མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེ་སྲེག་གི་རྒྱབ་ལྗོངས་ལ་ལྟ་བ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

དང་པོ། མེར་སྲེག་ལས་འགུལ་དེའི་དམིགས་ཡུལ་ལ་ལྟ་བ།

ཕྱི་ལོ་ ༡༩༩༨ ལོར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང། ཕྱི་ལོ་༢༠༠༩ ལོར་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་གཉིས་ཀྱིས་རིམ་པས་མགོ་བརྩམས་ཏེ་རང་ལུས་མེ་སྲེག་བཏང་བ་ནས་དེ་རིང་གི་བར་བོད་ཕྱི་ནང་གཉིས་གར་རང་ལུས་མེ་སྲེག་གཏོང་མཁན་སུམ་ཅུ་སོ་བརྒྱད་ཙམ་བྱུང་ཡོད། རང་ལུས་མེ་སྲེག་གཏོང་མཁན་དེ་དག་རེ་རེའི་མི་ཚེའི་ལོ་རྒྱུས་ལ་ཞིབ་འཇུག་བྱོས་དང་རང་སྒེར་གྱི་གནད་དོན་ཆུང་ཙག་ཅིག་གི་ཆེད་དུ་རང་ལུས་མེ་སྲེག་བཏང་པ་མ་ཡིན་པར་བོད་མི་རིགས་རིག་གཞུང་དང་བཅས་པ་ཙམ་དུ་མ་ཟད། རྡུང་རྡེག་དྲག་གནོན་འོག་ན་ཡོད་པའི་ཉམ་ཆུང་ས་ཡ་མང་པོའི་བདེ་དོན་དང། རེ་འདུན་ལ་དམིགས་ནས་རང་ལུས་ཞུགས་འབུལ་གནང་ཡོད་པ། ཁོང་ཚོའི་རེ་འདུན་གྱི་འབོད་སྒྲ་དང་ཤུལ་བཞག་གི་ཞལ་ཆེམས་ལས་རྟོགས་ཐུབ། རང་ལུས་མེར་སྲེག་གཏོང་མཁན་ཕལ་མོ་ཆེར་རྒྱ་བོད་ཞི་འགྲིག་ཡོང་ཐབས་ཀྱི་དམིགས་ཡུལ་ལས་ཁ་བྲལ་གཏོང་འདོད་ཀྱི་དམིགས་ཡུལ་གང་ཡང་མེད།

ཁོང་ཚོའི་རེ་འདུན་ནི། རྒྱལ་བསྟན་ཡོངས་ཀྱི་མངའ་བདག་བོད་རྒྱ་ཞི་འགྲིག་གི་གཞི་རྩ་༸གོང་ས་སྐྱབས་མགོན་རིན་པོ་ཆེ་བོད་ལ་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་གནང་ཡོང་པ་དང་། བདེ་སྐྱིད་ཀུན་གྱི་རྩ་བ་རང་དབང་དགོས་པ། མི་རིག་ཞིག་གི་བླ་སྲོག་ལྟ་བུའི་རིག་གཞུང་སྲུང་སྐྱོབས་དགོས་པ་བཅས་ཡིན་ཞིང་། དེ་ཡང་ཆགས་སྡང་རགས་པའི་དབང་གིས་ཚོར་བ་གློ་བུར་བའི་རྗེས་སུ་འབྲང་པ་མ་ཡིན་པར་རྣམ་དཔྱོད་དང་བྱམས་བརྩེ་ཟུང་དུ་འབྲེལ་པའི་འཐབ་རྩོད་ཅིག་ཡིན་པ་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་མདོ་སྨད་རེབ་གོང་ནས་དགེ་འདུན་པ་ཞིག་གིས་རང་ལུས་ཞུགས་འབུལ་གྱི་འཐབ་རྩོད་གཅིག་བུའི་སྟེང་ནས་མཚོན་ཐུབ། དེ་ཡང་དམ་པ་དེས་ཞུགས་འབུལ་གནང་སྟེ་ལྔ་ལམ་དུ་ཕྱོགས་པའི་སྐབས་དེར། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།། མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་གསུངས་ཏེ་དགོངས་པ་རྫོགས་ཡོད། དམ་པ་དེ་ལྟ་བུ་ལ་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཡང་མེད། དམིགས་ཡུལ་གཅིག་ཡོད་པ་ནི། བོད་མི་ཤི་གསོན་ཚང་མའི་སེམས་ཁོངས་ན་ལྷན་སྐྱེས་སུ་གྲུབ་པའི་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་མིག་ཟུང་གྱེར་བཞིན་པའི་རེ་འདུན་མངོན་འགྱུར་ཡོང་ཐུབ་བྱ་རྒྱུ་དང་། འཛམ་གླིང་ཡོངས་ལ་ཕན་བདེ་བླ་ལྷག་སྟེར་ཐུབ་པའི་རྩ་ཆེའི་རིག་གཞུང་གི་བདག་པོར་གྱུར་བའི་བོད་མི་རིགས་དང། ཡ་ངའི་མནར་གཅོད་འོག་ན་ཡོད་པའི་སྐྱེ་འགྲོ་ཀུན་གྱི་བདེ་སྡུག་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་གོང་འཁོད་ཀྱི་གསོལ་འདེབས་སྨོན་ཚིག་དེའི་སྟེང་ནས་ཤེས་ཐུབ།

གཉིས་པ། མེར་སྲེག་ལས་འགུལ་དེའི་ངོ་བོ་ལ་ལྟ་བ།

སྒེར་སེམས་སྤུ་ཙམ་མེད་པར་འཚེ་མེད་ཞི་བའི་སྒོ་ནས་རང་ལུས་ཞུགས་འབུལ་གནང་བ་དེ་དེང་སྐབས་རྒྱལ་སྤྱིའི་ཐོག་འཚེ་མེད་ཞི་བའི་འཐབ་རྩོད་ཚད་གཞི་མཐོ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་རྒྱ་དམར་སྲིད་གཞུང་གི་མགོ་ཁྲིད་ཚོས་དོན་རྐྱེན་དེ་དག་གི་འབྱུང་རྩ་ལ་བསམ་གཞིགས་གཏོང་རྒྱུ་ཕར་བཞག ད་དུང་དོན་རྐྱེན་དེ་དག་གི་རྒྱུ་རྐྱེན་ལས་གཡོལ་ཐབས་སུ་བརྒྱུད་ལམ་འདྲ་མིན་ནང་བཅའ་ཁྲིམས་ཀྱི་རྡུང་རྡེག་གཏོང་ཡུལ་ཡིན་ཚུལ་བརྗོད་དེ་འཇིགས་སྐུལ་བྱེད་བཞིན་ཡོད་པ་མ་ཟད། ད་དུང་ཕྱི་ཕྱོགས་ནས་བརྒྱུད་སྐུལ་བྱས་ཚུལ་གྱི་ཧམ་རྫུན་ཆེན་པོ་མངོན་སུམ་འཛེམས་མེད་ཀྱིས་སྒྲོག་བཞིན་པ་དང། བོད་མི་རིགས་དང་བོད་བརྒྱུད་ནང་བསྟན་ལ་ཤ་ཞེན་ཡོད་མདོག་དང་ཡར་རྒྱས་བཏང་རབས་ཀྱི་ཟོལ་རྫུན་དྲིལ་བསྒྲགས་ཏེ་རྒྱལ་སྤྱིའི་མི་མང་མགོ་སྐོར་བསླུ་བྲིད་གཏོང་ཐབས་བྱེད་བཞིན་ཡོད། བྱ་སྤྱོད་དེ་དག་ནི་རྒྱལ་སྤྱིའི་མིག་མདུན་དུ་ནག་ཉེས་འགེབ་སྲུང་གི་རང་བཞིན་ལྡན་པ་དང་། ཟོལ་རྫུན་ཧམ་བཤད་ཀྱི་རང་བཞིན་ལྡན་པ། ངོ་ཚ་ཁྲེལ་མེད་གྱི་རང་བཞིན་ལྡན་པའི་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཡིན་པ་སྔ་མོ་ནས་ཤེས་ཡོད་པ་རེད། རྒྱ་གཞུང་གིས་དོན་དངོས་འགན་ཁུར་བའི་ཐོག་འགྲོ་བ་མིའི་ཚེ་སྲོག་ལ་རིན་ཐང་དང་བརྩི་མཐོང་ཡོད་ན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང། སྨྲ་བརྗོད་སོགས་འཛམ་གླིང་སྤྱི་མཐུན་ལྟར་ལག་བསྟར་བྱོས་དང་ད་གཟོད་ཞུགས་འབུལ་གྱི་དོན་རྐྱེན་ཆད་ངེས་ཡིན།  

སྤྱིར་ཁོང་ཚོས་རང་དོན་དྲི་མས་མ་གོས་པར་གཞན་དོན་འབའ་ཞིག་གི་ཆེད་དུ་རང་སྲོག་བློས་བཏང་གནང་བ་དེ་རླབས་ཆེན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞིག་ཡིན་ཞེས་བཤད་ཆོག་པ་ལས་གཞན་གནོད་ཀྱི་འཚེ་བའི་བྱ་སྤྱོད་ཅིག་མིན་ལ། ནང་བསྟན་ལོག་ལམ་དུ་འདྲེན་པའི་ཐལ་དྲགས་ཀྱི་བྱ་སྤྱོད་ཅིག་དེ་བས་མིན། ཁོང་ཚོའི་མཛད་སྤྱོད་དེ་ནི་ནང་པའི་གཞུང་ནས་གསུང་བའི་ལུས་ངག་ཡིད་གསུམ་གྱི་འཚེ་བ་དང་མི་དགེ་བའི་ལས་གང་ཡང་མ་ཡིན་པ་རྩོམ་ཡིག་འདིར་གླེང་འདོད་པའི་བརྗོད་སྙིང་གཙོ་བོ་ཡིན།

དེ་ཡང་ལུས་ཀྱི་སྒོ་ནས་རྩ་ཉག་གཅིག་གིས་གཞན་གྱི་ལུས་ལ་རྡེག་པའམ་རྡེག་ཏུ་འཇུག་ཙམ་ཡང་གནང་མྱོང་མེད་པ་དང། ངག་གི་སྒོ་ནས་དྲང་བདེན་གྱི་འབོད་ཚིག་བསྒྲགས་པ་ཙམ་ལས་རྫུན་ཕྲ་མ་ཚིག་རྩུབ་གང་ཡང་བཤད་མེད་པ། ཡིད་ཀྱི་སྒོ་ནས་གཞན་ཕན་འབའ་ཞིག་ལས་གཞན་ལ་གནོད་སེམས་དང་བརྣབ་སེམས་སོགས་གང་ཡང་བཟུང་མེད་པས་འཚེ་བ་དང་མི་དགེ་བའི་ལས་གང་ཡང་མིན་པ་ཁ་ཚོན་ཆོད་པའི་སྒོ་ནས་བཤད་ཐུབ་པ་ཞིག་རེད། ནང་པའི་གཞུང་ནས་གསུང་བའི་སྲོག་གཅོད་ཀྱི་ལས་ལམ་འབྱུང་བ་ལ། གཞི་ཕ་རོལ་བོ་ལ་སེམས་ཆགས་སོགས་ཉོན་མོངས་དུག་གསུམ་གྱིས་ཀུན་བསླངས་ཏེ། སྦྱོར་བ་མདའ་མཚོན་སོགས་ཀྱིས་ཕ་རོལ་བའི་སྲོག་དབང་འགག་པར་བྱས་ན་སྲོག་གཅོད་ཀྱི་ལས་ལམ་ཡོངས་སུ་རྫོགས་ཀྱི། ཆགས་སོགས་ཉོན་མོངས་དབང་གིས་རང་སྲོག་བཅད་ན་གཞི་ཕ་རོལ་བོ་དང་མཐར་ཐུག་གྲུབ་པ་མེད་པས་སྦྱོར་བའི་སྡིག་པ་ཙམ་ལས་སྲོག་གཅོད་ཀྱི་ལས་ལམ་མི་རྫོགས་པར་གསུངས་ཤིང་། དེ་ཡང་རྗེའི་ལམ་རིམ་ཆེན་མོ་ལས། གསོད་པ་པོ་རང་ཉིད་གསོད་ན་སྦྱོར་བའི་སྡིག་པ་ཡོད་ཀྱི། མཐར་ཐུག་མེད་པ་ལ་དགོངས་ནས་རྣལ་འབྱོར་སྤྱོད་པའི་ས་ལས་སྲོག་ཆགས་ཕ་རོལ་པོ་ཞེས་གསུངས་སོ། ། ཞེས་གསུངས། བཅོས་ལྡན་གྱི་དགེ་སློང་ཞིག་ཆགས་སོགས་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་ཏེ་རང་སྲོག་བཅད་ནའང་ཕམ་པར་མི་འགྱུར་བའི་རྒྱུ་མཚན་དེ་ཡིན་ནོ།།

དེ་ཡང་འདུལ་བའི་གཞུང་ལས་སྲོག་གཅོད་ཕམ་པའི་གཞི་ལ། རང་ལས་རྒྱུད་ཐ་དད་པའི་མིའམ་མིར་ཆགས་པ་དགོས་ཏེ། རང་ལས་གཞན་མིའམ་མིར་ཆགས་པ་བསད་ན་ཕམ་པ་དང། རང་བསད་ན་སྦྱོར་སྦོམ། ཞེས་གསུངས། དེས་ན་རང་དོན་དྲི་མས་མ་གོས་པར་གཞན་དོན་འབའ་ཞིག་གི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་མཆོད་སྦྱིན་གནང་བ་དེ་ནི་སྦྱོར་པ་རྩུབ་ཀྱང་།དགེ་སྡིག་གཉིས་ལས་དགེ་བ་དང་དཀར་བའི་ལས་ཁོ་ན་ཡིན་ཏེ། དེད་དཔོན་སྙིང་རྗེ་ཅན་གྱིས་སྙིང་རྗེས་ཀུན་ནས་བསླངས་ཏེ། མི་ནག་མདུང་ཐུང་ཅན་བསད་པའི་ལས་དེ་ངོ་བོ་ནག་པོའི་ལས་ཡིན་ཡང་དགེ་བ་དང་དཀར་བོའི་ལས་ཡིན་པར་གསུངས་པ་བཞིན་ནོ།།  འཚེ་བ་དང་དགེ་བ་ཡིན་མིན་ནི། དགེ་རྩས་བསྐྱེད་མ་བསྐྱེད་རེག་ལས་ཤིང་། དེ་ཡང་ཇི་སྐད་དུ་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་མེད།། དེས་བསྐྱེད་ལས་ནི་དགེ་བའོ།། ཞེས་གསུངས།

དེ་ལས་ལྡོག་པ་རྒྱུའི་ཀུན་སློང་ཆགས་སོགས་ཅི་རིགས་ཀྱིས་ཀུན་ནས་བསླངས་ཏེ་དངོས་གཞིའི་སྦྱོར་བ་དཀར་པོ་ཅན་གྱི་མི་དགེ་བའི་ལས་ནི། དཔེར་ན། གཞན་ཕ་རོལ་བོ་བསླུ་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་སྦྱིན་པ་གཏོང་བ་སོགས་ཀྱི་ལས་ནི། རྒྱུའི་ཀུན་སློང་ནག་པོ་ཡིན་པས་མི་དགེ་བ་དང་འཚེ་བའི་ལས་ཡིན་ཞིང། སྦྱིན་པ་བཏང་བའི་ལས་ཡིན་པས་ངོ་བོ་དཀར་བའི་ལས་ཡིན་ནོ། ། མདོར་ན་དགེ་མི་དགེའི་ལས་ཞེས་པ་རྒྱུའི་ཀུན་སློང་དཀར་ནག་གང་ཡིན་ལ་ལྟ་དགོས་པ་ཡིན་པས། ངོ་བོ་དཀར་ནག་གི་ཆ་ནས་དགེ་མི་དགེའི་ལས་སུ་མི་འཇོག་པ་ཤེས་དགོས་སོ།། དེའི་ཕྱིར་གཞན་དོན་འབའ་ཞིག་གི་ཀུན་སློང་མེད་པར་ཆགས་སོགས་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་ཏེ་རང་གཞན་གྱི་ཚེ་སྲོག་ལ་གནོད་བྱེད་མི་རུང་བ་ནི་ཤུགས་ལས་རྟོགས་དགོས་པའི་གནད་ཀྱི་དམ་པའོ།།

དེས་ན་རྒྱ་དམར་མགོ་ཁྲིད་ཚོས་བོད་བསླུ་འདོད་གྱི་བསམ་པའི་ཀུན་ནས་བསླངས་ཏེ་ལུས་ངག་གི་སྦྱོར་བ་གང་བརྩམས་ཐམས་ཅད་མི་དགེ་བ་ཡིན་པ་དོན་ཐོབ་ཀྱིས་རྟོགས་ནུས་སོ།།

གསུམ་པ། མེར་སྲེག་ལས་འགུལ་དེའི་སྤྱི་ཡོངས་ཀྱི་རྒྱུ་རྐྱེན་ལ་ལྟ་བ།

རྒྱ་གཞུང་གིས་དོན་དངོས་མིའི་ཚེ་སྲོག་དང་བདེ་འཇགས། ད་དུང་བོད་མི་རིགས་རིག་གཞུང་དང་བཅས་པར་འགན་སྲུང་བྱེད་འདོད་ཡོད་ན། དེ་དག་གི་འབྱུང་རྐྱེན་དུ་གྱུར་བའི་དོན་གནད་ཁག་མཚམས་འཇོག་དགོས་པ་ཡིན།
༡༽རྒྱལ་གཅེས་ཆོས་གཅེས་སློབ་གསོ་ཞེས་པའི་འབོད་སྒྲའི་འོག་༸གོང་ས་མཆོག་ལ་ཚབས་ཆེའི་མཚན་སྨད་བྱེད་བཞིན་པ་དེས་བོད་མི་ཡོངས་ཀྱི་སེམས་ཁམས་ལ་ཚབས་ཆེའི་རྨ་ཁ་བཟོ་བཞིན་ཡོད་པས་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་མ་ཟད། ༸གོང་ས་མཆོག་མྱུར་བ་མྱུར་དུ་བོད་ནང་དུ་གདན་ཞུ་བྱ་དགོས།
༢༽འཆམ་མཐུན་ལྷིང་འཇགས་ཞེས་པའི་འབོད་སྒྲའི་འོག་གི་འཇིགས་སྐུལ་དྲག་སྤྱོད་མཚམས་འཇོག་བྱ་དགོས།
༣༽བོད་ཡིག་སློབ་ཁྲིད་བཀག་སྡོམ་གྱི་སྲིད་ཇུས་མཚམས་འཇོག་བྱ་དགོས།
༤༽དཔལ་འབྱོར་བསླུ་བྲིད་དང་ཞིང་འབྲོག་གནས་སྤོར་གྱི་ལས་འགུལ་འོག་རིག་གཞུང་རྩ་གཏོར་མཚམས་འཇོག་བྱ་དགོས།
༥༽ཡར་རྒྱས་འགྱུར་ལྡོག་ཅེས་པའི་འབོད་སྒྲའི་འོག་ཧམ་བཤད་རྫུན་སྒྲིག་གི་ཁྱབ་བསྒྲགས་མཚམས་འཇོག་བྱ་དགོས།
༦༽པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སོགས་ཉེས་མེད་བཙོན་འཇུག་མཚམས་འཇོག་བྱ་དགོས།
༧༽བོད་མིར་རོགས་སྐྱོབ་འཛུགས་སྐྲུན་ཞེས་པའི་འབོད་སྒྲའི་འོག་མི་སེར་སྤེལ་ཡུལ་དང་ཁོར་ཡུག་གཏོར་སྐྱོན་བྱེད་བཞིན་པ་མཚམས་འཇོག་བྱ་དགོས།
༨༽སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་མཚམས་འཇོག་བྱ་དགོས།
༩༽འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་སྨྲ་བརྗོད་བཀག་སྡོམ་མཚམས་འཇོག་བྱ་དགོས།
༡༠༽ལྐོག་ཟ་རུལ་སུངས་ཀྱི་ལྟག་སྒོ་ནས་གྲངས་ཉུང་མི་རིགས་ལ་ཚབས་ཆེའི་གྱོང་གུད་སྤྲོད་བཞིན་པ་མཚམས་འཇོག་བྱ་དགོས་པ་བཅས་སོ།།

བཞི་པ། རང་ལུས་མེ་སྲེག་གི་རྒྱུ་རྐྱེན་མཚམས་འཇོག་ཐབས་ལ་ལྟ་བ།

དེང་སྐབས་འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་ནང་གི་རང་ལུས་མེ་སྲེག་གི་འབྱུང་རྐྱེན་ཙམ་མ་ཡིན་པར། ལོ་ངོ་ལྔ་བཅུའི་རིང་རྒྱ་དམར་སྲིད་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་དང་བོད་ལ་བརླང་སྤྱོད་ཚད་མེད་ཇི་ལྟར་བཏང་ཡོད་མེད། བྱ་སྤྱོད་དེ་དག་རྒྱལ་སྤྱིའི་ཁྲིམས་དོན་དང་འགལ་ཡོད་མེད་མ་རྟོགས་པ་མིན་ཡང་། རྒྱལ་ཁབ་སོ་སོའི་འཕྲལ་སེལ་གྱི་ཁེ་ཕན་གཙོ་བོར་བཟུང་སྟེ་ད་ལྟའི་བར་བཏང་སྙོམས་སུ་ལྷག་ཡོད། ལོ་ཤས་སྔོན་ནས་ཨ་མི་ར་ཀ་དང་ཡོ་རུབ་རྒྱལ་ཁབ་ཁག་གིས་གཙོས་རྒྱལ་ཁབ་མང་པོས་ལི་བྷི་ཡ་དང་སི་རཱ་ཡ་སོགས། དྲག་སྤྱོད་ཁོ་ནས་སྲིད་དབང་སྒར་འཛིན་བྱེད་མཁན་རྣམས་ལ་དམིགས་སུ་བཀར་ནས་རྒྱལ་སྤྱིའི་ཁྲིམས་མཐུན་མིན་པའི་ཁ་རྡུང་ནན་མོ་བཏང་དང་གཏོང་བཞིན་པ་མ་ཟད། ཕྱོགས་འགལ་མང་གཙོ་དོན་གཉེར་ཅན་རྣམས་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་ནི་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་མཛད་སྤྱོད་བཟང་པོ་ཞིག་ཡིན། དེས་ན་རང་རེ་བོད་མི་ཚོ་ཡང་རྒྱ་དམར་སྲིད་གཞུང་གི་འོག་དཀའ་ངལ་ཅི་འཕྲད་ཀྱི་གནད་དོན་ཡོད་ཚད་ཉིན་རེ་བཞིན་རྒྱལ་སྤྱིའི་གར་སྟེགས་ཐོག་བརྒྱུད་ལམ་ནས་འཇོག་རྒྱུ་ནི་ང་ཚོ་ཕྱི་སྡོད་བོད་མི་ཚོའི་ཕྲག་ཏུ་བབ་པའི་ལས་འགན་ཞིག་ཡིན་ལ། རྒྱལ་སྤྱིའི་ངོས་ནས་ཀྱང་སེམས་ཚབ་ཡོད་པ་དང་གདུང་སེམས་མཉམ་སྐྱེད་ཡོད་ཟེར་བ་ཙམ་མ་ཡིན་པར། དོན་དངོས་རྒྱ་གཞུང་གི་བྱ་སྤྱོད་རྣམས་མཚམས་འཇོག་ཡོང་ཐབས་སུ་རྒྱལ་སྤྱིའི་ཁྲིམས་ཀྱི་ནུས་པ་ལྡན་པའི་འགན་བཞེས་ཡོང་ཐབས་ལ། འཛམ་གླིང་རྒྱལ་ཁབ་སོ་སོའི་རྒྱ་ཆེའི་གཞི་རིམ་མང་ཚོགས་དང་། སློབ་གྲྭ་ཁག་གི་ནང་བོད་གནས་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཡོང་ཐུབ་བྱ་རྒྱུ་སྐབས་བབ་ཀྱི་ལས་འགན་དུ་མཐོང་བ་བཅས་སོ།།

དགེ་བསྟན་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས ༣༠ ལ།

འབྲེལ་ཡོད་གསར་འགྱུར།

Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

སྐར་མ ༣༣ སྔོན་ལ།
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡ སྔོན་ལ།
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༣༡

མཆན། 4

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ཟླ་བ་བསོད་ནམས་ཀྱི་རྒྱུ་མཚན་གསུམ་པོའི་གང་ཡང་འབྲེལ་མེད་རེད།།

    Reply
  2. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    མ་གཞི་ནས་དཔྱད་རྩོམ་འདི་ལ་བོད་མིའི་གཤིས་བཟང་གི་ལྟ་སྤྱོད་ཀྱིས་རྒྱན་སྤྲོས་ནས་འགྲེལ་བརྗོད་སྙིང་རྗེ་མོ་ཞིག་གྲུབ་འདུག་སྟེ། དངོས་ཡོད་གནས་སྟངས་ཚུལ་ཅི་བཞིན་འགྲེལ་བརྗོད་བྱེད་རྒྱུ་ནི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་དམིགས་བྱ་རང་སོར་འབབ་རྒྱུ་ཁོ་ནའི་ཆེད་དུ་ཡིན་དགོས་བ་རེད། དེར་བརྟེན་དགེ་བསྟན་ལགས་ཀྱི་ལྟ་ཚུལ་འདི་དངོས་ཡོད་གནས་སྟངས་དང་རང་ལུས་མེ་སྲེག་གི་དོན་རྐྱེན་གང་ཐད་ནས་མཐའ་རིང་དུ་གྱེས་འདུག
    དང་པོ། དམིགས་ཡུལ་གྱི་ཆ་ནས་བོད་རྒྱ་ཞུ་འགྲིག་ཡོང་ཐབས་རང་ལ་འབད་བརྩོན་གྱིས་དོན་རྐྱེན་འདི་འབྱུང་བར་འདོད་ན། ཁོ་བས་ཅིས་ཀྱང་ཁས་ལེན་མི་འདོད་པའི་ཁར། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་འདས་གསོན་གཉིས་ཀྱི་ཚེ་སྲོག་གི་རིན་ཐང་ལ་གོང་ཚད་བརྒྱབ་འདུག་བསམ་ཀྱིན་ཡོད།
    གཉིས་བ། མེས་བོ་རྒྱུད་པའི་རང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་པའི་སྙིང་སྟོབས་ཀྱི་རིན་ཐང་གཞལ་དུ་མེད་ལ། ཞུམ་པ་མེད་པའི་ལྷག་བསམ་ལ་མི་རིགས་དང་རྒྱལ་ཁབ་གང་གིས་ཀྱང་དུས་ནས་དུས་སུ་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་བྱེད་པ་ལས། བསྡོམས་ཚིག་འཇོག་སྲོལ་ཅིག་ཡོད་ཚོད་མི་འདུག་ན། རང་ལུས་མེར་བསྲེགས་ཀྱི་དམིགས་བྱ་འདི་དང་དེའོ་ ཞེས་བ་འདི་ཅི་འདྲིའི་རྣ་བར་གཟན་པ་ལའང་།
    གསུམ་པ། བསམ་ཀྱིན་བསམ་ཀྱིན་འདས་བའི་དུས་ཚོད་ནང་བོད་སྤྱི་བའི་དོན་དུ་མེ་མདའི་ཁ་ནས་རང་སྲོག་ཤོར་མཁན་འདས་བོ་དག་གི་ཚེ་སྲོག་གི་རིན་དོན་དང་དམིགས་བྱ། དཀའ་སྡུག་སོགས་ཀྱང་སྣང་ཆུང་ངམ་རྩིས་མེད་དུ་བཏང་བའི་བཟོ་ཞིག་ཀྱང་མི་འདུག་གམ། བསམ་ཕྱོགས་འདི་ཡང་མཐའ་ལ་དེད་ན་བོད་རྒྱ་ཞི་འགྲིག་ལ་རེ་བཞག་ས་ནས་ལུང་རྡིབས་སོང་བའི་ལྟ་ཚུལ་གྱིས་དབང་གིས་ཡིན། བོད་གཞུང་འབངས་འདིས་བོད་རྒྱ་ཞི་འགྲིག་གི་ཐབས་ལམ་འདི་གལ་ཆེན་དོན་ཆེན་ལ་བལྟས་བ་ནས་བཟུང་།༼རྒྱ་ནག་པེ་ཅིན་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་ཏྰ་ལའི་བླ་མ་མཆོག་དང་ལྷན་དུ་བཀའ་མོལ་བྱུང་ན་ཡག་ཤེས་རེད།གོ་སྐབས་འདི་ཤོར་བ་ཡིན་ན་བོད་མི་ཡོངས་ཀྱིས་བཀུར་བཞིན་པའི་༧ཏྰ་ལའི་བླ་མ་ནང་བཞིན་གྱི་མི་ཞིག་འབྱུང་རྒྱུ་ཐེ་ཚོམ་རེད།དེའི་སྐབས་དེར་བོད་དམངས་ཚོགས་འུ་ཐུག་ནས་རྙོག་དྲ་ཆེ་རུ་མ་གཏོགས་ཆུང་རུ་འགྲོ་རྒྱུ་མ་རེད།༽ཞེས་བའི་ལྟ་ཚུལ་འདི་གནམ་ས་བར་དུ་བསྒྲགས་ནས་བོད་རྒྱ་ཞི་འགྲིག་གི་དབུ་ཁྲིད་དེ་མཇུག་བསྡུས་ཟིན་པ་རེད།
    མདོ་དོན། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་རྒྱ་ནག་གཞུང་གི་དབང་ཡོད། བཙན་མནོན། གདུག་རྩུབ་ཀྱི་འོག་ནས་བྱུང་ཞིང་། ཡ་ང་བའི་གནས་སྟངས་འདི་ལ་གདོང་གཏད་པའི་ཉམས་འགྱུར་དེ་ཡིན་འོས།

    Reply
  3. མིག says:
    ལོ་ 13 སྔོན།

    ཡིག་ནོར་རེ་གཉིས་ཤིག་མངོན་འདུག ཡིན་ན་ཡང་རྩོམ་གཞིའི་ནང་དོན་དང་དངོས་ཡོད་མཐུན་འདུག་ལ་སྦྱོར་ཐབས་ཀྱང་ཡག་པོ་འདུག

    Reply
  4. ཨ says:
    ལོ་ 13 སྔོན།

    ཐུགས་རྗེ་ཆེ། རྗེས་སུ་ཞིབ་ལྟ་ཞིག་བྱ་ངེས་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese