རྒྱ་ནག་ཧྲན་ཏུང་གི་དམར་གཞུང་དྲ་བ་ཞིག་གི་སྟེང་། དམར་ཤོག་ཕམ་པར་བརྒྱབ་སྟེ་རྒྱ་ནག་གསར་བ་འཛུགས་དགོས་པའི་འབོད་ཚིག་སྦྱར་འདུག
ཕྱི་ཟླ་ ༤ ཚེས་ ༢༣ ཉིན་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཡཱས་ཡོན་རྫོང་གི་དམར་ཤོག་འཐུས་མིའི་སློབ་གྲྭའི་དྲ་བའི་སྟེང་། ༼དམར་ཤོག་ཕམ་པར་བརྒྱབ་སྟེ་རྒྱ་ནག་གསར་བ་འཛུགས་དགོས་༽ཞེས་པའི་འབོད་ཚིག་སྦྱར་ཡོད་པར་མ་ཟད། དྲ་ངོས་ཀྱི་རྒྱ་གཞུང་དམར་ཤོག་པའི་མཚོན་རྟགས་སྟེང་དུ་འཆུག་རྟགས་ནག་པོ་གཉིས་བརྒྱབ་ཡོད་པ་དང་། ད་ལྟ་གཞུང་འབྲེལ་དྲ་རྒྱ་དེའི་སྒོ་བརྒྱབ་སྟེ་ཀློག་ཐུབ་ཀྱི་མེད་པ་རེད། སྐབས་དོན་དབྱེ་ཞིབ་པ་དག་གིས་དེ་ནི་དྲ་རྒྱ་བརྒྱུད་རྒྱ་གཞུང་དམར་ཤོག་ལ་ངོ་རྒོལ་གྱི་ཐབས་ལམ་གསར་བ་ཞིག་ཡིན་པ་དང་། ངོ་རྒོལ་སྤེལ་མཁན་ནི་རྒྱ་རིགས་མང་ཚོགས་རྣམས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག
གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ལེའོ་ཉིན་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ཀན་ཅིན་ཙི་ས་གནས་ཁྲིམས་སྲིད་ལྷན་ཁང་གི་དྲ་ངོས་སུའང་། “རྒྱ་ནག་དམར་ཤོག་པ་རྩ་རྫོགས་བྱ་དགོས” སོགས་ཀྱི་པར་རིས་དང་འབོད་ཚིག་སྦྱར་ཡོད་འདུག ཉེ་བའི་ཟླ་འདིའི་ནང་དྲ་རྒྱ་བརྒྱུད་རྒྱ་གཞུང་དམར་ཤོག་པར་ངོ་རྒོལ་གྱི་འབོད་ཚིག་སྤེལ་མཁན་བསྟུད་མར་བྱུང་ཡོད་པ་ལྟར། རྒྱ་ནག་མང་ཚོགས་ཁྲོད་མངོན་གསལ་དོད་པོའི་ཐོག་ནས་རྒྱ་གཞུང་དམར་ཤོག་པར་ངོ་རྒོལ་འབོད་ཚིག་སྒྲོག་པའི་མགོ་དེ་ནི། ཕྱི་ལོ་ ༢༠༠༨ ལོར་ས་གནས་རྒྱ་རིགས་མང་ཚོགས་ཀྱིས་མི་རིགས་ཀྱི་དཔའ་རྒོད་ལ་ངོས་འཛིན་བྱེད་བཞིན་པའི་ཡཱང་ཀཱ་ལགས་རྒྱ་གཞུང་གིས་ཁྲིམས་ལ་སྦྱར་སྐབས། ཧྲང་ཧེ་མང་ཚོགས་ཀྱིས་༼དམར་ཤོག་པ་ཕམ་པར་རྒྱོབ་༽ ཞེས་པའི་འབོད་ཚིག་བསྒྲགས་ཡོད་པ་དང་། དེ་ནས་བཟུང་རིམ་གྱིས་རྒྱ་རིགས་མང་ཚོགས་ཁྲོད་དམར་ཤོག་པར་ཁ་རྡུང་གཏོང་བའི་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
རྒྱ་ནག་ནི་འཛམ་གླིང་སྟེང་དྲ་རྒྱ་སྤྱོད་མཁན་གྱི་མི་གྲངས་ཆེས་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་དྲ་རྒྱ་སྤྱོད་མཁན་མི་གྲངས་དུང་ཕྱུར་ ༥ དང་། ཟིན་བྲིས་འབྲི་མཁན་མི་གྲངས་དུང་ཕྱུར་ ༣ ཙམ་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
ཀ་ཡེ་ཟླ་བ་དོན་གྲུབ་ལགས། འདི་འདྲའི་ལས་སླ་པོ་གཅིག་ཡོད་མ་རེད་དེར་བརྟེན་མགོན་མཆོག་གསུམ་དང་ ལྷ་དམར་ནག་འཕྲིན་ལས་བཅོལ་ལ་རྒྱུན་དུ་འབད་ཤོག། འདི་འདྲའི་སླ་པོ་ཡིན་ཚེ་༧ གོང་ས་མཆོག་ནས་བོད་དོན་བདེན་མཐའ་གསལ་ཚར་ལེ་རེད། ད་དུང་འབད་ཤོག་ཨང་གངས་ཕྲུག་ཚོ།།
རྒྱ་ནག་མི་མང་ཚོའི་དམར་ཤོག་ཡག་པོ་མེད་པ་ཤེས་པ་དེ་དམར་གཞུང་མགོ་རྟེང་རློགས་རྒྱུའི་སྔ་ལྟས་རེད།
བོད་གངས་ཅན་གྱིས་རྒྱལ་གཅེས་དཔའ་པོ་དཔའ་མོ་ཚོས་བསམ་དོན་མྱུར་དུ་འགྲུབ་པར་ཤོག
གཏམ་བཟང་པོ་འདི་འདྲ་དཀོན་མོ་རེད། །དེ་ད་རིང་གོ་བ་སྐྱིད་མོ་རེད། །ད་གངས་ཕྲུག་ང་ཚོ་སྙིང་ནས་དགའ། །གླུ་ད་རིང་མི་ལེན་ནམ་ཞིག་ལེན། །ངས་དམར་ཤོག་ཕམ་པའི་གླུ་ཞིག་ལེན། །བདུད་གླང་དར་མི་ལ་འཛུལ་ལེ་དེ། །ཁོ་གུང་ཁྲན་སྲོག་རྩ་མའོ་རེད། །ད་དཀར་པོ་ལྷ་ཆོས་ཡར་དར་གྱིས། །བདུད་དམར་པོ་ཆམ་ལ་ཕབ་ངེས་རེད། །ཁོ་གུང་ཁྲན་ལྟས་ངན་བདུད་ཚོགས་དེ། །སྤྱིར་འཛམ་གླིང་མི་ཡི་སྤྱི་དགྲ་རེད། །སྒོས་གངས་ཅན་བོད་ཀྱི་སྒེར་དགྲ་རེད། །དགྲ་ཕར་བཟོ་མ་རེད་ཚུར་བཙུགས་རེད། །བོད་མི་མང་བསད་བསད་གྲངས་མེད་རེད། །ཁྲག་དམར་པོ་རྒྱ་མཚོ་འཁྱིལ་འཁྱིལ་རེད། །ཤ་རུས་ལ་ཐིམ་པའི་དགྲ་ཤ་དེ། །དུས་ནམ་ཞིག་ཨེ་ལོན་བསམ་ནས་ཡོད། །སེམས་གནག་པའི་ལས་ངན་བྱས་བྱས་དེ། །ད་དགྲ་ངན་རྒྱ་ལ་འཁོར་ལེ་བདའ། །ང་གངས་ཕྲུག་ཉི་མ་ད་རིང་ལས། །སེམས་སྐྱིད་མོ་འདི་འདྲ་མ་བྱུང་ཐལ། །བདུད་དམར་པོ་རྒྱ་གཞུང་ལོག་པར་ཤོག །རྒྱ་དམར་པོ་སྲིད་གཞཱུང་ཐོར་བར་ཤོག །ད་ལས་ངན་རང་མགོར་སྨིན་པར་ཤོག །ཁོ་གུང་ཁྲན་རྩ་མེད་ཆགས་པར་ཤོག །
གལ་ཏེ་གུང་ཁྲན་དམར་ཤོག་ཕམ་པར་བརྒྱབ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཀྱང་མི་རིགས་ཆེན་མོའི་རིང་ལུགས་ཀྱི་འཆིང་ཐག་ལས་ད་དུང་གྲོལ་མེད་པས་བོད་ལ་བདེ་སྐྱིད་ཞིག་འབྱུང་སྲིད་དམ་ཞེས་པའི་དྲི་བ་ཞིག་རང་བཞིན་གྱི་ཡོང་གི་འདུག། ལར་ནས་དམངས་གཙོ་ལ་གོམས་འདྲིས་ཅུང་ཟད་ཀྱང་མེད་པས་དམངས་གཙོ་ལོངས་སུ་སྤྱོད་རྒྱུར་ད་དུང་ལམ་ཐག་རིང་པོ་བསྡད་ཡོད་པ་རེད། སྔ་འདང་དང་ཕྱི་འདང་ལ་བསམ་བློ་མ་བཏང་རང་བཏང་རེེད།
བསམ་པ་གཞན་ལ་ངན་ན། སྦྱོར་བ་རང་ལ་རྩུབ། ཞེས་པ་ལྟར། གཞན་ལ་མི་འདོད་པ་འོང་ན་ནམ་ཡང་རྗེས་སུ་ཡི་རང་མི་བྱའོ། ། འོན་ཀྱང་དྲང་བདེན་རྒྱལ་ལ་འཁྱོག་པོ་ཕམ་པར་གྱུར་ཅིག །
བཙུགས་ཤིག་བཙུགས་ཤིག་གསར་པའི་ཀྲུང་གོ་དེ།།
དེ་ནས་ང་ཚོ་མཉམ་གནས་མང་གཙོ་དགའ་ལ་རོལ།།
འཛམ་གླིང་གང་དུའང་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།།
ད་དམར་ཕྱོགས་ཀླ་ཀློ་ཉམས་པའི་སྔ་ལྟས་འདི་ན་འདའ།།
ད་དཀར་ཕྱོགས་རྒྱལ་བའི་མཚན་རྟགས་འདི་ན་འདའ།།
ད་སྨོན་ཤོག་རྩམ་པས་བསྒྲུབས་པའི་གང་ཟག་རྣམས།།
ད་བདེན་ཉིད་རྣམ་རྒྱལ་བསྟན་སྲིད་དར་བའི་ཆེད།།
དཀོན་མཆོག་རིན་ཆེན་གསུམ་གྱི་རྩ་བ་དེ།།
ལས་དང་འབྲས་བུ་འབྲལ་མེད་ཆོས་ཉིད་སྟོན།།
ལས་ངན་བྱས་ཚེ་ནམ་ཞིག་དེ་ཡིས་མནར།།
བྱས་པས་ཟིན་ཚེ་དེ་ནས་ཐར་བ་དཀའ།།
བདེན་པ་ཉིད་རྒྱལ་གྱུར་ཅིག། བོད་རྒྱལ་གྱུར་ཅིག། རྒྱ་མི་རིགས་བདེན་པ་རྒྱལ་གྱུར་ཅིག།།
རྒྱ་ནག་མི་མང་མང་ཤོས་དམངས་གཙོ་ལ་དགའ་བོ་ཡོད་ཀྱང་མཐོ་གྲས་ཚོས་ཐོག་ནས་བཟུང་བསྡད་པས་རེད་་་་ད་ཡིན་ན་འཛིན་ཐུབ་མིན་ལ་ལྟོས་དང་་་་ཉིན་ཞིག་མགོ་ཐོག་ཏུ་ཆག་སྒོ་བསམ་ཡུལ་ལས་འདས་པ་ཞིག་ཡོང་ཁོ་ཐག་རེད་་
དམངས་གཙོ་ལ་དགའ་བ། རང་དབང་ལ་དགའ་བ། རིག་གཞུང་ལ་དགའ་བ། འཁོར་ཡུག་བཟང་པོ་ལ་དགའ་བ། ཆེ་མཐོང་ལ་དགའ་བ། ཡ་རབས་ལ་དགའ་བའི་རྒྱ་མི་རིགས་ཚང་མ་ད་གཉིད་སད་རན་གདའ། མིག་གདངས་རན་གདའ། སྐད་རྒྱབ་རན་གདའ། ཐོབ་ཐང་རྩོད་རན་གདའ། རན་པའི་མ་ཚད་ཕྱི་དྲགས་གདའ།
ད་ངོ་མ་གཏམ་བཟང་རེད། ཀི་ཀི་སྭ་སྭ་ལྷ་རྒྱལ་ལོ། བོད་རྒྱལ་ལོ། དམངས་གཙོ་རྒྱལ་ལོ། རང་དབང་རྒྱལ་ལོ། དྲང་བདེན་རྒྱལ་ལོ།
རྫུན་མ་རྐུབ་བརྡོལ། དམར་ཤོག་མགོ་ལོག རྒྱ་དཔོན་ཤི་དུར། རྒྱ་དམག་ནང་འཁྲུགས།
ཧ་ཧ་ཧ་ཧ་་་་་་་་རི་བོ་ཧི་མ་ལ་ཡི་རྩེ་ནས་གངས་རིའི་རྒྱལ་དར་འཕྱར་ནས་རྒྱལ་གླུ་དབྱངས་སུ་གྱེར་བཞིན་ལོག་འགྲོ། བྱེས་བཞུགས་སྤུན་ཟླ་ཚོ། མགྱོགས་པོ་ལོག་གྲབ་བྱོས།
ཧཧཧཧཧཧཧཧ་་་་་ད་ཡིན་ནི་་་དྲང་བདེན་མིན་པའི་ལམ་ལུགས་སུ་བསྐྱེད་བཞིན་པའི་དབང་འཛིན་པས་མྱོང་བའི་དུས་ཞིག་ཤར་ལ་ཉེར།
ང་ཚོ་ལ་མཚོན་ན་ཡག་རྟགས་རེད་། ཡིན་ཡང་སེམས་གི་སྐད་ཆ་དམར་དམར་རོ་བྱེད་ན་གུང་ཁྲན་དམར་པོ་ཟེར་བ་དེ་ཕལ་ཆེར་སྦལ་བ་དོང་ནང་ནས་བསམ་པ་ནམ་མཁའི་སྟོད་ཟེར་བ་ལས་ཡིན་འདོད་གི།
གང་ཡིན་ཟེར་ན་ང་ཚོ་འདས་བའི་རྒྱ་ནག་ནང་གི་ཆབ་སྲིད་གི་གནས་སྟངས་དང་དྲག་གནོན་གི་ཐབས་བཅས་སོགས་ལ་བལྟས་ཡོངས་དུས་དྲ་རྒྱུས་རྒྱུ་ལམ་ཞིག་ནས་དེ་ལྟར་ཟེར་བ་ལ་ཧང་སངས་དགོ་དོན་མི་འདུག། ཡིན་ན་ཡང་དམར་བོ་གཞུང་ལ་འགྱུར་བ་ཞིག་གང་མགྱོགས་ངང་ཐེབས་ཀྱི་ཡིན་པ་དེ་གསལ་བོ་རེད། གང་ཡིན་ཟེར་ད་ལྟ་དམར་བོ་གཞུང་ལ་ཉེན་ཚབས་ཆེ་ཤོས་ནི་དབུལ་ཕྱུག་གི་ཁྱད་པར་དང་མི་རབས་གསར་རྙིང་རྒྱུ་རྐྱེན་ད་དུང་ལས་མེད་ཀྱི་གནད་དོན་སོགས་ཀྱི་འགུལ་སྐྱོད་ཞིག་ཡོངས་རྒྱུ་ཡིན་པ་དེ་གསལ་བོ་རེད་། ཡིན་ཡང་ང་ཚོས་བསམ་བློ་ངེས་བར་ཏུ་གཏོང་དགོས་བ་ཞིག་ནི་གལ་སྲིད་རྒྱ་ནག་ནང་དུ་འགྱུར་བ་ཞིག་ཐེབས་པའི་དབང་དུ་བཏང་ཡང་སྐབས་དེ་དུས་ང་ཚོ་ངོ་བོ་ག་འདྲ་ཞིག་གིས་ཐོག་ནས་རང་ས་ཕྱིར་ལེན་གི་ཡིན་པ་། བཙན་བྱོལ་གཞུང་ཡིན་ན་ཡང་འདྲ་ཚོགས་པ་འདྲ་མིན་འམ་ཡང་ན་གང་ཟག་སྒེར་སུ་ཡིན་ཡང་རྒྱ་གར་ནས་རྒྱུན་རིང་བོ་སྡོད་རྒྱུའི་འཆར་གཞི་རྐྱང་རྐྱང་མ་འཐེན་པར་གལ་སྲིད་དམར་བོ་གཞུང་དེ་བློ་བུར་དུ་འགྱུར་བ་འདྲ་ཐེབས་ན་ག་རེ་བྱས་རྒྱུ་ཡིན་ལ་ཆུ་མ་སླེབས་གོང་གི་རག་གི་དཔེ་ལྟར་་འཆར་གཞི་ཞིག་ཡོད་ན་ལེགས་བསམ། ང་ཚོ་བོད་པ་ཚོས་ག་དས་ཡིན་ཡང་གཞན་དག་དག་ལ་རེ་བ་མ་བཅོལ་བར་རང་ངེས་ག་རེ་ཡིན་ཡང་རང་ཉིད་ནས་མགོ་བཙུག་ནས་བཅས་ན་མ་གཏོགས་གལ་སྲིད་ཉི་མ་གཅིག་ང་ཚོ་གཞིས་བྱས་ལྷན་ཏུ་འཛོམས་ཡང་ད་ལྟའི་འདི་འདྲ་བྱས་ན་ཡང་ང་ཚོས་རྗེས་སུ་ལུས་མི་སྲིད་པ་མ་རེད་བསམ།
ཤེས་ལྡན་རང་རིགས་གངས་ཅན་པའི་དྲྭ་གྲོགས་ཚོའི་སྙན་ལམ་ཟབ་མོར། ང་ཚོ་ནི་འཛམ་གླིང་མཐོ་སྒང་གི་བོད་པ་ཞེས་རྒྱ་དཀར་ནག་གང་གི་ཀྱང་ཁོངས་སུ་མ་གཏོགས་པའི་དཔལ་ཡོན་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ཡིན་པར་སྨོས་མེད་ཡིན། ད་ལྟའི་དུས་འདིར་རྒྱ་ནག་པོས་ཁྲིམས་མཐུན་མ་ཡིན་པའི་སྡུག་གྱོང་བླ་མེད་དུ་བཏང་དང་གཏོང་བཞིན་པའི་གནས་སྟངས་ལ་སོང་། མ་འོངས་གལ་ཏེ་རྒྱ་ནག་ལ་དམངས་གཙོ་ཞིག་ཐོབ་ངེས་ནའང་ང་ཚོ་བོད་པ་རྣམས་གཏན་གཏན་རང་བཙན་གྱི་རྣམ་པ་ཚུལ་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་ངོ་བོར་གནས་དགོས་པ་ལས་ད་དུང་ཡང་རྒྱ་ནག་དམངས་གཙོའི་འོག་མུ་མཐུད་གནས་མི་དགོས་པའི་དམ་བཅའ་བརྟན་པོར་བཟུང་སྟེ་ད་ལྟ་ནས་གཞི་རིམ་ལྡན་པའི་རང་བཙན་སྟེང་སྐྱོད་ཐུབ་ན་མི་ལེགས་སམ། དེ་མིན་རྒྱ་ནག་དམངས་གཙོ་ཆགས་པ་ཙམ་གྱི་བོད་ལ་བདེ་སྐྱིད་ཡོང་བར་སྟོང་སེམས་འཆང་བ་ནི་བོད་རེ་བས་འཕུང་པ་བཞིན་སླར་ཡང་མ་ཡིན་ནམ། དཔེར་ན། རུ་སུ་དམར་ཤོག་ཁ་ཐོར་རུ་ཕྱིན་ཏེ་དམངས་གཙོའི་
སྟེང་འགྲོ་བཞིན་ཡོད་ཀྱང་ཅེ་ཅེ་ནི་ཡ་ད་དུང་ཡང་བརྩོད་གླེང་ངང་གནས་ཡོད་པ་ཡིན་པས་དེ་ཚོ་ལ་དཔེ་ལེན་བྱས་ནས་མ་འོངས་མདུན་ལྗོངས་ལ་བསམ་བློ་ཞིག་ངེས་པར་གཏོང་དགོས།
གུང་ཁྲན་ཏང་མགོ་རྟིང་མ་སློག་གོང་། །
གུང་ཁྲན་རྒན་ཡོལ་ཕེབས་ན་ལེགས། །
གུང་ཁྲན་རྒྱ་ཞུང་འཚམས་བཞག་ནས། །
མང་གཙོ་ཡར་རྒྱས་རྩེར་སོན་ཤོག །
བཟང་རྟགས་རེད། ད་དམར་གཞུང་ལ་དངོས་གནས་འཆི་ལྟས་ཚང་བ་རེད།
ཕྱི་ནང་གཉིས་ཀ་ནས་བཙིར་འོངས་བའི་དམར་ཤོགས་ཚོགས་པ་མགོ་རྟིང་མི་རིང་བར་སློགས་རྒྱུ་རེད།
དམར་ཕྱོགས་ཕམ་རྒྱག་གི་འབོད་ཚིག་སྙན་མོ།།
དཔྱིད་དཔལ་བུ་མོ་དང་འགྲོགས་ནས་སླེབས་སོང་།།
རང་དབང་དབྱར་གཞུང་གི་བདེ་སྐྱིད་མེ་ཏོག།
རང་མིན་འཆར་ངེས་པའི་མཚོན་རྟགས་འདི་རེད།།
ཆོལ་གསུམ་སྤུན་རྣམས་མདུན་བསྐྱོད་ཀྱིས་དང་།།
དམར་གཞུང་འཐོར་བ་ལ་ཡུ་རིང་མི་འགོར།།
གུང་ཁྲན་ཏང་མགོ་རྟིང་སློགས
ཀྲུང་གོ་གསར་བ་འཛུགས་སྐྲུན་བྱེད
རེད་ཡ། འབོད་ཚིག་ངར་བ་བསྒྲགས་ཡོད་ཀི
སྔ་ཕྱི་མ་གཏོགས་དམར་ཤོག་དེ་ཕམ་པར་རྒྱོབ་ངེས་ཡིན། གནས་ཚུལ་དེ་རིམ་པས་མའོ་ཡིས་བཤད་པ་ལྟར་མེ་སྟག་ཆུང་ངུས་སྤང་ལྗོངས་བསྲེག་ཐུབ་ཅེས་པ་ལྟར་དམར་ཤོག་ཕམ་རྒྱག་གི་འབོད་འཚིག་འདིའི་འོག།
རྒྱ་ནག་ཡང་དག་པའི་དམངས་གཙོའི་སྟེང་རྒྱལ་ཁབ་གསར་པ་གཅིག་འགོ་འཛུགས་བྱ་རྒྱུའི་སྐྱ་རེངས་ཤར་འགོ་ཚུགས་པའི་མངོན་རྟགས་ཤིག་ཡིན།
འདི་ནི་བཀྲིས་པའི་རྟགས་མཚན་བཟང་པོ་ཞིག་རེད། འཛམ་གླིང་མི་དམངས་ཚང་མས་དམར་ཤོག་ཕམ་པར་རྒྱོབས། ཤུགས་རྒྱོབས།།