མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་སྟོད་ཨ་འདུས་སྡེ་བར་དྲག་རྡུང་།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྔ་པ་རྫོང་གི་ལས་བྱེད་ཁག་ཅིག་གིས། དམག་མི་རླངས་འཁོར་བཅུ་གྲངས་ཤིག་ཁྲིད་ཡོང་སྟེ། རྔ་སྟོད་ཨ་འདུས་སྡེ་བའི་མི་མང་ལ་གཅར་རྡུང་དྲག་གནོན་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྔ་པ་རྫོང་ཐོག་ནས་ཡོང་བའི་ལས་བྱེད་ཁག་ཅིག་གིས། རྔ་སྟོད་ཨ་འདུས་སྡེ་བའི་ནང་ཉིན་དེའི་ཕྱི་དྲོའི་དུས་ཚོད་ ༢ སྟེང་སྡེ་མི་ཡོངས་རྫོགས་ཚོགས་འདུ་འཚོགས་དགོས་ཚུལ་བསྒྲགས་ཏེ་མི་མང་བསྡུ་སྐོང་བྱས་རྗེས། མི་མང་གི་མདུན་སར་དེ་སྔོན་མི་མང་ལ་རོགས་སྐྱོར་གྱི་དངུལ་ལྐོག་བཟའ་བྱས་པའི་དོགས་གཞི་ཅན་གྱི་མི་སྣ་གཉིས་ཡོད་པ་དེར། མི་མང་གི་མདུན་ནས་བྱ་དགའ་སྤྲད་དེ་སྟོད་ར་བྱས་ཡོད་པ་དང་།  སྐབས་དེར་མི་མང་གིས་མ་དགའ་བའི་རྣམས་འགྱུར་ཤུགས་ཆེན་པོ་བསྟན་པར། རྫོང་ཐོག་གི་ལས་བྱེད་ཚོས་མཉམ་འཁྲིད་བྱས་ཡོང་པའི་དྲག་ཆས་ཉེན་རྟོག་པ་རླངས་འཁོར་བཅུ་ཡས་མས་ཤིག་གིས། མི་མང་ལ་གང་བྱུང་གཅར་རྡུང་དྲག་པོ་བཏང་སྟེ་མི་བརྒྱ་ལྷག་ལ་ཤིག་ལ་རྨས་སྐྱོན་བཟོས་པ་མ་ཟད། སྡེ་མི་སློབ་དཔོན་སྐྱབས་སོགས་མི་འགས་ཤས་ལ་རྨས་སྐྱོན་ཚབ་ཆེན་ཕོག་སྟེ་རྔ་པ་རྫོང་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་འདུག དེ་བཞིན་རྒྱལ་སྡེའི་ཚོ་གསུམ་སྡེ་བའི་མཚམས་ཆེན་དང་། ཚེ་ནོར། བསྟན་འཛིན་ཚེ་རིང་སོགས་མི་ཉི་ཤུ་ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ཆ་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་མེད་པ་རེད།  

གནས་ཚུལ་མཁོ་སྤྲོད་པས་གནས་ཚུལ་དེའི་འབྱུང་རྐྱེན་སྐོར་རྒྱུས་ལོན་བྱུང་པ་ལྟར་ན།  རྔ་སྟོད་ཨ་འདུས་སྡེ་བ་ཁག་ཐུན་མོང་ལ་དབང་བའི་༼འོ་མའི་ལུས་༽ཞེས་པའི་ས་ཆ་ཞིག་ཡོད་པ་དང་། ས་ཆ་དེ་ནི་ཨ་འདུས་སྡེ་བ་ཁག་མ་ཎི་དང་སྙུང་གནས་སོགས་ཀྱི་སྐབས་ལྷན་ཚོགས་གནང་ས་དང་། བླ་མ་དང་དགེ་བཤེས་སོགས་སྡེ་བའི་ནང་དུ་ཕེབས་སྐབས་ཆོས་ཞུ་བ་འཛོམས་ས། དེ་བཞིན་ནས་སྟོན་དང་དུས་སྟོན་སོགས་སྤྲོ་སྐྱིད་གཏོང་ས་བཅས་ཡིན་ཡང་། ༢༠༠༨ ལོའི་རྗེས་སུ་རྒྱ་གཞུང་གིས་ས་ཆ་དེར་རྒན་གསོ་ཁང་རྒྱག་དགོས་ཚུལ་བཤད་དེ་བཙན་འཕྲོག་བྱས་ཡོད་པ་དང་། སྐབས་དེར་མང་ཚོགས་ཀྱིས་དེ་འདོད་མོས་མེད་པའི་རྒྱུ་མཚན་དང་རེ་སྐུལ་ཞུས་ཀྱང་ཕན་འབྲས་གང་ཡང་བྱུང་མེད་འདུག རྗེས་སུ་རྒྱ་གཞུང་གིས་ས་ཆ་དེར་དམག་སྒར་ཆེན་པོ་ཞིག་བརྒྱབ་སྟེ།   ད་སྐབས་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་རྒྱུན་སྡོད་བྱས་ཡོད་འདུག

དེ་བཞིན། མི་མང་ལ་མགོ་སྐོར་ཆེད་ས་ཆ་དེའི་ཉེ་འཁོར་དུ་ཁང་ཆུང་མང་པོ་ཞིག་བརྒྱབ་སྟེ་མི་མང་ལ་རོགས་སྐྱོར་ཡིན་ཚུལ་བརྗོད་དེ་སྤྲད་ཡོད་པ་རྣམས་ཀྱང་། ལོ་སྔོན་མའི་ལོ་མཇུག་ཙམ་ནས་བཟུང་ཁང་པ་དེ་དག་ལ་རྒྱ་སྒོར་ཁྲི་བརྒྱད་ཀྱི་འགྲོ་སོང་བཏང་ཡོད་སྐོར་བརྗོད་དེ།  རྒྱ་སྒོར་ཁྲི་གཅིག་རེ་བསྐྱེད་ཀ་དང་བཅས་པ་མི་ཚང་རེ་རེ་ནས་སྤྲོད་དགོས་པའི་བརྡ་ཁྱབ་བཏང་ཡོད་པར་བརྟེན། མི་མང་གིས་དེ་ནི་དང་ཐོག་ཚང་མ་རྒྱལ་ཁབ་ཀྱི་རོགས་རམ་ཡིན་ཚུལ་ཁོ་ན་བརྗོད་པ་ལས། སྒོར་མོ་དགོས་ཚུལ་ཚིག་གཅིག་ཀྱང་བཤད་མེད་པས།  སྒོར་མོ་སྤྲོད་མི་ཐུབ་པའི་སྐོར་བརྗོད་དེ་རྔ་པ་རྫོང་སྲིད་གཞུང་ནས་རྔ་པ་རང་སྐྱོང་ཁུལ་སྲིད་གཞུང་བཅས་ལ་གཏུག་བཤེར་མང་པོ་བྱས་དང་བྱེད་བཞིན་པར་མ་ཟད། ཁང་པ་དེ་དག་གསར་རྒྱག་སྐབས་གྲོང་སྡེ་ལས་ཁུངས་ཀྱི་མི་གཉིས་ཀྱིས་སྤྱི་དངུལ་ལྐོག་བཟའ་བྱས་པའི་དོགས་པ་བྱུང་ཞིང་། མི་དེ་གཉིས་ལ་མི་མང་གིས་ལྟ་ཚུལ་མི་ལེགས་པ་འཛིན་བཞིན་ཡོད་འདུག ཡིན་ནའང་། རྒྱ་གཞུང་གིས་ཉིན་དེར་སྤྱི་དངུལ་ལྐོག་ཟ་བྱེད་མཁན་མི་དེ་གཉིས་ལ་མི་མང་གི་མདུན་ནས་བྱ་དགའ་སྤྲད་དེ་སྟོད་ར་བྱས་པར། མི་མང་གིས་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་དྲང་བདེན་མ་རེད་ཅེས་རྣམ་འགྱུར་ཤུགས་ཆེན་པོ་བསྟན་པ་ཞིག་ཡིན་འདུག 

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་གཞུང་གིས་རང་ལོ་ ༣༣ ཡིན་པའི་ཨ་འདུས་མཐའ་བའི་རོང་བ་ཚང་གི་ཚེ་རིང་བཀྲ་ཤིས་ལགས་ལོ་ ༣ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་ཡང་ཁོང་ལོ་སྔོན་མའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་གནང་སྐབས། མི་མང་གིས་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གློག་བརྙན་ནང་ཐེབས་པར་བརྟེན། རྗེས་སུ་ཁོང་འཛིན་བཟུང་གིས་ཉེ་སྔོན་བར་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་པ་ཞིག་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཡིན།

འབྲེལ་ཡོད་གསར་འགྱུར།

བོད་མི་ལམ་བཟོ་བ་མ་བུ་གཉིས།
Mobile App

གོ་སྟོན་གྱི་རྟེན་འབུལ། ངའི་སེམས་ཁོངས་ན་ཡོད་པའི་མི་མངོན་པའི་རྒྱལ་ཁབ་དེ་ལ་བདེན་རྟགས་ཤིག

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་རྩ་བ་ནས་མེད་པའི་ལན་འདེབས་གནང་།

ཆུ་ཚོད་ ༦ སྔོན་ལ།
Featured Blogger

ང་ཡི་སེམས་ངོར་འཆར་བའི་ནང་ཆོས།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་བསྐྱར་བཞེངས་ཀྱི་རྨང་རྡོ་དབུ་འབྱེད་རབ་གནས་མཛད། ༢༠༢༥།༠༨།༠༣ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་ལུས་ཀྱི་ཆ་ལུགས་བརྗེས་བ་ཙམ་མ་ཡིན་པར་སློབ་གཉེར་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ།

༢༠༢༥/༠༨/༠༤
རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

༢༠༢༥/༠༨/༠༢
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

༢༠༢༥/༠༨/༠༢

མཆན། 3

  1. སྐྲན། says:
    ལོ་ 13 སྔོན།

    མི་འཁྱག་ཁ་ནས་ཟེར་ཡང་།།གྲང་འདར་ལུས་ལ་རྒྱག་པའི་དཔེ་ལྟར་ཞེ་སྡང་དང་སྐྱོ་བ་དེ་དག་གིས་སེམས་པ་ཡར་ཡར་ལ་བཅག་ཡོང་གི་་་་

    Reply
  2. མྱི་ལྟིག says:
    ལོ་ 13 སྔོན།

    དངོས་གནས་འདུག་གི་མ་བཅུག་པ་རེད་མོད། ད་དུང་འདི་ཕྱོགས་ནས་འཇམ་ཐིང་གིེར་བསྡད་ཡོད་པ་རེད

    Reply
  3. རྡོ་རྗེ། says:
    ལོ་ 13 སྔོན།

    ཁྲེལ་མེད་ཧམ་སེམས་ཅན་གྱི་མིའི་སྤྱོད་ངན་དེ།བསླུ་མེད་ཀྱི་ལས་འབྲས་དྲག་པོའི་འདའ་མོས་མྱུར་དུ་གཏོར་བ་ཤོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese