ་སྲིན་ཆེ་བས་འབུ་སྲིན་ཆུང་བ་ཟ་བའི་སྐབས་(When Big Insect Eat Small Insects)བྲིས་གནང་ཡོད་པ་དང་། ཁོང་ནི་རྒྱ་གར་དུ་ཡོད་པའི་ཨཱུ་རུ་ཝཱི་ལིའི་བོད་མིའི་ལྡིང་ཁང་(Tibetan Pavilion Of Aurovile)གི་འགན་འཛིན་ཀྱང་ཡིན།  རྩོམ་པ་པོ་ཁཱེ་ལེཌ་ཨཱར་བྷི་ཡི་སྐོར་ཞིབ་ཕྲ་དྲྭ་རྒྱའི་ཁ་བྱང་འདིའི་ཐོག་ http://en.wikipedia.org/wiki/Claude_arpi བསྣུན་རོགས།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese