བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༨ བར་ངྷ་རམ་ས་ལར་ཚོགས་གཏན་ཁེལ་ཡོད་པ་དང་། ཚོགས་འདུར་འཛམ་གླིང་ཡུལ་གྲུ་གང་ས་ནས་ཚོགས་བཅར་བ་ ༥༠༠ ལྷག་འཛོམས་འཆར་ཡོད་འདུག
དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཉིས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་ཡུལ་དང་ཚོགས་དུས། ཚོགས་མིའི་ཡོང་སྟངས་བཅས་ཀྱི་སྐོར་ལ་བཀའ་སྤྱི་གཉིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།
སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསལ་བསྒྲགས་བསྐྱངས་པ་ལྟར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་གོ་སྒྲིག་གནང་བཞིན་པའི་དམིགས་བསལ་ཚོགས་ཆེན་གཉིས་པ་དེ། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༩ བར་ཉིན་གྲངས་ ༤ རིང་བཞུགས་སྒར་ངྷ་རམ་ས་ལར་འཚོགས་རྒྱུ་ཡིན་འདུག ཐེངས་འདིའི་ཚོགས་ཆེན་གྱི་ཚོགས་མིའི་ཡོངས་ཁུངས་ཁག་ནི། བཀའ་བློན་དང་བཀའ་ཟུར་རྣམ་པ་དང་། སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། ངྷ་སར་གནས་འཁོད་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་དྲུང་འཕར། ཟུང་དྲུང་མན་གྱི་འགན་འཛིན་དང་ལས་བྱའི་སྡེ་ཚན་སོ་སོའི་འཐུས་མི་ ༡ རེ། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། སྐུ་ཚབ་དོན་གཅོད་རྣམ་པ། ས་གནས་འཐུས་ཚོགས་ཁག་གི་སྐུ་ཚབ་ ༡ རེ་དང་། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་ ༡ རེ། ས་གནས་མགོ་འཛིན་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་ ༡ རེ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་ ༡ རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ ༡ རེ། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་ ༦ རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་ ༡ རེ་བཅས་དང་། དེ་མིན། དུས་རྒྱུན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་མཁན་དགོངས་འཆར་གནང་འདོད་ཡོད་རིགས་ཀྱི་གྲོས་ནས། དྭང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ནས་མི་ ༣༥ ་དང་། དེ་མིན་ས་ཁུལ་གཞན་ནས་མི་ ༥༠ ལས་མ་མང་བ་དང་། དེའི་ནང་ནས་ས་མིག་ ༢༥ གཞོན་སྐྱེས་རང་ལོ་ ༣༠ མན་གྱི་ཆེད་དུ་ཟུར་བཅད་གནང་རྒྱུ་ཡིན་འདུག
ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནི། དབུས་གཙང་དང་མདོ་སྟོད། མདོ་སྨད་བཅས་རྒྱུན་ལས་ཁག་གསུམ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། རྒྱལ་ཡོངས་དམངས་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ། བོད་རྒྱལ་ཡོངས་ཆིག་སྒྲིལ་ཚོགས་པ། བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པ་བཅས་དང་། རང་སྐྱོང་སྡེ་ཚན་ཁག་ནི་བོད་གཞུང་ཟློས་གར་དང་བོད་ཀྱི་དཔེ་མཛོད་ཁང་། ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ལྡི་ལི་བོད་ཁང་། བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང་། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས། དབུས་སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། ཤེས་རིག་དཔར་ཁང་། བལ་ཡུལ་གངས་ཅན་བདེ་རྩ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅས་ཡིན་འདུག
ཚོགས་ཆེན་ཐོག་རྒྱ་བལ་འབྲུག་གསུམ་ལ་དྭང་བླངས་ཞབས་སྟེགས་ ༣༥ ཡོད་པའི་ཁོངས་ནས། གོང་གསལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་མེད་པའི་རིགས་ཟུར་བཅད་བྱ་རྒྱུ་དང་། དེ་ཡང་ ༢༠༡༢ ལོའི་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གྱི་ཉིན་གུང་བར་སྙན་ཞུ་འབྱོར་ཟིན་པའི་ཁག་ཡིན་འདུག དྭང་བླངས་ཚོགས་མི་ཁག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་གི་འོས་མིར་ཞུགས་ཆོག་གི་མེད་པ་རེད། བླ་ཆེན་རྣམ་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཚོགས་ཆེན་གྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོ། ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་སྐབས། དེ་བཞིན་ཚོགས་མི་ཚང་འཛོམས་ཐོག་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་བགྲོ་གླེང་གནང་སྐབས་བཅས་སུ་གདན་ཞུ་གནང་རྒྱུ་ཡིན་འདུག
ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་ཀྱི་སྐོར་ནས་གོ་བསྡུར་གནང་རྒྱུ་དེ་ཡིན་པ་དང་། དེ་ཡང་ཚོགས་འདུའི་ཉིན་དང་པོར་ཚོགས་བཅར་བ་ཚོགས་འཛོམས་ཐོག་གྲོས་གཞི་ངོ་སྤྲོད་དང་དབུ་འབྱེད་མཛད་སྒོ་ཚོགས་རྗེས་ཚོགས་ཆུང་ཁག་བཅུ་ལ་བགོས་ཏེ། ཉིན་རྒྱབ་ཚོགས་ཆེན་གྱི་གྲོས་གཞིའི་ཐོག་བཙན་བྱོལ་བོད་མིའི་ངོས་ནས་བཀའ་སྤྱི་གཉིས་ཀྱི་སྤྱི་སྨན་ལམ་སྟོན་ཞི་བ་དང་། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་ངང་ནས་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་དང་། ཉིན་གཉིས་པའི་སྔ་དྲོ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས། ཉིན་རྒྱབ་རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡའི་ནང་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་མ་ཟད། ཉིན་གསུམ་པའི་སྔ་དྲོར་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་རྒྱུ་དང་། ཉིན་རྒྱབ་སྙན་སྒྲོན་གནང་བའི་རྒྱབ་གཉེར་ཐོག་ཚོགས་ཆེན་རང་དུ་ཉིན་ཕྱེད་རིང་བགྲོ་གླེང་གནང་རྒྱུ། ཉིན་མཐའ་མའི་སྔ་དྲོར་གཞུང་མང་གཉིས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དང་། ཉིན་རྒྱབ་ཚོགས་ཆུང་སོ་སོའི་ཚོགས་ཆེན་དུ་ཕུལ་བའི་རྒྱབ་གཉེར་རྣམས་ཕྱོགས་བསྡོམས་གཏན་འབེབས་དང་ཚོགས་ཆེན་བསྡོམས་གནང་རྒྱུ་ཡིན་འདུག
གསར་འགོད་གསལ་བསྒྲགས་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། རྒྱ་བལ་འབྲུག་གསུམ་དང་དྭང་བླངས་ཚོགས་ཞུགས་པ་ ༣༥ དང་། དེ་མིན་ཚོགས་ཞུགས་པ་ ༥༠ མཉམ་ཞུགས་བྱེད་ཆོག་པ་དེ་དག་དེབ་སྐྱེལ་བྱེད་སྟངས་ཐད། རྒྱུན་ལས་ཀྱི་ངོས་ནས་ཐག་གཅོད་བྱས་རྗེས་རིམ་པས་གསལ་བསྒྲགས་བྱ་རྒྱུ་ཡིན་པ་དང་། དེ་ཡང་སྔོན་མའི་ཚོགས་ཆེན་སྐབས་ས་ཐག་ཉེ་བའི་རིགས་ཀྱིས་སྙན་ཞུ་སྔོན་ལ་ཕུལ་རྗེས། ས་ཐག་རིང་པོའི་དྭང་བླངས་པ་མང་པོ་ཞིག་མཉམ་ཞུགས་བྱ་ཐུབ་མེད་སྟབས། ཐེངས་འདིར་དེའི་རིགས་མི་འབྱུང་བར་བྱ་ཆེད་ཡིན་སྐོར་གསལ་བཤད་དང་སྦྲགས། ཁོང་གིས་ ” ཐེངས་འདིིར་སྔོན་མ་དང་མི་འདྲ་བར་ང་ཚོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མི་མང་ལ་དམིགས་ཏེ་གཞུང་གི་ཚོགས་བཅར་བ་ཉུང་དུ་བཏང་ཡོད། དེ་བཞིན། དྭང་བླངས་ཚོགས་མི་ཁག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་གི་འོས་མིར་ཞུགས་མི་ཆོག་པར་བཟོས་ཡོད། རྒྱུ་མཚན་གཙོ་བོ་འཐུས་མི་ཚོར་མཚོན་ན་མི་སྟོང་ཕྲག་མང་པོ་ཞིག་གི་ཚབ་བྱས་ཏེ་ཕེབས་ཡོད་པ་རེད། དྭང་བླངས་པ་ཚོ་མི་སྒེར་ངོས་ནས་ཕེབས་ཀྱི་ཡོད་པ་རེད། དྭང་བླངས་འཐུས་མི་ཚོར་བགྲོ་གླེང་དང་དྲི་བ་དྲིས་ལན། བཀའ་མོལ་བཅས་གནང་རྒྱུའི་གོ་སྐབས་ཡོད་ཀྱང་། ཚོགས་ཆུང་གི་ཚོགས་གཙོར་འདུག་མི་ཆོག་པའི་སྒྲིག་གཞི་བཀའ་སྤྱི་གཉིས་ཐུན་མོང་ཐོག་ཐག་གཅོད་བྱས་ཡོད། ” ཅེས་གསུངས་བྱུང་།
གསར་འགོད་པ། དོན་གོ
བསྟན་པ་ཉམས་པའི་རྒྱུ་ཆོས་ལུགས་འཐེན་འཁྱེར་བྱེད་མཁན་ནས་བྱུང་བ་གསལ་པོ་ཡོད་ལ་ད་ལྟའང་འཐེན་འཁྱེར་མ་དོར་ཚེ་འདི་ལྟར་ཡོང་རྒྱུ་ལྟ་ཅི་སྨྲོས། དེ་ནི་ཆོས་ཀྱི་ཐོག་ལ་ཉམས་ལེན་གཏིང་ཟབ་མེད་པ་ཁ་ཆོས་ཁོ་ནར་དམིགས་འབད་བྱེད་པའི་གང་ཟག་གིས་བྱེད་པ་སྐྱེས་བུ་མང་པོས་གསུངས་ཡོད། གོང་གི་མི་འདི་ཚོ་བོད་ཚང་གྲལ་དུ་དགོས་པ་ཞིག་མཐོང་མ་སོང་། ཕལ་ཆེར་རྒྱ་དམར་པོ་ལ་དགོས་ལ་དངུལ་ཡང་སྤྲོད་སྲིད་པ་རེད་བོད་མི་རིགས་དང་། ནང་ཆོས་ངོ་མ་འདོད་ན་བལྟ་བ་འདི་རིགས་མཚམས་འཇོག་དགོས།།
རིག་པའི་རལ་ག྄ྲི་ཡོད་ན།།
ར྄ྩེད་འཇོའི་ནགས་ཚལ་ས྄ྟུག་པོར།།
རང་ནུས་གང་ཡོད་ས྄ྟོན་ནས།།
ར྄ྩེད་མོ་ར྄ྩེ་རོགས་གནོངས་དང༌།།
ངས་འདི་ནས་ཐོག་མར་དུས་བབ་ར྄ྩོམ་ས྄ྒ྄ྲིག་ཚོགས་ཆུང་དང་། གསར་འགོད་ལས་རིགས། ད་དུང་དུས་བབ་ཚགས་ཤོག་ས྄ྟེང་དུ་མཆན་འབ྄ྲི་མཁན་དང་ཟིན་བ྄ྲིས་འབ྄ྲི་མཁན་ཡོངས་ལ་ཞུ་ར྄྄ྒ྄ྱུ་ཞིག་ནི། ལོ་གཉིས་གསུམ་ག྄ྱི་ཡར་ས྄ྔོན་ནས་(ས྄ྐར་མདའ་)་ཞེས་པའི་ས྄ྤུར་མིང་འདི་ངེད་ཀ྄ྱི་བེད་ས྄ྤ྄ྱོད་བ྄ྱེད་དང་བ྄ྱེད་མུས་ཡིན་མོད། ཡིན་ན་ཡང་ཁ་སང་ས྄ྤ྄ྱི་ཟ྄ླ་བཞི་པའི་ཚེས་བཅུ་ད྄ྲུག་གི་ཉིན་མི་ཞིག་གིས་ངའི་མིང་བེད་ས྄ྤ྄ྱོད་བཏང་ས྄ྟེ་དམིགས་བསལ་ཚོགས་ཆེན་ར྄ྡ་སར་ཚོགས་ར྄ྒ྄ྱུ་ཞེས་པའི་ར྄ྩོམ་ཡིག་དེ་ལ་མཆན་བ྄ྲིས་འདུག་ བསམ་བ྄ློ་ཞིབ་མོ་རེ་ཐོངས་དང་། སོ་སོ་མཆན་འབ྄ྲི་མཁན་ཞིག་གི་ངོས་ནས་བཤད་ན། གཞན་ག྄ྱི་བེད་ས྄ྤ྄ྱོད་བ྄ྱེད་བཞིན་པའི་མིང་དེ་རང་གིས་བེད་ས྄ྤ྄ྱོད་བཏང་བ་ཙམ་ག྄ྱི་རང་ཉིད་ཀ྄ྱི་མདོག་ཆ་གསར་བ་ཞིག་དང་། རང་གིས་རིན་ཐང་གི་ཚད་གཞི་མི་ལ་ཁ་གསལ་བས྄ྟན་ཞིག་མི་ཆགས་སམ། རང་མིང་གཞན་ག྄ྱི་བེད་ས྄ྤ྄ྱོད་བཏང་བ་དང་། གཞན་མིང་རང་གིས་བེད་ས྄ྤ྄ྱོད་བཏང་བ་སོགས་ཀ྄ྱི་གནས་ས྄ྟངས་འདི་ཚོ་ལ་ར྄ྩོམ་ས྄ྒ྄ྲིག་པས་དོ་ས྄ྣང་དམིགས་བསལ་བ་ཞིག་ས྄ྤ྄ྲོད་ར྄ྒ྄ྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་བསམ་ར྄ྒ྄ྱུ་ཡོད། ད་དུང་(ས྄ྐར་མདའ་)་ཞེས་པའི་མིང་འདི་བེད་ས྄ྤ྄ྱོད་གཏོང་མཁན་སུ་ཞིག་ཡིན་ནའང་བསམ་བ྄ློ་ལེགས་པོ་གཏོང་རོགས་གནང་ཞེས་འབོད་བས྄ྐུལ་ག྄ྱི་ཚུལ་ཞུ་བཞིན་ཡོད། གལ་ས྄ྲིད་ད་དུང་མུ་མཐུད་ནས་བེད་ས྄ྤ྄ྱོད་བཏང་བ་ཡིན་ན། ར྄ྗེས་ཕ྄ྱོགས་རང་གི་མཚན་ཉིད་ལ་མི་གནོད་དམ། བལ྄ྟ་ར྄ྒ྄ྱ་ཐོས་ར྄ྒ྄ྱ་ཅན་ཞིག་ཡིན་ན། མིང་འདི་སུས་བེད་ས྄ྤ྄ྱོད་གཏོང་གི་ཡོད་མེད་དེ་ངེས་པར་དུ་ཤེས་དགོས་ཤིག་མ་རེད་དམ། ས྄ློབ་ས྄ྦ྄ྱོང་ཅན་ཞིག་ཡིན་ན། མིང་གང་ཞིག་བཏགས་ཀ྄ྱང་འདོགས་ར྄ྒ྄ྱུ་ཡོད་རེད། བོད་ཡིག་གི་མིང་ཚིག་བེད་ས྄ྤ྄ྱོད་བ྄ྱས་པ་དང་ མ་བ྄ྱས་པ་གཉིས་ཀ་ག྄ྲངས་ལས་འདས་ཤིག་ཡོད་ཙང་། མིང་ཙམ་བཏགས་པ་ལ་དཀའ་ངལ་ཀ་རེ་འདུག་ ལེགས་པོའི་ས྄ྒང་ནས་ཐེངས་གཅིག་ཞུ་གུ་ཡོད། གཟབ་རོགས་གནོངས་དང་།
གཞན་ཞུ་ར྄ྒ྄ྱ་གང་ཡང་མེད། ཐུགས་ར྄ྗེ་ཆེ།༎།༎།༎
ས྄ྐར་མདའ་ནས།༎།༎།༎།༎།༎།༎།༎།༎།༎།༎།༎།༎།༎།༎།༎
ཡུལ་གྱལ་གྱི་མཚེར་ས།
ད་ཁྱེད་ཀྱིས་གང་ལྟར་བཤད་ཀྱང་ཀློག་མཁན་རྣམས་ཀྱིས་ཁྱེད་དང་ཁྱེད་ཀྱི་བསམ་བློ་གཉིས་ག་ཤེས་ཚར་རེད། ད་ཉོག་གཏམ་མང་དུ་བཤད་ན་དུས་ཚོད་འཕྲོ་བླག་ལས་མེད་པས་འདིར་བཞགས། གང་ལྟར་ཉིད་ཀྱིས་དག་འདོན་བྱས་པ་བཟང་།
ཡུལ་གྱལ་བའི་མཚེར་རྙིང་གིས། རང་གི་ནོར་འཁྲུལ་དང་ཕམ་ཁ་ངོས་ལེན་བྱས་པ་ནི་སྤྱི་སེམས་ཡིན་པར་རྩ་བ་ནས་ངོས་འཛིན་མེད། ཕམ་ནས་ལན་མེད་པར་བྱས་པས་ལན་མེད་པར་སྡོད་རྒྱུར་ངོ་ཚ་ནས་འདི་འདྲ་བྲིས་པ་རེད།
ངོ་མ་བཤད་ན། ཁྱོད་ལས་ང་ལ་ཕམ་ཁ་དང་ངོ་ཚ་འདུག རྒྱུ་མཚན་ང་ཚོས་རང་གཞུང་ལ་ཆོས་རྒྱུད་སྤྱི་མཚུངས་ཀྱི་ཐོབ་དབང་གནང་རོགས་ཞེས་ཞུ་བ་འཐེན་བཞིན་པའི་སྐབས་འདིར། དཀྲུག་འདྲེ་ཁྱོད་བར་དུ་འཚེངས་ནས་གཏམ་ངན་སྨྲས་ལུང་བ་གང་སྨྲས་པས། བདེན་དོན་ལ་རྒྱབ་སྐོར་བྱེད་མཁན་ཉུང་དུ་ཕྱིན་ཡོད། འདི་ཁྱོད་ཀྱི་རྒྱལ་ཁ་དང་ངའི་ཕམ་ཁ་རེད།
ཡིན་ན་ཡང་ད་ཐེངས་ཚིག་གི་ཐོག་ནས་ངས་ཁྱོད་ཕམ་ནག་རྡོ་ལ་བརྒྱབས་ཡོད་པས་ཅུང་བློ་བདེ་བོ་བྱུང་།
ད་བདེ་མོར་སོང་། ཡང་གཞན་དང་གཞན་ལ་དཀྲུགས་ཤིང་རེ་བཟོ་ཨེ་ཐུབ་ལྟོས། འདི་ཁྱོད་ཀྱི་ཆེད་ལས་རེད།
བསྟན་འཛིན་ལགས། ༢༠༡༢་༤་༢༠་ཉིན་བྲིས་པའི་ངའི་རྩོམ་ཐུང་ཐ་མ་དེ་འབྲི་སྐབས་ཉིན་དེ་གར་བྲིས་འཇིགས་མེད་ང་རོ་ལགས་ཀྱི་རྩོམ་དེ་དྲ་རྒྱར་མངོན་པ་ལས་ཁྱེད་ཀྱི་དེ་དེ་སྐབས་དྲ་རྒྱའི་ནང་དུ་མི་འདུག་ཀྱང་རྗེས་སུ་སྤེལ་བའི་ཁྱེད་ཀྱི་དགོངས་འཆར་དེ་ད་ལྟ་ཐེངས་ཁ་ཤས་ཀློགས་རྗེས་ངར་བསམ་ཚུལ་མི་འདྲ་བ་ཞིག་འཆར་བ་ནི་ང་ཚོའི་སྤྱི་ཚོགས་སུ་བགྲོ་གླེང་སྐབས་ཁྱོད་ཤི་ང་གསོན་ལྟ་བུ་ལས་བསམ་ཚུལ་བརྗེ་རེས་དང་ཕན་ཚུན་བར་ཤེས་རིག་གི་ཞབས་འདེགས་ཞུ་ས་མེད་པ་ལྟ་བུ་ཞིག་ཏུ་མཐོང་བས་རྗེས་སོར་ཁྱེད་ཀྱིས་ཅི་གསུངས་ཀྱང་ངར་ལན་རྒྱག་རྒྱུའི་འཆར་གཞི་གང་ཡང་མེད། ངེད་ཅག་གིས་བྲིས་ཟིན་པའི་རྩོམ་ཐུང་དག་རྒྱ་ཆེ་གློག་པ་པོ་རྣམས་ཀྱིས་གོ་རིམ་མ་འཁྲུགས་པའི་ཐོག་ནས་ཞིབ་གཟིགས་གནང་ན་བདེན་རྫུན་དབྱེ་བ་འབྱེད་རྒྱུ་གདོན་མི་ཟ་བ་ཡིན། གལ་སྲིད་གནས་ལུགས་ཀྱི་ངོས་ནས་ངོས་རང་་ཕམ་དུ་ཡོད་ན་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་ལྟ་ཞོག་རྒྱ་ཆེ་ཀློག་པ་པོ་ཡོངས་ལའང་སྙིང་ཐག་པ་ནས་དགོངས་དག་ཞུ་གི་ཡིན།
འཇིགས་མེད་ང་རོ་ལགས། ཁྱེད་ཀྱི་རྩོམ་གྱི་སྤུས་ཉིན་རེ་ནས་ཉིན་རེར་ཡར་རྒྱས་འགྲོ་བར་དགའ་བསུ་ཞུ། ཁྱེད་ཀྱིས་ང་ལ་སྙོན་འཛུགས་ཙམ་ལས་ངས་བྲིས་པ་དག་ཞིབ་ཀློག་མ་གནང་བའམ་ཡང་ན་མཁྱེན་འདོད་མེད་པ་གང་ཡིན་ཆ་འཚལ་བའི་ཚུལ་གཤམ་དུ་གསལ་བཤད་མདོར་བསྡུས་ཙམ་ཞུ་ན། ངས་བཤད་པ་ནི་ཇོ་ནང་པས་མིང་དང་དོན་གྱི་ནང་ནས་དོན་གཙོ་བོ་དང་། འགན་ཁུར་དང་ཐོབ་ཐང་གཉིས་ལས་འགན་ཁུར་གཙོ་བོ་དང་དེ་བཞིན་ཆོས་དང་འཇིག་རྟེན་གཉིས་ལས་ཆོས་གཙོ་བོར་འཛིན་དགོས་པའི་འབོད་བསྐུལ་ཞུས་པ་ཙམ་ལས་ཇོ་ནང་པ་ཡིན་ཚད་བྱ་བྲལ་ཡིན་དགོས་རེད། ཇོ་ནང་པའི་མཚན་གནས་ཀྱི་ཐོབ་ཐང་རྩོད་རྒྱུ་ཡོད་མ་རེད་ཅེས་བརྗོད་མེད་ལ་དེ་བཞིན་འགན་ཁུར་ཙམ་ལས་ཐོབ་ཐང་གང་ཡང་རྩོད་རྒྱུ་ཡོད་མ་རེད་ཅེས་བཤད་མེད། དེ་བཞིན་ས་དགེ་ཀར་རྙིང་ཚོར་འཇིག་རྟེན་ཆོས་བརྒྱད་འདྲེས་ཆོག་ལ་ཇོ་ནང་པར་འདྲེས་མི་ཆོག་ཚུལ་གང་དུ་བཤད་འདུག ངས་ས་དགེ་ཀར་རྙིང་སོགས་ལའང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོད་མི་འོས་ཚུལ་བཤད་པ་མ་གཟིགས་སམ། འདིས་ཆོས་བརྒྱུད་འདི་དག་ལའང་ཆབ་སྲིད་དང་འཇིག་རྟེན་ཆོས་བརྒྱད་འདྲེས་ན་མི་ལེགས་ཚུལ་རང་གི་བསམ་ཚུལ་བཤད་པ་ཡིན། རྒྱུ་མཚན་བཤད་དགོས་པ་ལས་འཇིགས་སྐུལ་དང་སྨད་ར་གཏོང་བ་སོགས་ཀྱིས་དཔལ་ལྡན་ཇོ་ནང་པའི་བསྟན་པ་དང་མཚན་སྙན་ལ་གནོད་པ་ལས་མེད་པ་མེད་པ་ཁྱེད་ཀྱི་ཐུགས་ལ་འཆར་རྒྱུ་རེ་བ་ཡོད། ཁྱེད་ཀྱིས་ང་ལ་དྲི་བ་བཀོད་བཞིན་ཁ་བཙུམ་ན་བཟང་བའི་དགོངས་འཆར་བཏོན་འདུག འོན་ཀྱང་འདི་གཉིས་ཀ་ནི་ཡོང་རྒྱུ་མེད་པ་ཡིན་སྟབས་ལན་མདོར་བསྡུས་རྒྱག་རྒྱུ་འདི་བདམས་པ་ཡིན། དེ་བཞིན་ཁྱེད་ཀྱིས་ང་ལ་ནག་ཉེས་གསུམ་བཀལ་འདུག་པ་དོན་ལ་གནས་མིན་རྒྱ་ཆེའི་ཀློག་པ་པོས་ཐག་གཅོད་དགོས་པ་ལས་ཁྱོད་ང་གཉིས་ཀྱིས་ཀ་ཚོན་གཅོད་མི་ཐུབ།
ཇོ་ནང་ཆོས་བརྒྱུད་མི་ལེགས་པ་དང་བོད་བསྟན་སྲིད་ལ་ཕན་པའི་ལས་ཀ་གནང་མེད་ཚུལ་ངས་གང་ཡང་བཤད་མེད། ཇོ་ནང་ལྷ་སྡེ་དང་མི་སྡེ་མང་པོས་རླབས་ཆེན་གྱི་བློས་གཏོང་གི་སྒོ་ནས་བོད་བསྟན་སྲིད་ཀྱི་ཞབས་འདེགས་བླ་ན་མེད་པ་བསྒྲུབས་དང་སྒྲུབ་བཞིན་པའི་འཛད་རྗེས་ཁྱེད་ཅག་ཁ་ཤས་ཤིག་གིས་ག་གེ་མོའི་མིང་དང་ཐོབ་ཐང་གི་ཆེད་དུ་བེད་སྤྱད་ན་ཤིན་ཏུ་ཕངས་།
ཁོ་རེ། ཡུལ་གྱར་བའི་མཚེར་རྙིང་། མི་ངན་ཁྱོད་སུ་ཡིན་ཤེས་རྒྱུ་ཧ་ཅང་གི་གལ་ཆེན་རེད། སྤྱི་ཚོགས་ཀྱི་དཀྲུག་འདྲེ། ཕུ་ནུའི་འགོང་འདྲེ་ཁྱོད་ལྟ་བུ་ཐེར་འདོན་བྱེད་དགོས།
ཇོ་ནང་པས་རང་གི་གཞུང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་རྩོད་སྟངས་དང་། བོད་ཀྱིས་རྒྱ་ནག་ལ་རང་དབང་རྩོད་སྟངས་གཉིས་འདྲ་མཚུངས་ཡིན་པ་མ་ཟད། ད་དུང་དབང་བསྒྱུར་བྱེད་སྟངས་སོགས་ཀྱི་ཆ་ནས་བོད་གཞུང་གིས་ཇོ་ནང་ཐོག་བཟུང་བའི་སྲིད་བྱུས་བརྒྱ་འགྱུར་གྱི་ཐབས་སྡུག་པ་རེད།
རྒྱ་ནག་གཞུང་གིས་བོད་ཁམས་ཡོངས་ལ་དབང་བསྒྱུར་ཡོད་མོད། རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ནང་དུ་བོད་ཀྱི་མིང་གཙོ་བོར་བྱས་ཡོད་ལ། ཐོབ་ཐང་སོགས་ཀྱང་གྲངས་ཉུང་མི་རིགས་གཞན་ལ་བལྟས་ན་ཅུང་བཟང་པོ་ཡོད། དེར་བརྟེན་བཙན་བྱོལ་གཞུང་གིས། བོད་རྒྱ་ནག་གི་མངའ་འོག་ཏུ་འདུག་འདོད་ཡོད། རྒྱ་ནག་ལས་ཁ་འབྲལ་རྒྱུ་མིན་ཞེས་མཐེ་བོང་གནམ་དུ་བསྒྲེངས་ནས་ཞུ་བ་འཐེན་བཞིན་ཡོད་པ་མིན་ནམ།
བོད་གཞུང་གིས་ཇོ་ནང་ལ་དྲག་པོས་དབང་བསྒྱུར་བྱས་པ་ནས་བཟུང་། ཇོ་ནང་ཟེར་བའི་ཐ་སྙད་འདི་གནམ་འོག་ནས་རྩ་མེད་གཏོང་རྒྱུའི་བྱུས་ངན་བཟུང་ཡོད།
གལ་ཏེ་བོད་གཞུང་གིས། ཇོ་ནང་ཚང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཚན་གནས་དང་། ཐོབ་ཐང་སྤྲད་ན། བཙན་བྱོལ་སྤྱི་ཚོགས་ནང་གི་ཇོ་ནང་པའི་དགོན་པ་གཅིག་པོའི་ཐོག་ལ་དྲག་པོའི་ཁྲིམས་གཞི་བསྡམས། ལས་དོན་རུ་ཁག་བཙུགས། གྲྭ་བའི་གྲངས་ལ་ཚད་བཀག་བཟོས་ཀྱང་། ཇོ་ནང་པས་བཟོད་སྒོམ་བྱེད་ཆོག
དེང་སྐབས་ཇོ་ནང་ཚང་ལ་བཙན་བྱོལ་བོད་གཞུང་གིས། འགྲོ་བ་མི་སྤྱི་མཚུངས་ཀྱི་གཞི་རྩའི་ཐོབ་ཐང་ཙམ་ཡང་སྤྲད་མེད་པ་མ་ཟད། ཐ་ན་ཇོ་ནང་ཚང་གི་མཚན་ཙམ་ཡང་བོད་ཀྱི་ཆོས་བརྒྱུད་ཀྱི་གྲལ་དང་། གཞུང་འབྲེལ་ཡིག་ཆ་ཁག་ཏུ་བཀོད་མེད། རྩ་མེད་གཏོང་ཟེར་བ་འདི་འདྲ་རེད།
ཁོ་རེ། མཚེར་རྙིང་། ཁྱོད་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་དང་རིག་གནས་རྩ་མེད་གཏོང་བཞིན་པའི་སྲིད་བྱུས་དང་། བོད་གཞུང་གིས་ཇོ་ནང་ཐོག་བཟུང་བའི་སྲིད་བྱུས་གཉིས་བསྡུར་ནས་ལྟོས་དང་ཡག་སྡུག་ཤེས་སླ།
༧གོང་ས་མཆོག་གིས། ཇོ་ནང་ཚང་གི་གཞུང་ལ་ལྟ་དགོས་གསུང་བ་ཙམ་མ་རེད། ཇོ་ནང་ཚང་ཆེས་རྩ་ཆེ་བའི་བོད་ཀྱི་ཆོས་རྒྱུད་ཞིག་ཡིན་ཅིང་། ཇོ་ནང་ཚང་ལ་བཀའ་དྲིན་རྗེས་དྲན་བྱེད་དགོས་ཞེས་གསུངས་པ་ཁྱོད་ཀྱིས་མ་མཐོང་མ་ཐོས་པ་ཕྱོགས་ཞེན་གྱི་རྣག་ཁྲག་གིས་ཁྱོད་ཀྱི་འདྲེ་མིག་དང་འདྲེ་རྣ་བཏུམ་པའི་སྐྱོན་རེད།
ཇོ་ནང་ཚང་གིས། ཆོས་རྒྱུད་ཀྱི་ཐོབ་ཐང་རྩོད་བཞིན་པའི་སྐབས་འདིར། ཁྱོད་ཀྱིས་ཚན་རིག་པ་དྲུད་ཡོང་ནས་ག་རེ་བྱེད་འདོད་པ་ཡིན་ནམ། རིགས་པ་མགོ་མཚུངས་ཟེར་བ་འདི་འདྲ་རེད་བསམ་པ་ཡིན་ནམ། མི་ཤེས་པ་ནི་སྡུག་བསྔལ་བའོ་ཟེར་བ་ཅིས་མ་བདེན།
གལ་ཏེ་བོད་དུ་ཕྱི་རོལ་བའི་གྲུབ་མཐའ་འཛིན་མཁན་ཡོད་ཅིང་། ཐོབ་ཐང་བརྩད་ན་སྤྲོད་དགོས་རེད། ཐོབ་ཐང་སུ་ལ་ཡང་དགོས་པ་རེད།
ཐོབ་ཐང་དང་འགན་འཁྲི་གཉིས་ཀྱི་ནང་ནས་གཙོ་བོ་ཐོབ་ཐང་རེད། ཐོབ་ཐང་ངམ་ཐ་ན་མིང་ཙམ་ཡང་མེད་ན། འགའ་འཁྲི་ཇི་ལྟར་བསྒྲུབ་དགོས། དང་པོར་མིང་བཏགས། དེ་ནས་རིམ་གྱིས་ཐོབ་ཐང་བླངས། དེ་རྗེས་རང་ལ་འཁྲི་བའི་ལས་འགན་དེ་རང་གིས་བསྒྲུབ་དགོས། དཔེར་ན་དུས་འཁོར་གྱི་བྱིས་འཇུག་དབང་བདུན་ཐོབ་རིམ་ལྟ་བུ་རེད།
རྣམ་རྒྱལ་གྲྭ་ཚང་གིས། དགེ་ལུགས་ཡིན་བཞིན་དུ་རིས་མེད་ཅེས་གསུང་རྒྱུ་མང་དྲགས་ནས་ཆོས་རྒྱུད་སྤྱི་འཐུས་འདེམས་ས་མ་སོང་བ་རེད། ཇོ་ནང་པར་ཆོས་རྒྱུད་ཀྱི་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་མེད་པ་རིས་མེད་ཡིན་པའི་རྒྱུ་མཚན་གྱིས་རེད་ཟེར་རྒྱུ་ཡིན་ནམ། ཀློས་རྒན།
ཇོ་ནང་ཚང་གིས་བོད་ཀྱི་ཆོས་རྒྱུད་ཚང་མར་ཐོབ་དབང་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་དགོས་ཟེར་གྱིན་ཡོད་པ་ལས། དམིགས་བསལ་ཇོ་ནང་ཚང་ལ་སྲིད་དོན་གྱི་གར་སྟེགས་དགོས་ཟེར་གྱིན་ཡིན། གལ་ཏེ་བོད་ཀྱི་གྲོས་ཚོགས་ནང་དུ་ནང་ཆོས་ཀྱི་འཐུས་མི་དང་། ཆོས་ལུགས་གཞན་གྱི་འཐུས་མི་ལས་མེད་པའམ། ཡང་ན་ཆོས་རྒྱུད་ཀྱི་སྤྱི་འཐུས་རྩ་བ་ནས་མེད་ན། ཇོ་ནང་ཚང་ལ་ཡང་དགོས་དོན་མེད།
ཇོ་ནང་ཚང་གིས་རྩོད་བཞིན་པ་དེ། ད་ཡོད་ཆོས་རྒྱུད་ཁག་གི་སྤྱི་འཐུས་དང་། ཆོས་རྒྱུད་ཀྱི་ཐོབ་ཐང་ཇོ་ནང་ཚང་ལ་ཡང་དགོས། སྤྲོད་རོགས་གནོངས་ཞེས་ཞུ་བ་འཐེན་བཞིན་ཡོད། འདི་མི་འགྲིག་གི་ཟེར་ན་འདི་ལས་ལྷག་པའི་བཙན་གཏམ་ཞིག་གང་ན་ཡོད།
ཇོ་ནང་ཚང་གིས་གནའ་ནས་ད་བར་རང་གི་གྲུབ་མཐའ་རང་གིས་བཟུང་ནས་བསྡད་ཡོད་ལ། མ་འོངས་པར་སྡོད་ཀྱི་རེད། ད་དུང་ཇི་སྲིད་གནམ་འོག་ནས་ཇོ་ནང་ཚང་རྩ་མེད་མ་བཏང་བར་འགྲོ་བ་མིའི་ཐོབ་ཐང་ཀྱང་རྩོད་ངེས་ཡིན། དེའི་ཆེད་དུ་སྲོག་དོར་དགོས་བྱུང་ཡང་འཛེམས་བག་དང་འགྱོད་པ་སྤུ་ཙམ་མེད།
ཡུལ་གྱར་གྱི་མཚེར་ས།
ཁྱེད་ཀྱིས་ཉན་ཉོག་མང་པོ་བཤད་ཀྱང་སྙིང་པོ་བྲལ་བ་ཆུ་ཤིང་ནང་བཞིན་རེད།
མདོར་བསྡུས་ན། གཅིག ཁྱོད་གྲུབ་མཐའི་ཕྱོགས་ཞེན་ཤིན་ཏུ་ཆེ་བའི་ལྟ་བ་གུ་དོག་ཅན་ཞིག་ཡིན་པ་སུས་ཀྱང་ཤེས་སླ། གཉིས། ཁྱོད་ལྷག་པར་དུ་ཇོ་ནང་པར་སྡང་མཁན་ཞིག་ཡིན་པ་ཀློག་མཁན་སུས་ཀྱང་ཤེས་སླ། གསུམ། ཁྱོད་ལ་བོད་རིགས་ནང་ཁུལ་གཏོར་བཤིག་གཏོང་འདོད་ཡོད་པ་ཤེས་སླ། མདོར་བསྡུས་ནས་བཤད་ན། ཁྱོད་ཀྱིས་ཇོ་ནང་པ་ལ་མཚན་གནས་ཐོབ་ཐང་ཙམ་ཡང་མི་དགོས། ཇོ་ནང་པ་ཡིན་ཚད་བྱ་བྲལ་པ་ཡིན་དགོས། འཇིག་རྟེན་ཅུང་ཙམ་འདྲེས་མི་ཆོག ཇོ་ནང་པར་ཐོས་བསམ་བྱེད་པ་ལས་གཞན་པའི་ཐོབ་ཐང་གཅིག་ཀྱང་དགོས་དོན་མེད། ཟེར་བར་སོང་འདུག དེ་འདྲ་ཞིག་བློ་ལྡན་སུས་ཡིས་མོས་མཐུན་བྱེད། ས་དགེ་བཀའ་རྙིང་ཚོར་འཇིག་རྟེན་ཆོས་བརྒྱད་འདྲེས་ཆོག་ལ་ཇོ་ནང་ལ་མི་ཆོག་ཟེར་བར་སོང་འདུག
ད་དུང་ཁྱོད་ཀྱིས་སོ་སོ་ལ་བབས་པའི་འགན་འཁྲི་འཁུར་དགོས་པ་ལས། ཐོབ་ཐང་མི་དགོས་མདོག་བྱས་འདུག་པ་ནི་བསམ་མེད་ངོ་ཚ་མེད་པའི་གཏམ་རེད། ཐོབ་ཐང་མེད་པར་འགན་འཁྲི་ཆ་ཚང་ཁུར་ཐུབ་ན། ང་ཚོས་རྒྱ་ནག་ལ་ཅི་ཞིག་རྩོད་ཀྱི་ཡོད། ང་ཚོས་དོན་མེད་དུ་རང་སྲོག་མཆོད་མེར་ཕུལ་བ་རེད་དམ། དྲ་འབུ་བླུན་རྒན་ཁྱོད་ཀྱིས་ང་ཚོའི་དུས་ཚོད་འཕྲོ་བརླག་བཏང་འདུག ཁ་སང་ཉིན་རང་ལ་རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་སྐུ་སྲོག་བོད་ཀྱི་ཐོབ་ཐང་ཆེད་ཕུལ་བ་དེ་ཡང་ཇོ་ནང་པའི་ལྷ་སྡེ་ཡིན་པ་ཨེ་ཤེས། ཁྱོད་ཀྱིས་ད་དུང་ཇོ་ནང་པ་བོད་གངས་ཅན་པ་ལས་ལོགས་སུ་བཀར་རྒྱུ་ཡིན་ནམ། ཁྱོད་འགན་འཁྲི་འཁུར་མཁན་ཡིན་པས་མ་འོངས་པར་ཇོ་ནང་པ་ཁ་བྲལ་དུ་སོང་ན་ཁྱོད་ཀྱིས་འགན་འཁུར་དགོས། ཁྱོད་ཀྱིས་ད་ལྟའི་ཁྱོད་ལ་ཡོད་པའི་རང་འགན་ནས་འབྲུ་ཙམ་དེ་ཁུར་ནས། ཁ་བཙུམ་ན་མི་བཟང་ངམ།
བསྟན་འཛིན་ལགས། ང་སུ་ཡིན་མིན་དེ་གལ་ཆེར་མིན་ལ་ངའི་གཏམ་དེར་རྒྱུ་མཚན་ཡོད་མེད་གཟུ་བོའི་བློས་དཔྱད་རྒྱུ་དེ་གལ་གནད་ཆེ། ཁྱེད་ཐུགས་བློ་མི་བདེ་བ་བཟོས་པར་རྒྱུ་མཚན་ལྡན་ཡོད་ན་ངས་དགོངས་དག་ཞུ། ཁྱེད་ཀྱི་གཏམ་ཁ་ཤས་ལ་གོ་རྒྱུ་འདྲ་འདུག་ཀྱང་ཁ་ཤས་ཕྱོགས་སྔའི་ནམ་མ་ལངས་གོང་དགག་སྒྲུབ་ཀྱི་ཉི་མ་ཤར་བའང་འདུག དཔེར་ན་ངས་ཇོ་ནང་པས་རང་གི་གཞུང་ལ་སྐྱིད་སྡུག་ཞུས་ན་མི་འགྲིག་ཅེས་བརྗོད་མེད་ལ་དེ་བཞིན་ད་ལྟའི་བཀའ་ཤག་ལ་ཞུས་ན་མི་འགྲིག་ཅེས་དེ་བས་ཀྱང་བརྗོད་མེད། གོང་དུ་ཁ་ཤས་ཀྱིས་ཁྱེད་ཅག་གི་རེ་དོན་ལ་འགོག་རྐྱེན་བཟོ་མཁན་ད་ལྟའི་བཀའ་ཁྲི་དང་ཚོགས་གཙོ་གཉིས་ཁོ་ན་ཡིན་པའི་་རྣམ་འགྱུར་དང་སྦྲགས་ཏེ་འཁངས་ར་དང་། སྡིག་ར། དེ་བཞིན་དམའ་འབེབས་སོགས་བྱས་འདུག་པ་དེར་དམིགས་པ་ཡིན། མི་ལོ་༡༡་རིང་ལ་བདེ་སྡུག་ཞུ་ས་དེ་བློ་སེང་དང་སྤེན་ཚེ་གཉིས་ལས་མེད་པ་ཡིན་བཟོ་མ་རེད། གལ་སྲིད་མི་ལྔས་ཉེས་པ་འདྲ་འདྲ་བསགས་ན་གཅིག་ཁྱེད་ཀྱིས་ཐེར་འདོན་དང་བཞི་ཐར་པར་བཏང་ན་དྲང་བདེན་རེད་དམ། འདི་ནི་བཏགས་པ་མཐའ་གཟུང་གི་དཔེ་ཙམ་ལས་བཀའ་སྤྱི་གཉིས་ཉེས་ཅན་རེད་ཅེས་བརྗོད་བཞིན་མེད། ཇོ་ནང་པས་ཐོབ་ཐང་རྩོད་སྟངས་དང་བོད་ཀྱི་རང་དབང་ཐོབ་ཐང་རྩོད་སྟངས་གཉིས་འདྲ་མཚུངས་སུ་སྦྱར་འདུག འདིར་གཞིགས་ན་བཙན་བྱོལ་དུ་ཡོད་པའི་ཇོ་ནང་གི་དགོན་སྡེ་ཁག་ཏུ་བཙན་བྱོལ་བོད་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས། ལས་དོན་རུ་ཁག་བཙུགས། གྲ་བཙུན་གྱི་གྲངས་ལ་ཚད་བཀག་བཟོས། སློབ་ཚན་གཏན་འབེབས་བྱས། གནད་ཡོད་མི་སྣ་ཐད་བསྐོས་བྱས། བླ་སྤྲུལ་སོགས་ཕེབས་བཞུགས་ཀྱི་རང་དབང་བཀག་པ་ལྟ་བུ་བྱས་་ཡོད་ན་ལས་བསམས་ཕོད་ཀྱང་འདི་ལྟར་བཤད་མི་ཕོད་པ་ལྟ་བུ་རེད། ༧གོང་ས་མཆོག་གིས་ས་དགེ་ཀར་རྙིང་ཇོ་ནང་དང་བཅས་པའི་གཞུང་ལ་གཟིགས་དགོས་ཀྱི་འདུག་གསུངས་པ་ཕྲན་གྱིས་ཀྱང་ཡང་ཡང་གོ་ཐོས་བྱུང་། དེ་ཙམ་གྱིས་ཆོས་བརྒྱུད་ཅིག་གི་ཐོབ་ཐང་སྤྲོད་དགོས་པའི་དགོངས་བཞེས་ཡོད་པའི་སྒྲུབ་བྱེད་དུ་འགྲོ་ན་ཚན་རིག་པའི་གཞུང་དང་ཕྱི་རོལ་པའི་གཞུང་ལ་ལྟ་དགོས་པའི་བཀའ་སློབ་ཇི་ཙམ་གནང་ཡོད། ད་ནི་གོྲོས་ཚོགས་སུ་ཚན་རིག་པའི་སྐུ་ཚབ་ཅིག མཐའ་ཡས་པའི་ཕྱི་རོལ་པའི་གྲུབ་མཐའ་རེའི་སྐུ་ཚབ་རེ་དགོས་འདུག་པས་ཡ་མཚན་པ་རེད། ཐོབ་ཐང་རྩོད་རྒྱུའི་ཐོབ་ཐང་ངེད་ཅག་ཚང་མར་འདྲ་མཉམ་ཡོད་རེད། འོན་ཀྱང་བསམས་དགོས་པ་ཞིག་ལ་ཐོབ་ཐང་དང་འགན་འཁྲི་གཉིས་ཀྱི་ནང་འགན་འཁྲི་གཙོ་བོ་འཛིན་དགོས་པའི་བདག་ཉིད་ཆེན་པོ་གྷན་རྡིའི་བཀའ་ལུང་དེ་ཐུགས་ལ་ཡང་ཡང་སྦྱར་ན་ཁྱེད་ཅག་གི་སྐུ་ངལ་ཆུང་དུ་འགྲོ་བའི་རེ་བ་ཡོད་རེད། ངས་ཇོ་ནང་པར་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་རྒྱུ་ཐོབ་ཐང་མེད་པ་ཤེས་ཀྱི་ཡོད། austrelia བོད་རིགས་མི་དམངས་ལ་བཀའ་ཁྲི་ལས་འདེམས་མི་ཆོག་པ་དང་དེ་བཞིན་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་ཚོས་བཀའ་ཁྲི་དང་སྤྱི་འཐུས་གཉིས་ལས་འདེམས་མི་ཆོག་པ་དང་། བལ་འབྲུག་གཉིས་ལ་འདེམས་དབང་ཡོད་ཀྱང་གང་ཡང་འདེམས་མ་ཐུབ་པ། རྒྱ་་གར་དུ་ཡོད་པའི་མི་སྐྱ་ཚོས་བཀའ་ཁྲི་དང་སྤྱི་འཐུས་བཅུ་རེ་འདེམས་ཆོག་པ་དང་། དགོན་སྡེ་མང་པོ་ཞིག་ལ་བཀའ་ཁྲི་དང་སྤྱི་འཐུས་༡༢་རེ་དང་། རྣམ་རྒྱལ་གྲ་ཚང་དང་ཇོ་ནང་རྟག་བརྟན་དགོན་པ་ལྟ་བུར་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་དབང་མེད་པ་འདི་དག་ཐམས་ཅད་གནས་སྟངས་མི་འདྲ་བ་རེས་བྱུང་བས་འདི་དག་ལ་ཞིབ་འཇུག་ལོས་དགོས། ངས་ཇོ་ནང་གི་ཆོས་བརྒྱུད་འདི་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱིས་ཕྱུག་པ་ཞིག་ལས་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་མིང་སྙན་པོ་ཞིག་དང་ཆབ་སྲིད་འཁྲབ་སའི་གྲོས་ཚོགས་ཀྱི་རྐུབ་བཏེགས་ཡོད་པ་ཞིག་ལ་ངོས་བཟུང་བཞིན་མེད། ཆོས་དོན་ལས་ཁུང་གིས་ལྟོ་དོད་སྦྱར་བའང་སློབ་གཉེར་གྱི་མཐུན་རྐྱེན་ལས་ཁ་ལྟོའི་ཙམ་གྱི་ཆེད་དུ་མ་ཡིན་པ་ཤེས་ན་ཡག་པོ་རེད། རྣ་མཆོག་ལས་འདི་ཇི་ལྟར་གནད་མི་ཆེའམ། གང་ལྟར་ཁ་སང་གོང་དུ་བཤད་ཟིན་པ་ལྟར་ཆོས་ལུགས་སྤྱི་འཐུས་འདི་་དགོས་མེད་ཡིན་པས་ཇོ་ནང་པས་རང་ལ་སྤྱི་འཐུས་དགོས་པའི་དགོས་འདུན་ལས་ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པ་བཟོ་དགོས་པའི་དགོས་འདུན་བཏོན་ན་བསྟན་པར་ཕན་ཆེ་སྙམ། སླད་མར་ཀུ་ཉིད་ཁྱེད་ཀྱིས་ཐོས་བསམས་སྒོམ་གསུམ་གཙོ་བོར་འཛིན་པ་ལས་མིང་རྐམ་པོ་ཞིག་གི་ཆེད་ཡོད་བློས་མི་གཏོང་བའི་རེ་བ་དང་འབོད་བསྐུལ་གཉིས་ཀ་ཡོད། འཇིགས་མེད་ང་རོ་ལགས། ཁྱེད་ལ་མཚན་གནས་རྗེས་འབྲེལ་གྱི་ཡོན་ཏན་ཞིག་ཡོད་ན་དགའ་བསུ་ཡོད་ཀྱང་གནས་སྐབས་ཞུ་རྒྱུའི་དུས་མ་སྨིན་པ་འདྲ། ཤེས་རབ་འབྱུང་གནས་ལགས་ཀྱི་གདུང་སེམས་མཉམ་སྐྱེད་ལ་བསྐྱར་དུ་གསལ་བཤད་དགོས་བཟོ་མི་འདུག དེ་བཞིན་དོན་འགྲུབ་ལགས་ཀྱང་དོན་འགྲུབ་རང་རེད་འདུག
ཇོ་ནང་ཚང་གི་བག་མ་གསར་བ།
http://blog.amdotibet.cn/gqsdbk/archives/49924.aspx
ཝེ། ཡུལ་གྱལ་གྱི་མཚེར་ས། ཉོན་ཅིག ངས་བལྟས་ན་ཁྱོད་མངའ་ཐང་རྒྱ་བསྐྱེད་དང་། དབང་སྒྱུར་གྲལ་རིམ་གྱི་ལྟ་ཚུལ་བཟུང་ནས་བོད་ཀྱི་སྤྱི་ཚོགས་ནང་དཀྲུག་ཤིང་བཟོ་མཁན་དེའི་ཕྱོགས་གཏོགས་ཤིག་ཡིན་པ་ཤེས་ཀི
ཁྱོད་ཀྱིས། འབྲེལ་མེད་ཇོ་ནང་ཆོས་བརྒྱུད་ཀྱི་སྐོར་དང་། སྡུག་ཡུས་བཤད་ས་ནོར་བ་རེད་ཟེར་དོན་ཅི་ཡིན། མིང་དང་ཐོབ་ཐང་རྩོད་པ་འབྲེལ་མེད་ཡིན་ན་བོད་ཀྱི་རང་དབང་ཐོབ་ཐང་རྩོད་བཞིན་ཡོད་པ་དེ་ཡང་འབྲེལ་མེད་ཡིན་དགོས། ཇོ་ནང་པས་སྡུག་ཡུས་བཤད་ས་ནོར་མེད། བཙན་བྱོལ་གཞུང་རང་གི་གཞུང་ལ་ངོས་འཛིན་བྱས་ནས་སྐྱིད་སྡུག་ཞུ་གི་ཡོད།
༡༽རྒྱ་ནག་གིས་བོད་མིར་བཙན་གནོན་དྲག་པོ་བྱེད་བཞིན་པའི་སྐབས་འདིར་བཙན་བྱོལ་གཞུང་གིས་ལྷག་པར་དུ་ཇོ་ནང་པ་ལ་ཐོབ་ཐང་གཅིག་མཚུངས་སྤྲད་ན་དེས་རྡོག་རྩ་གཅིག་བསྒྲིལ་ལ་ཕན་པ་ལས་གནོད་མི་སྲིད། གནད་དོན་འདི་ཐད་ཀར་བོད་ཀྱི་རྩ་དོན་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན།
༢༽ཆོས་ལུགས་ཚོགས་ཆེན་ཐོག་༧གོང་ས་ཆེན་པོ་དབུ་བཞུགས་ཐོག ཇོ་ནང་ཆོས་བརྒྱུད་རང་སྐྱ་ཐུབ་པ་ཞིག་ཡིན་པ་ཐག་གཅོད་གཏན་འབེབས་བྱས་ཟིན་པ་རེད། ཡིན་ན་ཡང་ད་དུང་བཀའ་སྤྱི་གཉིས་ཀྱིས་ཇོ་ནང་པར་ཐོབ་ཐང་གཅིག་མཚུངས་ཕར་ཞོག ཐ་ན་གཞུང་འབྲེལ་ཚོགས་འདུ་ཆེ་ཆུང་གང་གི་ཐོག་ཏུ་ཡང་ཇོ་ནང་པའི་མཚན་ཙམ་ཡང་མེད་པའི་བྱུས་ངན་འདི་སུས་བསམ་བཞིན་བཟོ་གི་ཡོད་པ་མངོན་གསལ་རེད།
༣༽གྲོས་ཚོགས་ནང་དུ་ཇོ་ནང་པ་མེད་པས་ཇོ་ནང་པར་ཕམ་ཁ་ཅི་ཡོད། དཔེར་མཚོན་གཅིག་བཤད་ན། ཆོས་བརྒྱུད་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་མེད། ད་དུང་ཇོ་ནང་པ་ཆོས་དོན་ལས་ཁུངས་ཀྱི་ལྟོ་དོད་གཅིག་པོས་ཚིམ་འགྲོ་མཁན་གྱི་ཁ་ལྟོའི་བདག་པོ་ཞིག་མ་རེད། མགོ་རྣ་མཆོག་གི་བདག་པོ་ཞིག་རེད། དེ་ཤེས་དགོས། ཚ་བ་མདའ་སྨྱུག་གིས་བཤད་པ་ལྟར། ཇོ་ནང་ཚང་ཤ་མ་ཟོས་ན་ཤོར་འགྲོ་བ་དང་། འདྲེ་མ་བསྟེན་ན་ཉམས་འགྲོ་བའི་ཆོས་བརྒྱུད་ཅིག་མ་རེད། དེའི་ཐོག་བསམ་བློ་བཏང་ན་གཏོང་རན་རེད།
༤༽ཇོ་ནང་པ་ལ་ལྟ་གྲུབ་རང་སྐྱ་ཐུབ་པ་ཡོད་མེད་ཇོ་ནང་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཁྱོད་ཀྱི་སྡིག་མིག་ཕྱེས་ནས་ལྟོས་དང་དཔེ་ཆར་ལྟ་མྱོང་མཁན་ཞིག་ཡིན་ན་ཤེས་ཐུབ། གལ་ཏེ་ཁ་ཆེ་སོགས་ཀྱིས་ཐོབ་ཐང་དགོས་ཟེར་ན་ལོས་དགོས། ཐོབ་ཐང་གཅིག་མཚུངས་ཟེར་བ་འདི་ཁྱོད་ལ་དགོས་ལ་ང་ལ་ཡང་དགོས་པ་རེད། ཤངས་པ་བཀའ་བརྒྱུད་ཀྱི་ཁུངས་ཡིན་པ་ཁྱེད་ཀྱི་འདྲེ་རྣའི་ནང་དུ་ལྷུང་མ་མྱོང་བ་ཡ་མཚན།
གལ་ཏེ་བཙན་བྱོལ་གཞུང་གིས། ཁྱོད་ཀྱི་དད་པ་བྱེད་ཡུལ་གྱི་ཆོས་བརྒྱུད་དེ་བོད་ཀྱི་ཆོས་གྲལ་ནས་ཕུད་ཅིང་། དཀྲུགས་འདྲེ་ཁྱོད་བོད་མིའི་མི་གྲལ་ནས་ཕུད་པ་ཡིན་ན། ཁྱོད་ལ་སེམས་ཚོར་ག་རེ་ཡོད་མིན་ལན་དྲང་མོར་ཐོབས་ཅིག
ཇོ་ནང་པ་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ན་དགོས་པ་ལས་དགག་བྱ་ཆེ་ན། ཇོ་ནང་པའི་ངོས་ནས་ཀྱང་ཐོབ་ཐང་མི་རྩོད་ཐག་ཆོད་ཡིན། འོན་ཀྱང་འདི་དགག་བྱ་ལས་དགོས་པ་བརྒྱ་འགྱུར་ཆེ་བའི་གནད་དོན་གལ་ཆེན་ཞིག་རེད།
ཇོ་ནང་པའི་གནད་དོན་འདི་བཀའ་ཤག་སྔོན་མ་ཚོ་ལས་གསར་བར་ཞུ་དགོས་དོན་མེད་ན། འོ་ན་བོད་ཀྱི་རྩ་དོན་ཡང་མོའི་འདས་པོ་ཁོ་ནར་རྩོད་ཆོག་པ་ལས། ད་ལྟའི་རྒྱ་ནག་གཞུང་ལ་རྩོད་དོན་ཅི་ཡིན།
༧གོང་ས་མཆོག་གིས། ཆོས་ལུགས་ཚོགས་ཆེན་ཐོག་ཇོ་ནང་པའི་སྐོར་ལ་བཀའ་ཇི་ལྟར་བསྩལ་བ་དང་། ནམ་རྒྱུན་གསུང་ཆོས་སྐབས། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཞེས་རྡོ་རྗེའི་ཚིག་གིས་ལན་བརྒྱ་སྟོང་དུ་མར་བསྒྲགས་དང་སྒྲོག་བཞིན་ཡོད་པ། ཁྱོད་ཀྱི་འདྲེ་རྣས་མ་ཐོས་ཤིང་འདྲེ་མིག་གིས་མ་མཐོང་བར་ཟད་དོ།། ངས་བལྟས་ན་ཁྱོད་ཀྱིས་༧གོང་ས་མཆོག་གིས་མཛད་པའི་ཇོ་ནང་བསྟན་རྒྱས་སྨོན་ལམ་ཕར་ཞོག ཐ་ན་རེས་མེད་བསྟན་རྒྱས་སྨོན་ལམ་ཀྱང་ལན་གཅིག་ཙམ་ཡང་ཀློག་མ་མྱོང་བ་གོར་མ་ཆག་གོ།
ཆོས་ལུགས་དང་འཆོལ་ཁ་སོ་སོའི་འཐུས་མིའི་ཞབས་སྟེགས་དེ་གང་མགྱོགས་མེད་པ་བཟོས་ཏེ། ཆོས་ལུགས་སྤྱི་མཚོན་ནུས་པའི་འཐུས་མི་དང་མི་མང་སྤྱིས་གདམས་པའི་འཆོལ་ཁའི་འཐུས་མི་གསར་འཛུགས་བྱ་རྒྱུ་དེ་ནི་དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་མ་འོངས་པའི་ལམ་ཁ་ཡག་ཤོས་རེད། དེ་ན་ཆོས་ལུགས་དང་། ཚོགས་པ་འདྲ་མིན་གྱི་རྩོད་པ་དེ་མ་གླེང་ན་ཡག་ཤོས་རེད།
ཡུལ་གྱར་གྱི་མཚེར་ས། ཟེར་བའི་མིང་སྡུག་དོན་སྡུག ཉན་ཤེས་ན་ཉོན་དང་།
དགག་བྱ་དང་དགོས་པ་ལ་གཞིགས་ནས་སྙན་ཞུ་ངོས་ལེན་མིན་ལྟ་དགོས་ན། དགག་བྱ་ཡང་དག་རེགས་མྱོང་མེད་ལ། དགོས་ཆེ་བ་ཁྱོད་མ་་གཏོགས་ཕྱུག་རྫི་རྒན་པོ་ཚུན་ཆད་ཀྱིས་ཤེས་ནུས་པ་ཞིག་རེད།
ངས་སྔོན་ནས་རྒྱུ་མཚན་ཡང་དག་ཅིག་མེད་པར་སྣང་མེད་བྱས་པ་རེད། ད་བར་དུ་ཇོ་ནང་པ་གཞི་བྱེས་གཉིས་ཀྱིས་རང་ལུས་མེ་སྲེག་ཀྱིས་མཚོན་པའི་བོད་དོན་མ་བྱས་པ་གཅིག་ཀྱང་མེད། ཞེས་བཀོད་ཡོད་པ་ཁྱེད་ལ་སེམ་ཞིག་ཡོད་ན་ཤེས་ཆོག
ཁྱེད་ཀྱིས་གོང་ས་མཆོག་གིས་ཇོ་ནང་ལ་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་སྤྲད་དགོས། ཟེར་བའི་བའི་གཅིག་སྡུད་ཀྱི་སྐད་ཆ་ཞིག་ལ་ཁག་འཁྲི་བྱེད་ནས་ཇོ་ནང་པ་མར་མནན་འདོད་བྱེད་པ་ལ་ངོ་མི་ཚ་འམ། གོང་ས་མཆོག་གིས་ཇོ་ནང་བའི་ཡོན་ཏན་གྲངས་མང་བརྗོད་ཟིན་པ་ཁྱེད་ཀྱིས་མིག་ལོངས་རྣ་འོན་པ་མིན་ན་ཤེས་ཆོག དེས་དབང་གིས་བླ་ཆེན་ཚོའི་ཚོགས་ཆེན་ཐོག་ཆོས་བརྒྱུད་རང་མགོ་བ་ཡིན་པར་ངོས་འཛིན་བྱས་པ་མ་ཡིན་ནམ།
བོད་མི་བཞི་བཅུ་མ་ཟིན་ཙམ་ཞིག་གི་རང་ལུས་མེ་སྲེག་བཏང་བ་འདི་བོད་ཀྱི་ཆོས་དང་རིག་གཞུང་དང་རང་དབང་གི་ཆེད་དུ་རེད་ཇོ་ནང་བའི་ཆོས་དང་རིག་གཞུང་བོད་པའི་རིག་གཞུང་རེད་དེ་ཚོ་བསམ་བློ་བཏང་ཐུབ་དགོས་རྒྱུ་རེད། ཇོ་ནང་བའི་ཆོས་དང་རིག་གཞུང་དང་རང་དབང་གི་ཆེད་དུ་གང་ཅན་སྐྱིད་གཞུང་དུ་རང་ལུས་མེ་བསྲེག་བཏང་མི་སྲིད་པ་ཞིག་མ་རེད། ཇོ་ནང་བ་ལ་དཔའ་བོ་ནི་ཡོད་རྒྱུ་རེད་བོད་པའི་ཆོས་དང་རིག་གཞུང་དང་རང་དབང་གི་ཆེད་དུ་བོད་པ་ཚོའི་རང་ལུས་མེ་བསྲེགས་བཏང་ཐུབ་ན་ཇོ་ནང་བའི་ཆོས་དང་རིག་གཞུང་རང་དབང་གི་ཆེད་དུ་རང་ལུས་མེ་བསྲེགས་བཏང་ག་ལ་མི་ཐུབ།
རྒྱ་ནག་གི་བྱ་སྤྱོད་དེ་ལས་ལྷག་ཞིག་ཡོད་པ་མ་རེད།
བཙན་བྱོལ་བའི་འོག་གི་ཇོ་ནང་བ་དང་རྒྱ་ནག་འོག་གི་བོད་པ་གཉིས་ལ་ཐོབ་ཐེངས་རྒྱ་ནག་འོག་གི་བོད་པ་དེ་ཚོའི་ཆེ་གི་འདུག་གང་ཡིན་ཟེར་ན། རྒྱ་ནག་འོག་གི་བོད་པ་དེ་ཚོ་རྒྱ་ནག་པེ་ཅན་ནས་ཞིང་ཆེན་དང་ཁུལ་སོ་སོ་དང་རྫོང་དང་ཡུལ་ཚོ་གང་ཡིན་བོད་མིའི་མགྲིན་ཚབ་པ་མང་དག་ཞིག་འགྲོ་དང་འགྲོ་བཞིན་པ་རེད།
བཙན་བྱོལ་ནས་ཇོ་ནང་གཞི་བྱེས་གཉིས་ཀྱི་མགྲིན་ཚབ་པ་ཕར་ཞོག་ཇོ་ནང་མི་གཅིག་ཀྱང་གཞུང་བྲེལ་ཐོག་ནས་ཚོགས་འདུ་ཆེ་ཆུང་གང་ལ་ཡང་ཞུག་མྱོང་མེད།
དེ་མ་ཟད་སྨྲ་བརྗོད་རང་དབང་ཡང་མེད་པའི་རྣམས་འགྱུར་ཡང་གཞུང་ཞབས་མང་པོ་ཞིག་གིས་ལུས་ངག་གཉིས་ཐོག་ནས་བཏང་ཡོད།
གང་ཡིན་ཟེར་ན་ཁྱེད་ཚོའི་ངོ་ནས་སྐད་ཆ་ཡག་པོ་མ་བཤད་ན་ཁྱེད་ཚོ་ལ་གྲོས་ཚོགས་ནས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་ཐོབ་གི་མ་རེད་ཟེར་ནས་འཇིགས་བསྐུལ་བྱེད་མཁན་གཞུང་ཞབས་མང་པོ་ཞིག་ཡོད་པ་རེད་ཤེས་འདོད་ཡོད་ན་མི་རེ་རེ་ནས་སྐད་ཆ་བཤད་པ་དེ་ཚོ་ངས་དྲ་ཐོག་ལ་བཀོད་ཆོག
རྒྱ་ནག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་བསོ་བྱེད་པའི་སྐབས་སུ་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་འགལ་མི་ཉན་ཚུལ་དང་སྤྱི་སྒེར་གང་ཐད་ནས་མི་རེའི་ངོས་ནས་ཡག་པོ་མ་བྱས་ན་ཁྱེད་ཚོར་ཕམ་ཁ་ཉོ་ཚུལ་སོགས་བཤད་ལས་གང་ཡང་མི་འདུག
དེ་ཚོ་ང་རང་ཉིད་ཀྱི་ལྟ་ཚུལ་ཡིན་ན་དོན་ལ་སྨྲ་བརྗོད་རང་དབང་བགེགས་སྡོམ་བྱས་པ་མཐོང་གི་འདུག ད་ལྟ་ངོས་ཡོད་གནས་ཚུལ་དམིགས་བསལ་ཚོགས་འདུལ་ལ་ཇོ་ནང་བ་སྐད་མ་བཏང་བ་དང་ཚོགས་ཞུགས་མ་ཐུབ་པ་དྲ་ཐོག་ལ་བཀོད་ན་དེ་ལ་བགེགས་སྡོམ་བྱེད་མཁན་ཡང་མ་དག་ཞིག་འདུག་གནས་སྟང་འདིའི་འོག་ནས་ཇོ་ནང་བ་འདུག་མི་ཐུབ་པའི་བརྡ་ལྟན་གྱིན་ཡོད་པ་རེད་ལ་ཇོ་ནང་བ་ཚོར་འདི་འདྲིས་གནས་སྟེང་འོག་མི་འདུག་ཁོ་དག་ཡིན་རྒྱུ་རེད།།
ཁ་ནས་ལྡོག་རྩལ་གཅིག་བསྒྲིལ་ཟེར་ནས་དོན་ལ་ང་ཚོ་ཇོ་ནང་བ་སོགས་ཁེས་དམན་དབང་ཆུང་བྱས་ནས་ཕྱི་ཚོགས་འདིར་གནས་དགོས་ཟེར་ན་དེ་འདྲ་བྱས་ནས་རྒྱུན་རིང་པོ་མི་འདུག་པ་ངས་ཐེག་གི་བཅད་ཐུབ།
བཙན་བྱོལ་བོད་པ་དེ་ཚོ་དྲ་བདེན་དང་གནས་ལུགས་ལ་ལྟ་མཁན་ཞིག་ཡིན་ཡང་མི་སྒེར་བ་ཁ་ཤེས་ཀྱི་བྱ་སྤྱོད་ཙམ་གྱི་ཡིན་ན།
ས་བྱར་ན་རྡོ་སླེངས་ལ་བུད་ཟེར་བ་བཞིན་ཇོ་ནང་བའི་རྔ་སྡོང་ལ་སྟོས་ནས་འཆམ་འགྲོས་མི་བྱེད་ཀ་མེད་རེད།
སྤྱིར་ང་རང་ཉིད་ལྟ་བུ་ཞིག་ཡིན་ན་བོད་པ་ཟེར་དུ་དགའ་དད་དང་བོད་དོན་ཆེད་དུ་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད། ཡིན་ཡང་བསམ་བློ་ཞིག་བཏང་ན་བོད་ལ་གྱོད་གུད་སྤུ་རྩེ་ཙམ་ཡང་མེད་ས་ཞིག་ནས་ང་ཚོ་ཇོ་ནང་བ་མི་མི་གྲལ་ཏུ་མ་ཚུད་ན་བོད་རང་བཙན་ཐོབ་དང་མ་ཐོབ་གང་ཡང་མེད།
ཆེ་ས་ནས་རྒྱལ་ཁབ་མེད་པ་དང་ཆུང་ས་ནས་ནང་མི་མེད་པ་དང་། དེ་དང་འདྲ་མཚུངས་ཆོས་བརྒྱུད་ལ་ཐོབ་ཐེངས་མེད་པ་སོགས་ལ་ཁྱད་པར་གང་ཡང་མི་འདུག
ཇོ་ནང་བ་ཚོར་སོ་སྐྱེས་དང་འཕགས་པ་གཉིས་ལས་སོ་སྐྱེས་མང་མདོག་ཁ་བོ་རེད་དེ་ཚོའི་ཚོར་བ་འཇིགས་རྟེན་སྤྱི་མཚུངས་རེད་བཙན་བྱོལ་བོད་མི་ཡོངས་ནས་དགོས་འཇག་འཚལ།།
དགག་བྱ་དང་དགོས་པ་ལ་གཞིགས་ནས་སྙན་ཞུ་ངོས་ལེན་མིན་ལྟ་དགོས་པ་ལས་ལོ་གྲངས་མང་ཉུང་གིས་སྙན་ཞུ་ལྟར་བསྒྲུབ་དགོས་པའི་སྒྲུབ་བྱེད་ཅི་ཡོད། དེ་བཞིན་འཁངས་ར་བྱེད་འདོད་ན་སྔོན་གྱི་རིམས་བྱོན་བཀའ་ཤག་ལ་བྱེད་དགོས་པ་ལས་ད་ལྟའི་འགོ་བཙུགས་ནས་ཡུན་རིང་མ་སོང་བའི་བཀའ་སྤྱི་གཉིས་ལ་འདི་ལྟར་སྡང་དགོས་དོན་ཅི་ཡོད། དེ་བཞིན་༧ གོང་ས་མཆོག་གི་བཀའ་མ་རྩིས་ཚུལ་བཤད་པའང་བདེན་མིན་མི་ཤིས། ༧ གོང་ས་མཆོག་གིས་ཇོ་ནང་གི་ཆོས་བརྒྱུད་ཀྱི་སྐོར་ལ་བགྲོ་གླེང་བྱེད་དགོས་གསུངས་པ་ལས་ཆོས་བརྒྱུད་ཆེན་པོའི་མཚན་གནས་དང་གྲོས་ཚོགས་སུ་རྐུབ་བཏེགས་ཕུལ་དགོས་པའི་བཀའ་སློབ་གནང་བའང་གོ་ཐོས་མ་བྱུང་། གལ་སྲིད་གསུངས་ཡོད་ན་བཀོད་རོགས་གནོངས་དང་དགའ་བསུ། སྤྱིར་བཏང་ཁ་སང་གནས་དོན་བཞིར་གསལ་བཤད་བྱས་ཡོད་པ་དེས་གནས་སྐབས་རིང་མ་འཐུས་མ་གང་ཡང་མི་འདུག་པས་མང་པོ་མི་སྤྲོ། རྒྱུ་མཚན་མེད་པའི་ཀུ་ཅོ་མང་པོ་སྒྲོག་ན་དུས་ཚོད་གྲོན་པའི་རྒྱུ་རེད། གནས་ལུགས་ཡོད་ན་ཤོད་དང་དགའ་བསུ་ཡོད། །
དབུ་ལམ་ལས་འགུལ་ཁང་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་ནས་ཕུད་དགོས་དོན་བཀའ་ཁྲི་དང་སྤྱི་འཐུས་འགའི་སྒེར་གྱི་གནད་དོན་ཡིན་ནམ་ཡང་ན་གནད་དོན་གཞན་པ་ཡིན།?
བཀའ་སྤྱི་གཉིས་ཀྱིས་མི་མང་ལ་གསལ་བཤད་མ་གནང་ན་ཡག་རྟགས་རྩ་བ་ནས་མི་འདུག་གོ།
བཀའ་སྤྱི་གཉིས་ཀྱི་ལག་ལེན་གྱི་རིམ་པ་འདི་ཐབས་སྐྱོ་རུ་འགྲོ་གི་འདུག། ༸གོང་ས་མཆོག་གི་ཞལ་མཐོང་དུས་སྐད་གསེང་མཐོན་པོས་་་་དབུ་མའི་ལམ་་་་འདི་གལ་ཆེ་ལུགས་བཤད་ཁུལ་བྱས། དོན་ངོ་མར་རྒྱབ་འགལ་རྐྱང་རྐྱང་བྱེད་ཀྱི་འདུག། ད་ལམ་ཡང་དབུ་ལམ་ལས་འགུལ་ཁང་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་ཕུད་དགོས་ཡ་ག་རེ་རེད།
ཚོགས་ཆེན་ཐོག་རྒྱ་བལ་འབྲུག་གསུམ་ལ་དྭང་བླངས་ཞབས་སྟེགས་ ༣༥ ཡོད་པའི་ཁོངས་ནས། གོང་གསལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་མེད་པའི་རིགས་ཟུར་བཅད་བྱ་རྒྱུ་དང་། དེ་ཡང་ ༢༠༡༢ ལོའི་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གྱི་ཉིན་གུང་བར་སྙན་ཞུ་འབྱོར་ཟིན་པའི་ཁག་ཡིན་འདུག ཟེར། གསལ་བསྒྲག་འདི་སྤྱི་ཟླ་༤ ཚེས་༡༧ ཡིན་སྤེལ་འདུག་པས། བོད་མའི་བསྒྲིག་འཛུག་གིས་ཁོང་ཚོའི་འདོད་པ་ཡོད་པ་དག་ལ་ལྐོག་བརྡ་བཏང་ཡོད་པའི་བཟོ་མ་རེད་དམ། ཡང་དགོས་ངེས་ཀྱི་ཚོགས་ཆེན་ཞིག་མི་འཚོགས་ཁོ་ཐག་རེད། ཚོགས་དུས་ལས་དཔགས་ཀྱང་དྲང་བདེན་མིན་པ་གསལ་བོ་རེད། བློ་གིས་ངེས་པར་དུ་འདི་དག་ལ་གསལ་བཤད་དགོས།
རྒྱུ་མཚན་མི་ཤེས་བཞིན་དུ་མི་ཐོག་ལ་ཁ་ཆེ། རྟ་ཐོག་ལ་འཕོངས་ཆེ་ནས་ཁ་བདེ་ལྕེ་བདེ་་བཤད་མཁན་ཚོ་ཁ་ཚུམས། འདི་བོད་ཀྱི་རྩ་དོན་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་བླུན་རྒན་ཚོས་ཧ་གོ་གི་མི་འདུག་ག
ཇོ་ནང་པས་བོད་གཞུང་ལ་ཞུ་བ་བྱས་ཏེ་ལོ་༡༡ སོང་ཟིན། རྒྱུ་མཚན་ཡང་དག་ཅིག་མེད་པར་སྣང་མེད་བྱས་པ་རེད། ད་བར་དུ་ཇོ་ནང་པ་གཞི་བྱེས་གཉིས་ཀྱིས་རང་ལུས་མེ་སྲེག་ཀྱིས་མཚོན་པའི་བོད་དོན་མ་བྱས་པ་གཅིག་ཀྱང་མེད། ད་བོད་གཞུང་ལ་བསམ་ཤེས་ཤིག་མ་ཡོད་པ་ཐེངས་མང་དུ་ཤེས་ཟིན་པ་རེད། ད་ནི་ཇོ་ནང་པས་རྒྱ་གཞུང་ལ་སྐྱབས་བཅོལ་བྱ་རྒྱུ་དང་། བོད་གཞུང་འདེམས་རྒྱུ་གཉིས་ལས་གཞན་ཅི་ཡང་ལྷག་མེད། ཇོ་ནང་ལ་འདྲ་མཉམ་ཐོབ་ཐང་མ་སྤྲད་བཞིན་དུ་བོད་གཞུང་གི་འོག་ཏུ་བསྡད་ན། མཐོང་ཆུང་དང་སྡུག་སྦྱོང་གཏོང་མཁན་གྱི་ཕ་ཚབ་ཞིག་དང་ཁྱིམ་གཅིག་བྱས་ནས་མི་ཚེ་རོལ་བ་དང་གཅིག་མཚུངས་རེད། རྒྱ་གཞུང་འདེམས་པ་ནི། དགྲ་བོ་ལ་མགོ་འདོགས་བྱས་པ་རེད། མི་ལ་སྡུག་ཐུག་ན་དགྲ་ལ་མགོ་འདོགས་པ་ཆོས་ཉིད་རེད། གཅིག་བྱས་ན་དགྲ་བོ་ལ་མགོ་འདོགས་བྱས་ཟིན་ཚར་དུས་བོད་གཞུང་གིས་མཐོང་ཆུང་བྱས་པ་ཙམ་ཞིག་མི་བྱ་བ་ཡང་སྲིད་ལ། སྡུག་སྦྱོང་དེ་ཙམ་མི་བྱ་བ་ཡང་སྲིད།
ད་ནི་བོད་གཞུང་ལས་བྱེད་ཀུན་དང་། ལྷག་པར་དུ་བློ་སེང་དང་སྤེན་ཚེ་གཉིས་ཀྱིས་ནག་ཉེས་ཆེན་པོ་ཞིག་གི་འགོ་འཛིན་གྱིན་འདུག ཁོང་ཚོའི་མི་ཚེའི་ནང་ནོར་འཁྲུལ་ཆེས་ཆེན་པོ་ཞིག་གསོག་ལ་ཉེ་འདུག་པས། བསམ་བློ་གཉིས་པ་ཞིག་མ་བཏང་ཚེ། ཀུན་གྱིས་ལྟད་ཆེན་པོ་ཞིག་མཐོང་ངེས་རེད། ལྟད་མོ་ལྟ་ཡ། འཛམ་གླིང་ལ་གྲགས་པའི་གསར་འགྱུར་ངན་པ་ཞིག་ཏུ་འགྱུར་ངེས་རེད་ཡ།
འོ་རེད། ད་ཆོས་ལུགས་མང་པོར་ཐོབ་ཐང་དགོས་རྒྱུ་རེད། ད་བར་ཇོ་ནང་པས་ཆབ་སྲིད་ཀྱི་ཐོབ་ཐང་མང་པོ་བརྩད་སྐད་འདུག ངེད་གཉིས་ཀྱིས་རྩོད་དགོས་ས་རེད། ང་ཚོ་ཚང་མ་ས་སྐྱ་པ་ལས་གྱེས་པ་རེད། ཆོས་ཚོགས་ཐེངས་བཅུ་གཅིག་པའི་ནང་ཇོ་ནང་པའི་ཐད་ལ་༸གོང་ས་མཆོག་གིས་ཞྭ་མོ་ཕུད་ཚར་བ་ཡིན་གསུངས་འདུག ད་དམིགས་བསལ་ཚོགས་ཆེན་སྐབས་བཀའ་སྤྱི་གཉིས་ཀྱིས་ཀྱང་ཞྭ་མོ་ཕུད་བཞག་ན་ཏག་ཏག་རེད། དེ་མིན་ང་ཚོས་ཀྱང་༸གོང་ས་མཆོག་དང་བཀའ་སྤྱི་གཉིས་ལ་ཞྭ་མོ་རེ་བཀོན་དགོས་ས་རེད། ང་ཚོ་ལ་རྒྱ་ནག་གིས་ཀྱང་ཐོབ་ཐང་སྤྲད་མ་བྱུང་། དམིགས་བསལ་ཚོགས་ཆེན་སྐབས་རྒྱ་ནག་གིས་ནི་རྡ་རམ་ས་ལར་ལས་འགུལ་སྤེལ་ཐུབ་རྒྱུ་མ་རེད། ཇོ་ནང་པས་ངོ་རྒོལ་ལས་འགུལ་སྤེལ་ན་ཁྱེད་རང་ཚོ་ལ་ཐོབ་ཐང་སྤྲོད་མཁན་ཨ་ཞང་ཚང་ལ་ངོ་སོ་ཡག་པོ་ཐོན་གྱི་རེད་སྙམ། ཇོ་ནང་པ་དང་དངོས་ཤུགས་བརྒྱུད་གསུམ། མངོན་ལྐོག་བར་གསུམ་ནས་འབྲེལ་བ་དང་ཐག་པ་འཐེན་མཁན་ཚང་མ་མཉམ་དུ་ངོ་རྒོལ་གནང་རོགས།
སྤྱིའི་ཆ་ནས་དམིགས་་བསལ་ཚོགས་ཆེན་ཟེར་བ་འདི་ལག་པ་ཕྱིས་སའི་ལག་རས་ཙམ་མ་གཏོགས་དམངས་ཀྱི་རེ་འདུན་བསྡུ་ལེན་བྱེད་པའི་ཚོགས་ཆེན་ཞིག་འཚོགས་མྱངས་མེད། ༢༠༠༨ལོར་དམིགས་བསལ་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་འདིར་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་གཞུང་ཞིག་ལ་སྒྱུར་རྒྱུ་དམངས་མོས་གྲོས་ཆོད་བཞག་པ་རེད། ༢༠༡༡ལོར་དམིགས་བསལ་ཚོགས་སྐབས་སུ་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་རང་འཇག་བཞག་དགོས་པར་དམངས་མོས་བྱུང་བ་རེད། ཡིན་ནའང་ད་ལྟའི་གནས་བབ་ལ་ལྟོས་དང་།
ཆོས་ལུགས་དང་ཆོལ་ཁའི་གནད་དོན་ཏོག་ཙམ་འགྲིག་མིན་ཡོང་སྐབས་སུ་མི་རིགས་ཀྱི་བརྩེ་སེམས་སྐྱག་པ་སྐྱུར་སྐྱུར་བྱེད་མཁན་ཚོ། ཁྱོད་ཚོས་ཆོས་ལུགས་དང་ཆོལ་ཁ་རེ་འགའི་འཐུས་མི་ཚོགས་ཆེན་ནང་དུ་མ་སླེབས་པར་བློ་ཕམ་བྱེད་དགོས་དོན་མི་འདུག་སྙམ། སྐུ་ཚབ་འཐུས་མི་སླེབས་ཐུབ་ན་ག་རེ་བྱེད་ཀྱི་ཡོད་དམ། བྱེད་ཀྱི་ཡོད་པའི་དབང་དུ་གཏོང་ཡང་ནུས་པ་ག་རེ་ཐོན་གྱི་རེད་དམ། དམངས་མོས་སུ་བརྩི་བཀུར་མེད་པའི་ཚོགས་ཆེན་ནང་དུ་ལག་པ་ཕྱིས་སའི་ལག་རས་བྱེད་མཁན་འགྲོ་འདོད་འདུག་གམ།
དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་མཆན་ཁ་ཤས་འདུག་པ་བདག་གི་བློར་བབ། འབྲེལ་མེད་ཇོ་ནང་ཆོས་བརྒྱུད་ཀྱི་སྐོར་ལ་སྡུག་གཏམ་དང་སྡིག་ར། དེ་བཞིན་དེར་གདུང་སེམས་མཉམ་སྐྱེད་གནང་མཁན་ཁག་གཅིག་ལ་དུས་མ་ཡིན་པ། སྡིག་ར་བསྐུལ་ས་དང་སྡུག་ཡུས་བཤད་སའི་ཡུལ་ནོར་བ། དགོས་པ་མེད་པ། དེ་བཞིན་ཐོབ་ཐང་རྩོད་པ་དེའང་གནས་ལུགས་ལྡན་མིན་བཞིའི་་སྒོ་ནས་རང་གི་བསམས་ཚུལ་དང་འབྲེལ་བའི་གསལ་བཤད་མདོར་བསྡུས་ཞུ་འདོད་བྱུང་། ༡ དགྲ་བོས་བཙན་གནོན་དང་། ལ་རྒྱ་དང་སྙིང་སྟོབས་ཀྱིས་ཕྱུག་པའི་རང་རིགས་རྒྱལ་བཅེས་པ་དག་གི་བར་ན་མཐབ་རྩོད་ཧ་ཡང་རྣོ་ངར་ཆེ་བའི་སྐབས་འདིར་གཅིག་སྒྲིལ་གྱི་ནུས་པ་མཉམ་དུ་སྤུངས་ཏེ་དགྲ་བོར་གདོང་ལེན་བྱ་དགོས་པ་ལས་རང་གི་ཐོབ་ཐང་ག་གེ་མོ་རྩོད་དེ་ཡོད་ཚད་བློས་གཏོང་བའི་དུས་ག་ལ་ཡིན། ༢ ཇོ་ནང་འདི་བཙན་བྱོལ་དུ་ད་བར་ཆོས་ལུགས་རང་ག་བའི་གྲས་སུ་བཞགས་མེད་སྟབས་གྲོས་ཚོགས་དང་། ལྷག་པར་དུ་ཆོས་ལུགས་ཚོགས་ཆེན་ཐོག་བགྲོ་གླེང་གང་མཚམས་བྱུང་ཡོད་བཟོ་འདུག་ཀྱང་གཏན་འབེབས་མ་བྱུང་བས་ལམ་སེང་ཚོགས་གཙོ་དང་བཀའ་ཁྲིས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་བཅས་སམ་ཡང་ན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་གཞི་དང་གཡུང་དྲུང་བོན། ཇོ་ནང་བཅས་ཞེས་འབོད་ཆོག་ཆོག་གང་དུ་ཡོད། དེ་དག་ནི་གོང་གི་ལྷན་ཚོགས་གཉིས་ཀྱི་ཐག་གཅོད་ཀྱི་ཐོག་ནས་ཡོང་དགོས་པ་མཁྱེན་ན་ཡག་པོ་རེད། དེས་ན་བཀའ་ཁྲི་དང་ཚོགས་གཙོ་གཉིས་ལ་གཞི་མེད་ཀྱི་སྐྱོན་བརྗོད་དང་སྡིག་ར། དེ་བཞིན་གཞུང་ལ་སྡང་ཟུག་ཡ་ང་འདི་འདྲ་འཛིན་པའང་བྱབ་ཆུང་དུ་མཐོང་། ༣ གྲོས་ཚོགས་ཀྱི་ནང་དུ་ཇོ་ནང་ལ་ཞབས་སྟེགས་མེད་པས་ཅི་ཞིག་ཇོ་ནང་ཚང་ལ་ཕམ་ཁ་རགས་སོང་། ཆོས་དོན་དང་སྐུ་སྒེར་སོགས་ནས་དགོན་སྡེར་སློབ་ཡོན་གྱི་མཐུན་རྐྱེན་གཅིག་མཚུངས་སུ་སྦྱར་མ་སོང་ངམ། དེ་འདྲ་བའི་དྲི་བ་མང་ཞིང་རྒྱལ་བ་ཇོ་ནང་པའི་ཆོས་ལ་ཚུལ་བཞིན་དུ་འཆད་རྩོད་རྩོམ་གསུམ་དང་ ཐོས་བསམ་སྒོམ་གསུམ་གནང་སྟེ་བསྟན་པར་བཅེས་སྲུང་འདོད་ན་ཆོས་བརྒྱུད་ཆེན་པོའི་མིང་ཞིག་དང་ཆབ་སྲིད་འཁྲབ་སའི་གྲོས་ཚོགས་ཀྱི་ཞབས་སྟེགས་ཤིག་གིས་ཅི་ཞིག་ཕན། ༤ ཇོ་ནང་ལ་ལྟ་གྲུབ་རང་ག་བ་ཡོད་མེད་རྩོད་གཞི་ཡིན་ཡང་ཡོད་པའི་དབང་གིས་དགོས་ན། ཁ་ཆེ་དང་ཡེ་ཤུ ཤངས་པ་སོགས་ལའང་དེ་ལྟར་མི་དགོས་པའི་རྒྱུ་མཚན་ཅི་ཡོད། ཐམས་ཅད་ལ་དེ་ལྟར་དགོས་ཇོ་ནང་གཅིག་པོར་ཐུབ་ཚོད་བཏང་བའི་སྡུག་ཡུས་དེ་བོད་གཞུང་ལ་ཇི་ལྟར་འགྲོ། མི་དགོས་ན་ཁྱེད་ཅག་ལ་ཆོས་ལུགས་དེ་དག་ལས་འཕགས་པའི་སྔོན་འགྲོའི་ཆ་ཅན་ཅི་ཞིག་ཡོད། ང་ཇོ་ནང་པ་མིན། ཡིན་པའི་དབང་དུ་བཏང་རུང་ཆོས་བརྒྱུད་རང་ག་བའི་མཚན་གནས་ཤིག་ཡོད་ན་དགའ་ལ་མེད་ན་བཟོད་མི་ཐུབ་པ་གཏན་ནས་ཡོང་ས་མ་རེད། རྒྱུན་ལྡན་སྐྱབས་ཐོ་སོགས་ཀྱི་སྐབས་གོང་གི་མཚན་གྱི་རྗེས་སུ་རེས་མེད་ཆོས་བརྒྱུད་ཅེས་འབོད་བཞིན་པའི་ནང་དུ་ཇོ་ནང་ཅི་ལ་མེད། གལ་སྲིད་ཆེ་ཆུང་ལ་མ་ལྟོས་པར་ཆོས་ལུགས་རེར་ཐོབ་ཐང་རེ་སྤྲད་ན་གྲོས་ཚོགས་ར་བ་འདི་ཆོས་ལུགས་ཀྱི་རྩོད་པའི་ར་བ་ལས་སྲིད་དོན་གྱི་གླེང་སྟེགས་སུ་ཇི་ལྟར་འགྱུར། སྤྱིར་ན་ས་དགེ་ཀར་རྙིང་སོགས་ལ་འདི་དགོས་མེད། དེས་ན་ཇོ་ནང་པས་ཆོས་བརྒྱུད་ཀྱི་སྤྱི་མཐུས་སོགས་མེད་པ་བཟོ་དགོས་པའི་རེ་འདུན་གནང་ན་བསྟན་དང་ཆབ་སྲིད་གཉིས་ཀར་ཕན་རླབས་ཆེ། འདི་ནི་ད་བར་ཆོས་ལུགས་སྤྱི་མཐུས་སུ་བསྟན་སྲིད་ལ་སྨན་པའི་མི་དུ་བྱུང་ཡོད་མེད་གཞིགས་པས་ཤེས་སླ། རྗེས་སོར་དྲི་བ་ཡོད་ན་མུ་མཐུད་བསམས་ཚུལ་བཤད་འདོད་ཡོད
བོད་པ་ཚང་གི་གནའ་ནས་ད་ལྟའི་བར་ཏུ་ཆོས་ལུགས་དང་ཆོལ་ཁ་དེ་ཚོ་ལ་འཐེན་ཁྱེར་བྱས་ནས་ཡོད་པ་རེད།
བློ་ཕམ་པ་ལ།
ད་ཐེང་གི་དམིགས་བསལ་ཚོགས་ཆེན་དེ་ཡང་མི་མང་གི་འདོད་ལོ་གང་བ་ཞིག་ཡོང་མེད་པ་མ་ཟད་ཇོ་ནང་བ་ཡང་ཕྱིར་ཕུད་བྱས་ནས་བློ་ཕམ་ཡོད་དཀོར་མང་པོ་ཐོན་འདུག
འགྲིགས་འཛུགས་ཀྱི་འདི་ལ་བཟང་ཕྱོགས་ནས་བསམ་བློ་བཏང་ས་ཞིག་ཡོད་རྒྱུ་རེད་སྙམས།
བོད་པ་ཞིག་ཡིན་པ་གང་ཞིག་ལ་ཆོས་དང་རིག་གཞུང་ཆ་ཚང་བ་ཞིག་ཡོད་པ་༧གོང་ས་མཆོག་དང་ཆོས་དོན་ལྷན་ཚོགས་གིས་ཡང་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ངོས་ལེན་ལེགས་པོ་བྱས་ཡོད་པ་མཁྱེན་པའི་ཐོག་ནས་དེ་ངན་པ་ཞིག་བྱས་ཡོད་མི་སྲིད།
ཡིན་ཡང་ཇོ་ནང་རང་གིས་ངོས་ནས་གནས་ཚུལ་འདིའི་རྒྱུ་མཚན་མ་ནོར་བའི་ཐོག་ནས་ཕྱག་ལས་གནང་རྒྱུ་གལ་ཆེན་རེད་སྙམས།
བཀའ་སྤྱི་གཉིས་ཀྱི་ཇོ་ནང་བ་ལ་མཐོང་ཆུང་བྱེད་དགོས་དོན་ཡོད་པ་མ་རེད་ལ་མཐོང་ཆུང་ཡིན་རྒྱུ་ཡང་མ་རེད།
དེ་ལ་དགོས་པ་དང་དམིགས་ཡུལ་ཞིག་ངེས་ཅན་ཏུ་ཡོད་རྒྱུ་རེད།
དོན་དག་དེ་མགོ་ཚོས་པའི་ཐོག་ནས་གནད་མ་འཆོལ་བར་ཇོ་ནང་བའི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད།
བོད་རྒྱལ་ལོ།
དང་པོ་མི་ཆུང་ཁྱོད་ཀྱི་གོང་གི་རྒྱུན་ལས་ཁག་ལ་ཡག་པོ་གཟིགས་རོགས་ཞུ་རྒྱུ་ཡིན། གཉིས་པ།་བསྟན་འཛིན་ཟེར་བ་ཁྱོད་ཀྱིས་ཇོ་ནང་པ་ལ་ཐོབ་ཐང་ཟེར་བ་དེ་ནི་ཁྱོད་རང་གི་ངོས་ནས་ཐོབ་ཐང་ཞིག་ཡིན་རྒྱུ་རེད། ཡིན་ནའང་མིང་དེ་བོས་པ་ཙམ་གྱི་ཇོ་ནང་བ་སངས་རྒྱས་འགྲོ་བ་ཞིག་དང་སྤྱི་ཚོགས་ནང་ཐང་ཆེན་རེ་འགྲོ་བ་ཞིག་ཡོད་པ་རེད་དམ། དེ་མིན་ན་ཁེ་སོང་དང་གྱོང་ཅི་ཡོད་པ་རེད། ང་རང་གི་ངོས་ནས་ལྟས་ན་ང་ཚོའི་སྤྱི་ཚོགས་དང་ཆོས་དོན་ལས་ཁང་གི་ད་ལྟ་འབོད་བཞིན་པའི་ཆོས་ལུགས་ཁག་དང་ཇོ་ནང་བའི་བར་ལ་ཁྱད་པར་ཕྱེར་བ་ཞིག་མཐོང་མ་སོང་། སྤྱི་འཐུས་དགོས་ཟེར་བ་ཡིན་ན་ནི་ཁྱོད་ཀྱི་སྲིད་དོན་པ་བྱ་འདོད་ཡོད་པ་དེ་རེད། དེ་ལ་ཡིན་ཅིག་ཆོས་ལུགས་ཞིག་ཁ་ལ་ཁྱེར་མི་དགོས་པ་གསལ་པོ་རེད། ལོ་ཤས་གོང་ལ་ཡང་ཇོ་ནང་བ་ཡིན་ཟེར་མཁན་ཞིག་གིས་རྒྱ་ནག་གཞུང་གིས་ང་ཚོ་ལ་ཐང་ཆེན་བྱེད་ཟེར་ནས་བཤད་སོང་། ད་ལྟ་བོད་བྱེལ་འབྱོར་བ་ཚོས་མ་འོངས་བོད་ཀྱི་དཀའ་ངལ་སེལ་ཐབས་ཟེར་ནས་སྡུག་གྲོས་མུག་གྲོས་བྱ་རྒྱུ་ལ་ཁྱོད་ཀྱིས་གནམ་ས་འགུལ་བའི་བའི་ངོ་རྒོལ་ཟེར་བ་གཉིས་ནི་བློ་ལྡན་ཞིག་དང་མི་རིགས་ཀྱི་ལ་རྒྱའི་སྐད་སྒྲ་ཞིག་མཐོང་མ་སོང་། ཁྱོད་ལ་དེ་ལྟ་བུའི་ལས་འགུལ་ཞིག་སྤེལ་རྒྱུ་ཡོད་ན་ཐག་རིང་པོ་འགྲོ་མི་དགོས་པར་རང་གི་ས་གནས་སུ་ཡོད་པའི་རྒྱ་གཞུང་མཚམས་ཁང་གི་མདུན་དུ་སྤེལ་ན་དཔའ་བོ་ངོ་མ་དང་བོད་མི་མང་གི་གུས་འདོད་ཡོད་པ། ཁྱོད་རང་གིས་བཤད་པ་བཞིན་ངོ་མ་མི་ལུས་ལེན་པ་ཡང་གོ་ཆོད་པ་རེད། ང་རང་ལ་མཚོན་ན་ཕ་མེས་ཡང་མེས་ནས་དགེ་ལུགས་ པ་ཟེར་བ་དེ་རེད་།ཡིན་ནའང་དགེ་ལུགས་པའི་སྤྱི་འཐུས་ཡོད་པ་རེད་ཟེར་ནས་ང་སྤོབས་པ་ཞིག་དང་དགའ་རྒྱུ་ཞིག་གང་ཡང་མི་འདུག །ང་ཡིད་ཆེས་དང་དད་པ་བྱེད་ས་ནི་སེམས་ཅན་ལ་ཕན་སུས་ཐོགས་དང་བོད་སྤྱི་པའི་བྱ་བ་སུས་སྒྲུབ་པ་དེ་རེད།
སྤྱིར་རང་ངོས་ནས་ཇོ་ནང་བ་ལ་སྡང་མིག་ལྟ་དགོས་པ་གང་ཡང་མེད་ལ་ཇོ་ནང་བའི་གྲྭ་བའང་གྲོགས་པོ་མང་པོ་ཡོད། འོན་ཀྱང་ཁྱོད་ཀྱིས་བཤད་སྟངས་དེ་དུས་ཚོད་འདྲི་འདྲ་ཞིག་ལ་བཤད་དགོས་པ་ཨང་།
རྒྱ་ནག་གཞུང་གིས་ཏང་གི་ཚོགས་ཆེན་༡༨ པ་དེ་སྤྱི་ཟླ་ ༨ ནང་རྒྱལ་ཁའི་ངང་བསུ་བའི་གྲ་སྒྲིག་མཐུས་ཚང་བྱས་དང་བྱེད་བཞིན་ཡོད།
བོད་གཞུང་གིས་ངོས་ནས་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་དེ་རྒྱལ་ཁའི་ངང་བསུ་བ་ཞུ་རྒྱུར་འབད་བརྩོན་བྱེདགབཞིན་ཡོད།
ཚང་མས་༸ གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་དང་མཐུན་པར་འཚོགས་ཆེན་ལེགས་གྲུབ་ཡོང་རྒྱུར་མི་རེ་ངོ་རེས་འགན་བླངས་ཏེ་སྤྱི་དོན་ཐོག་སེམས་འཁུར་བྱེད་ཐུབ་པ་དགོས།
ཟུར་མང་བཀའ་བརྒྱུད་དང་གནས་མདོ་བཀའ་བརྒྱུད་ཤང་པ་བཀའ་བརྒྱུད་ཞི་བྱེད་སོགས་ལ་ཡང་སྐུ་ཚབ་ཐོབ་ཐང་མ་སྤྲད་པ་བློ་ཕམ་བྱུང།ང་ཚོ་ཡང་རྒྱལ་བ་ཇོ་ནང་པའི་མཉམ་དུ་ཐོབ་ཐང་འཐབ་རྩོད་བྱ་རྒྱུ་ཡིན།
མི་ཆུང་ལགས་ཀྱི་ག་རེ་གསུངས་ཀྱི་ཡོད་ནི་རེད། གོང་དུ་ དབུས་གཙང་དང་མདོ་སྟོད། མདོ་སྨད་བཅས་རྒྱུན་ལས་ཁག་གསུམ་གསུངས་ཡོད་པ་མ་མཐོངས་སམ། དེས་ནང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་ཚུད་ཡོད་ནི་རེད།
སློབ་གྲྭ་རེ་ནས་དགེ་རྒན་རེའི་འཐུས་ཚབ་ཅིག་ཡོད་ན་བཟང་སྙམ།
གངས་ཕྲུག་ཁེར་རྐྱང་།
བསྟན་འཛིན་ལ་ཐུགས་ཁག་མི་འདུག བརྙས་ན་ནང་དང་། ཆད་ན་ཐུར་ཟེར་བ་རེད། ཇོ་ནང་ཆོས་བརྒྱུད་བོད་གཞུང་གིས་ཆོས་གྲལ་དང་། ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དུ་མ་བཞག་པ་ཡིན་ན་ཁག་མེད་ཀི
མི་བདེན་གི་འདོད་ན། དཔེ་རང་སྟེང་དང་། ཁྲབ་ཤ་རྗེན་ལ་གྱོན་ནས་ལྟོས་དང་དེ་ནས་ཤེས་ནི་རེད།
གལ་ཏེ་བོད་གཞུང་གིས་ཁྱོད་དང་ཁྱོད་ཀྱིས་དད་པ་བྱེད་སའི་ཆོས་བརྒྱུད་གཉིས་མི་གྲལ་དང་ཆོས་གྲལ་དུ་མ་བཞག་ན། ཁྱེད་ལ་ཚོར་བ་ག་འདྲ་ཞིག་ཡོད་ས་རེད། དཔེ་རང་སྟེང་ལ་བླངས་ནས་སྐད་ཆ་བཤད་དགོས་ནི་རེད། དེ་མིན་ཁ་བདེ་བོ་སུས་ཀྱང་བཤད་ཐུབ་ནི་རེད།
ངས་བལྟས་ན་ད་བོད་གཞུང་གིས་དངོས་གནས་ཇོ་ནང་ཚང་ལ་མཐོང་ཆུང་བྱེད་རྒྱུ་ཚད་ལས་བརྒལ་འདུག
རྒྱ་ནག་གཞུང་གིས་བོད་མི་དང་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་དང་། བོད་གཞུང་གིས་ཇོ་ནང་ཐོག་བཟུང་བའི་སྲིད་བྱུས་གཉིས་ལ་ཁྱད་པར་གང་ཡང་མེད། ད་དུང་ཇོ་ནང་པར་མཚོན་ན། དགྲ་བོ་རྒྱ་གཞུང་ལས་བོད་གཞུང་ལ་སྙིང་ནད་ལྷག་པོར་ཡོད་རྒྱུ་རེད། བརྙས་ན་ནང་གི་ཐུ། ཆད་ན་ཐུར་གི་ཐུ་ཟེར་ནི་རེད།
ངོ་མ་བོད་གཞུང་གི་བྱ་གཙོག་གི་ཡ། རྒྱ་ནག་གི་སྔུན་ནས་ངོ་མི་ཚ་འམ། འདི་འདྲའི་གཞུང་ཞིག་ངོ་རྫོག འདི་འདྲའི་གཞུང་ཞིག་ཡོད་པ་ལས་མེད་པ་ཡག་པོ་འདུག ན་ནིང་བོད་གཞུང་གི་མིང་ཕྱིར་བསྡུ་བྱས། ད་ལོའི་ཚོགས་ཆེན་ཐོག བོད་གཞུང་གི་སྒོ་རྒྱབ་ན་ཏག་ཏག་རེད། འབངས་ལ་ཤ་ཚ་མེད་ཅིང་། ཕྱོགས་རེས་ཅན་གྱི་གཞུང་ཞིག་མེད་ན་བཟང་ནི་རེད།
མིག་མེད་ན་ལོང་ཏོག་མེད། སོ་མེད་ན་སྲིན་མེད་ཟེར་བ་རེད།
གཞུང་ངན་ལྟས་ངན་འདྲ་བོ་འདི་མི་རིང་བར་སྒོ་རྒྱག་རྒྱུའི་སྔ་ལྟས་འདུག ཏག་ཏག་རེད།
བསྟན་འཛིན་ཟེརབ་ནི་ཇོ་ཚང་ལ་བོད་གཞུང་གིས་མཐོང་ཆུང་བྱས་རབ་བཤད་དེ་རང་གཞུང་ལ་འཇིགས་སྐུལ་བཏོང་བ་ནི་ཇི་འདྲའི་སྐྱུག་དྲོ་བའི་གཏམ་ངན་ཞིག་རེད།རྟག་ཏུ་རང་ཕྱོགས་རྐྱང་བཤད་ནས་སྡོད་པ་ལ་ངོ་ཅུང་ཚ་ཤེས་ཀྱི་མི་འདུག་གམ་
ཚོགས་ཆེན་ཐོག་གཞུང་འབྲེལ་མིན་པའི་ཚོགས་སྡེ་དང་མི་སྒེར་སོགས་ལ་ས་མིག་སྤྲད་པ་ལྟར། མང་གཙོའི་ཀ་བ་བཞི་བར་འབོད་ཀྱིན་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་དང་། བོད་ཀྱི་བླ་དང་སྲོག་ཏུ་གྱུར་བའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་བཞིན་པའི་སྐད་ཡིག་རྒྱུན་འཛིན་ཚོགས་པ་གཉིས་ལའང་། ཚོགས་པ་གཞན་དང་སྤྱི་མཚུངས་ལྟར་ཚོགས་ཆེན་ནང་སོ་སོའི་བསམ་འཆར་བརྗོད་ཐབས་སུ་འཐུས་ཚབ་ཀྱི་ས་མིག་རེ་སྤྲད་ན་འོས་པར་འདོད།
བོད་ནང་གི་ཛ་དྲག་གནས་སྟངས་ཐད་ལ་ཚོགས་ཆེན་བསྐོར་གི་ཡོད་པ་འདི་དུས་ཚོད་གཏན་འབེབས་འདི་རྐང་བཙུགས་ནས་ཛ་དྲག་གནས་སྟངས་ལ་སྣང་མེད་བྱེད་པ་འདྲ་པོ་ཞིག་མཐོང་སོང་། ལྕགས་ཚ་ཐོག་ལ་རྡུང་རྒྱུ་ན་ལོས་བཟང་འདོད། ཟླ་བ་ལྔ་ཙམ་གྱི་རིང་ལ་གྲ་སྒྲིག་བྱེད་དགོས་པ་ནི་ཡིན་རྒྱུ་མ་རེད། ཡང་ན། སྔོན་གྱི་ཚོགས་ཆེན་དང་མ་འདྲ་བ་ཞིག་འཚོག་ཆེད་ཟབ་སྦྱོང་གོ་སྒྲིག་བྱེད་ཀྱི་ཡོད་པ་ནི་ཡིན་རྒྱུ་མ་རེད། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་འདི་སྤྱི་ཟླ་དགུ་པ་ལ་གླེང་ན་ཛ་དྲག་དང་། དེའི་རྗེས་ནས་འཛམ་གླིང་ནང་ལས་འགུལ་སྤེལ་ཕྱོགས་གཏན་འབེབས་བྱས་པ་ཡིན་ན། དམིགས་བསལ་ག་རེ་ཡོད་པ་ཡིན་ནམ། ད་མགོ་འཐོམས་སོང་། ད་རེས་ཀྱི་ཚོགས་ཆེན་འདི་ལས་བསྡོམས་ཚོགས་ཆེན་འདྲ་པོ་ཞིག་མི་ཆགས་པའི་སྨོན་ལམ་ཡོད།
མདོ་ཁམས་ཆུ་བཞི་སྒང་དྲུག་དང་དབུ་མའི་ལམ་ལས་འགུལ་ཚོགས་པ། ལྷག་དོན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ། ལེགས་ཉཻས་ལ་མ་ལྟོས་པར་ངེས་པར་དུ་ས་དམིགས་ཞིག་གནང་དགོས་ངེས་རེད།
འཇིག་རྟེན་གྱི་གཏམ་དཔེར། དེད་དེད་ན་སྦལ་བ་ཡིན་རུང་ངོ་ལ་ལྡང་ཟེར་བ་ལྟར། བོད་གཞུང་གིས་མུ་མཐུད་དུ་ཇོ་ཚང་ལ་མཐོང་ཆུང་བྱེད་བཞིན་འདུག ད་དུང་༧གོང་ས་མཆོག་གི་བཀའ་སློབ་ཀྱང་སྣང་ཆུང་བྱས་འདུག ད་ནི་ང་ཚོར་བསམ་བློ་གཞན་པ་ཅི་ཡང་གཏོང་རྒྱུ་མེད། འོན་ཀྱང་རེ་བ་གཅིག་ཡོད་པ་དེ། ད་ལོའི་ཚོགས་ཆེན་སྐོར་གྱི་གསལ་བསྒྲགས་ཐོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་ཞེས་ཡང་བསྐྱར་གསལ་བསྒྲགས་བྱེད་དགོས།
གལ་ཏེ་དེ་ལྟར་མ་བྱས་ཚེ་ཇོ་ནང་སྤྱི་སྒེར་གཉིས་ཀྱིས་ཚོགས་འདུ་འདིའི་ཆ་ཤས་མི་ལེན་རྒྱུ་མ་ཟད། འཚོགས་འདུའི་སྐབས་ངོ་རྒོལ་གནམ་ས་འགུལ་བ་ཞིག་བྱེད་མ་ཐུབ་ན། འཇིག་རྟེན་འདིར་མི་ལུས་བླངས་བ་དོན་མེད་ཡིན་པས། དེ་བཀའ་ཁྲི་བློ་སེང་དང་། ཚོགས་གཙོ་སྤེན་ཚེ་གཉིས་ཀྱི་སེམས་ལ་ཟུངས་ཤིག
ང་ཚོས་རེ་ཞིག་བར་ཁྱེད་ཚོས་ཡང་བསྐྱར་གསལ་བསྒྲགས་བྱེད་རྒྱུར་སྒུག་ངེས་ཡིན།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ད་དུང་མང། ངས་དེ་སྔོན་གྲོས་ཚོགས་ནང་ལ་ཡང་བཤད་མྱོང། ད་དུང་རང་འཇགས་རེད། ད་ནས་བཟུང་ཚོགས་པ་གསར་བ་ཅི་འདྲ་ཞིག་བྱུང་ཡང་དེའི་ཁོངས་ལ་ཚུད་ཐབས་མེད་པ་ཡིན་ནམ། འདི་ལ་ཁྲིམས་སྒྲིག་གང་ཞིག་གིས་ཚད་འཛིན་བྱེད་ཀྱིན་པའི་སྐོར་བཀའ་སྤྱི་གཉིས་ནས་གསལ་འགྲེལ་ཡོང་བ་ཞུ།
“༢༠༡༢ ལོའི་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གྱི་ཉིན་གུང་བར་སྙན་ཞུ་འབྱོར་ཟིན་པའི་ཁག་ཡིན་འདུག” འདི་ནོར་བ་ལོས་ཡིན།
དམིགས་བསལ་ཚོགས་ཆེན་འདི་གཏོགས་ཙམ་ཕྱི་དྲག་པའི་ཚོར་བ་ཡོང་གི་འདུག རྒྱ་ནག་གཞུང་གིས་གལ་ཆེའི་གྲོས་ཚོགས་ཐེངས་གཉིས་ཀ་ཚོགས་ཟིན་པ་མ་ཟད། དེའི་མཇུག་འབྲས་ལས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་དང་། དབུ་མའི་ལམ་ལ་རྒོལ་བའི་རྣམ་གྱུར་གསལ་པོ་བསྟན་ཟིན་ལ། བོད་ཀྱི་རིག་གཞུང་དང་ནས་བརྩམས་མི་རིགས་རྩ་མེད་བཟོ་བའི་འཆར་གཞི་ཐབས་ཞི་དྲག་གཉིས་ལ་བསྟེན་ནས་ལག་བསྟར་བྱ་མུས་ཡིན། གཞན་ཡང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་པས་ང་ཚོས་རེ་བ་བརྒྱབ་སའི་རྒྱལ་ཁབ་ཆེ་གྲས་ཁག་གིས་ཀྱང་འགུལ་བསྐྱོད་གང་ཡང་མ་ཐེབས་པ་གསལ་པོ་རེད། ད་མི་དམངས་ནས་ལམ་ཁ་གསར་པ་ཞིག་གདམས་པའི་དུས་ལ་བབས་མེད་དམ། ངའི་བསམ་པར་ཕེབས་ཐུབ་རུང་མ་ཐུབ་རུང་། ད་ཐེངས་དམིགས་བསལ་ཚོགས་ཆེན་སྟེང་གཞིས་ལུས་བོད་མིའི་སྐུ་ཚབ་ཀྱི་ཞབས་སྟེགས་འོས་འཚམས་ཞིག་གོ་སྒྲིག་བྱ་དགོས་འདུག་ལ། ཟུར་ཉན་ལ་རྒྱ་མི་རིགས་ཀྱི་སྐུ་ཚབ་སུ་ཕེབས་ལ་དགའ་བསུ་ཡོད་པའི་མགྲོན་བརྡ་ཞིག་ཀྱང་གཏོང་རན་འདུག ཡོང་མ་ཡོང་ཁག་ཁག་རེད། ང་ཚོས་ཁ་གསལ་གཏིང་གསལ་བཟོ་དགོས་པ་རེད། གང་ལྟར་མཐར་ཐུག་མི་མང་གི་བསམ་འདུན་དེ་གོང་རིམ་གྱི་སྙན་དུ་འཁྱོལ་བ་དང་། དེ་ལ་བརྩི་མཐོང་ཞིག་ངེས་པར་དགོས་པ་ནི་འདས་པའི་དུས་ཀྱི་མྱོང་བ་ཡིན་ནོ། །།།།
དངོས་གནས་མགོ་འཐོམ་གཞི་ཞིག་རེད། འདི་ནི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པར་འགྲེལ་དགོས། དུས་ཚོད་ཀྱི་ཆ་ནས་འཕྱི་དྲགས་འདུག་པ་དང་། ཕར་འགྱངས་ཀྱི་ཆ་ནས་རིང་དྲགས་འདུག ད་དུང་གསར་འགོད་གསལ་བསྒྲགས་ཀྱི་ཆ་ནས་སྔ་དྲགས་འདུག
གཞན་དེ་གསར་འགོད་གསལ་བསྒྲགས་སྤེལ་དུས་དང་སྙན་ཞུ་ཁག་ཅིག་འབྱོར་ཉིན་གཉིས་མཉམ་པོར་འཁེལ་འདུག སུ་ཞིག་ནོར་ཡོད་དམ།
ཡ་ཡ། ཡང་བཀའ་སྤྱི་གཉིས་སམ་བོད་གཞུང་གིས། ཇོ་ནང་ཚང་ཤ་ནང་གི་རྨེན་དང་། མིག་ནང་གི་ལོང་ཏོག་བཞིན་བཀར་འདུག་ཀ ཇོ་ནང་གཞི་བྱེས་གཉིས་ཀྱིས་བོད་མི་རིགས་ཀྱི་ལས་དོན་ཆེད་འདི་ལྟར་འབད་བཞིན་ཡོད་ཀྱང་། བོད་གཞུང་གིས་བསམ་ཤེས་མེད་པར་ཇོ་ནང་ཚང་བོད་མིའི་སྐྱིད་སྡུག་ནང་ཕྱིར་འབུད་བྱས་པ་འདི་བློ་ཕམ་གྱི་གནས་ཤིག་རེད། ད་ཇོ་ནང་ཚང་ཡང་སེམས་ཤུགས་ཆག་རྒྱུ་སྨོས་མེད་རེད།
ང་ཚོ་བོད་མི་རྣམས་ལ་རྒྱ་ནག་གིས་འདི་ལྟར་སྡུག་བསྔལ་གཏོང་བཞིན་ཡོད་པའི་ཐོག རང་གཞུང་གིས་ཀྱང་འདི་ལྟར་བརྙས་བཅོས་དང་། མཐོང་ཆུང་། ཁྱད་གསོད་བྱས་ན་ངོ་མ་སེམས་སྐྱོ་དགོས་པའི་དོན་དག་ཅིག་རེད།
གལ་ཏེ་ཇོ་ནང་ཚང་གིས་བསམ་བློ་གཉིས་པ་ཞིག་བཏང་ན་དེའི་འགན་ཆ་ཚང་བཀའ་སྤྱི་གཉིས་ཀྱིས་ཁུར་དགོས།
གཅིག ད་ཡིན་ན་རྦད་དེ་འཐོམས་སོང་། ད་ཐེངས་ཀྱི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འདི་གཙོ་བོ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐད་གྲོས་བསྡུར་བྱ་བའི་ཚོགས་འདུ་ཆེན་པོ་ཞིག་ཡིན་དུས། ཟླ་དགུ་བ་བར་དུ་འཕར་འགྱང་ཞུ་དགོས་དོན་ཡེ་ནས་མ་མཐོང་།
གནམ་མི་བོད་ཀྱི་གཏམ་དཔེར། སྐྱེས་བདུན་རིལ་བུ་ཐོན་དུས། །ཨ་ཡེ་སྐྱེས་པ་ཟད་རྒྱུ་རེད། །ཅེས་པ་ལྟར་རེད་སྙམ།
གཉིས། གསར་འགོད་གསལ་བསྒྲགས་འདི་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པར་སྤེལ་བ་དང་། “རྒྱ་བལ་འབྲུག་གསུམ་ལ་དྭང་བླང་ཞབས་སྟེགས་ ༣༥ ཡོད་ཁོངས་ནས་ཟུར་ འཛར་དང་པོའི་ནང་མེད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཆེད་དུ་ཟུར་བཅད་བྱ་རྒྱུ། དེ་ཡང་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༡༦ ཉིན་དགུང་བར་སྙན་ཞུ་འབྱོར་ཟིན་ཁག” (གསལ་བསྒྲགས་ཡིག་ཆའི་མ་ཡིག་གཞིར་བཟུང་།) ཅེས་གསལ་འདུག
ད་ཇི་ལྟར་འགྲེལ་དགོས་པ་རེད་དཱ།
དུས་བབ་ཀྱིས་དུས་ཚོད་སྟངས་འཛིན་གསར་འགོད་དུས་ཐོག་ཏུ་གནང་བ་ལ་ཐུགས་རྗེ་ཆེ། བཀུར་འོས་བཀའ་ཁྲི་མཆོག་ལ་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ།།།།།