མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བསྟན་པ་དར་རྒྱས་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་ལགས་ཉེ་ལམ་རྔ་པ་ཁུལ་གྱི་སྨན་ཁང་དུ་སྐུ་གྲོངས་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་འཆི་མེད་དཔལ་ལྡན་ལགས་དང་གྲྭ་བསྟན་པ་དར་རྒྱས་ལགས་རྣམ་གཉིས་ཀྱིས། ཚོ་བདུན་ཀིརྟི་དགོན་པ་དང་བར་ཐག་སྤྱི་ལེ་ ༨༢ གྱི་སར་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་འབར་ཁམས་རྫོང་སྲིད་གཞུང་གཉིས་ཀྱི་ལྟེ་གནས་སུ། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་རྗེས། ཉེན་རྟོག་པས་སྨན་ཁང་དུ་བཙན་འཁྲིད་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༩།༢༣ ཙམ་ལ་གྲྭ་བསྟན་པ་དར་རྒྱས་ལགས་རྔ་པ་ཁུལ་གྱི་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག  སྐབས་དེར་བོད་མི་ཚོས་ཁོང་གི་སྐུ་ཕུང་ནང་མི་དང་དགོན་པར་སྤྲོད་རྒྱུའི་རེ་འདུན་ཞུས་ཡོད་ཀྱང་།  རྒྱ་གཞུང་གིས་ཡ་ལན་མ་སྤྲད་པར་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་སྐུ་ཕུང་མེར་བསྲེགས་བཏང་སྟེ། ཕྱི་དྲོའི་ཆུ་ཚོད་ཚོད་ ༤ ཡས་མས་སུ་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་པ་མ་ཟད། ད་དུང་ནང་མིར་ཆེ་རྐྱེན་ཁག་ཅིག་ཁས་ལེན་ཆེད་མཛུབ་ཐེབ་རྒྱག་བཅུག་ཡོད་འདུག

རང་ལོ་ ༢༢ ཡིན་པའི་གྲྭ་བསྟན་པ་དར་རྒྱས་ལགས་ནི། རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ཥོ་ལ་ཅང་སྡེ་བའི་ལེ་སྐོ་ཚང་གི་ཡིན་ཞིང་། ཁོང་གི་ཕ་མིང་ལ་སྐལ་ལྡན་དང་མ་མིང་ལ་དཔལ་མཚོ་འབོད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 12

  1. མི་རྒོད། says:
    ལོ་ 14 སྔོན།

    དུས་བབ་ཚང་གིས་དོན་མེད་མཆན་བུ་བཟོས། དུས་དང་མཚམས་པའི་མཆན་ཚིག་འགོད་མི་མཁས། དུས་བབ་དུས་བབ་ཟེར་ཞིང་ཞག་མ་འདས། དུས་ཚོད་ཟིན་པའི་ཉི་མས་ཟླ་བ་འདས། དུས་དུས་འདས་འདས་གཉིད་ལམ་མང་རོགས་རེད།།།།།

    Reply
  2. རྡོ་རྗེ། says:
    ལོ་ 14 སྔོན།

    མྱུར་དུ་མི་ལུས་ཐོབ་ཤོགས་

    Reply
  3. Tibet yeti says:
    ལོ་ 14 སྔོན།

    ཨ་མདོ་དཔའ་རྒོད་འདི་ལ་ངས་མྱང་ངན་དང་གུས་འདུད་ཞུ་ལ་མཆོག་གསུམ་སྨོན་འདེབས་ཀྱང་ངང་གི་ཞུ། འདས་པའི་དཔའ་འཛངས་ཡོངས་ལ་དེ་ལྟར་བསམ་བཞིན་ཡོད། ཞིང་མཆོག་བདེ་ལྡན་ནམ་མི་ལུས་རིན་ཆེན་དུ་རྙེད་ནས་དཔའ་འཛངས་ཡོངས་ཀྱིས་སྨོན་མདུན་སྒྲུབ་རྒྱུ་གདོན་་མི་ཟ།།།། ངོ་མ་དཔས་རྒོད་རེད་ཡ། ད་ང་ཡང་་་་་་་་་་་་་་་།

    Reply
  4. ཁེ་རྐྱང says:
    ལོ་ 14 སྔོན།

    དཔའ་བོ་ཁོ་བསྐྱར་དུ་རང་དབང་རྒྱལ་ཁབ་ཞིག་ཏུ་བོད་བསྟན་སྲིད་ཕན་ནུས་སྒྲུབ་ཐུབ་མཁན་ཞིག་ཏུ་སྐྱེ་བར་སྨོན།།

    Reply
  5. རྡོ་རྗེ། says:
    ལོ་ 14 སྔོན།

    མི་རིགས་ཀྱི་ལ་རྒྱའི་ཆེད་དུ་ཚེ་སྲོག་གིས་མཆོད་མེ་སྤར་བའི་རྒྱ་ཆེའི་དཔའ་བོ་དཔའ་མོ་རྣམས།མྱུར་དུ་དར་བའི་རྟེན་བཟང་རིན་པོ་ཆེ་ཐོོབ་པ་ཤོགས།

    Reply
  6. རྡོ་རྗེ། says:
    ལོ་ 14 སྔོན།

    མི་རིགས་ཀྱི་ལ་རྒྱའི་ཆེད་དུ་ཚེ་སྲོག་གིས་མཆོད་མེ་སྤར་བའི་རྒྱ་ཆེའི་དཔའ་བོ་དཔའ་མོ་རྣམས།མྱུར་དུ་དར་བའི་རྟེན་བཟང་རིན་པོ་ཆེ་ཐོོབ་པ་ཤོགས།

    Reply
  7. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    སྐྱེ་བ་རྗེས་མར་མི་ཡི་ལུས་ཐོབ་ནས། །འབྲལ་མེད་རང་དབང་དཔལ་ལ་ལོངས་སྤྱོད་ཅིང་། །ཆོས་དང་སྲིད་ཀྱི་བསླབ་པ་མཐར་སོན་སྟེ། །གླིང་འདིའི་དཀའ་རྙོག་སེལ་བའི་བྱེད་པོར་ཤོག ། །།

    Reply
  8. ཆོས་བཟང་། says:
    ལོ་ 14 སྔོན།

    ཨ་དཀོན་མཆཅོག་མཁྱེན། ཁོང་གིས་ལུས་དང་སེམས་ཀྱིས་སྡུག་བསྔལ་ཅི་ཙམ་ཞིག་མྱང་ཡོད།
    ཨ་ཤུ་རེ་ཁོ་་་་རྒྱ་སྐྱག་དེ་ཚོ།

    Reply
  9. ཆོས་བཟང་། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱིས་གུས་འདུད་ཞུ།
    ཁོང་གིས་ཉིན་ཞགས་བཅོ་བརྒྱད་དེ་་ཆུ་ཚོད་ ༢༡༦ ཡས་མས་ཤིག་གི་རིང་ལ་བཟོད་དཀའ་བའི་ན་ཟུག་དང་། ད་དུང་དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ལ་རྒྱ་ངན་དག་གི་ཁྱད་གསོད་དང་ཟུར་ཟ་སོགས་ཀྱིས་ཐུགས་ལ་སྡུག་བསྔལ་ཅི་ཙམ་ཞིག་སྤྲད་ཡོད། འདི་དག་ཚང་མ་སུ་ཞིག་གི་ཆེད་དུ་རེད། ང་ཚོས་ཁོང་གིས་ང་ཚོར་བཅིང་བའི་བརྩེ་དུང་དང་ཁོང་གིས་མྱོང་བའི་ལུས་སེམས་ཀྱི་སྡག་བསྔལ་དེ་ཚོ་ནམ་ཡང་བརྗེད་མི་རུང་།

    Reply
  10. Tibet yeti says:
    ལོ་ 14 སྔོན།

    དུད་བབས་ཚང་ལ་ངས་སྤེལ་བས་མཆན་དེ་གང་མགྱོགས་འཇུག་རོགས་དེར་ཞིབ་བཤེར་གནང་མི་དགོས་ལ། ངོས་རྣམས་མང་གཙོ་བ་རེད། གླད་རྙིང་དོར་ནས་གསར་ཕྱོགས་སུ་བསྐྱོད་དགོས།།།།

    Reply
  11. གནམ་ལྕགས། says:
    ལོ་ 14 སྔོན།

    དཔའ་བོའི་གཟི་བརྗིད་ནམ་ཡང་མཉམ་པ་མེད།།

    Reply
  12. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྐྱེ་འགྲོ་བདེ་ལ་འགོད་པའི་ཐུགས་བསྐྱེད་ཀྱིས། །བསྟན་པ་འཛིན་པའི་ངུར་སྨིག་ན་བཟའ་བཀླུགས། །གངང་ཅན་བོད་ཀྱི་བདེན་དོན་ཨེ་མཁྱེན་ཞེས། །རང་ལུས་བསྲེགས་ནས་འཛམ་གླིང་ཡོངས་ལ་བསྒྲགས། །དཔའ་བོ་ཁྱེད་རྣམ་བོད་ཀྱི་གཟི་བརྗིད་ཡིན། །འཛམ་གླིང་རྒྱལ་ཁམས་སྤྱི་ཡི་གཟི་བརྗིད་ཡིན། །དེ་བས་བདེན་དོན་སྐྱོང་བའི་དཔའ་རྒོད་ཡིན། །ཁྱེད་རྣམས་ཡོད་པས་ད་གཟོད་རྒྱལ་ཁམས་འདིར། །དྲང་བདེན་དར་ཆ་ནམ་ཡང་ནུབ་མི་སྲིད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese