མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ལྷ་མེ་ཏོག་གི་གསར་བརྗེ་ཇི་ལྟར་འབྱུང་ཐུབ་ཀྱི་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་མེད་ཚེ་རིང་།

ཨ་རབ་ཀྱི་དཔྱིད་ཀའི་སྣང་ཚུལ་གླེང་ཚེ་བོད་མི་རྣམས་ཀྱིས་ཕྱིར་བཀྱེད་བྱེད་རྒྱུ་ཡིན་པའི་ཚོར་བ་ང་ལ་སྔ་ས་ནས་བྱུང་སོང་། གང་ཡིན་ཟེར་ན། བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་དང་བོད་མིའི་སེམས་ཁམས་སུ་གང་ཡོད་པའི་ཟུར་སྣེ་རེ་ཟུང་ལ་འཇུས་ཏེ་འཁང་ར་བྱེད་པ་ལས། བོད་ཀྱི་སྤྱི་ཚོགས་དང་བོད་མིའི་སེམས་ཁམས་སུ་འགྱུར་བ་གཏོང་དགོས་ངེས་ཀྱི་ཚོར་བ་ཙམ་ཡང་སྤྲོད་ཐུབ་ཀྱི་མེད།

“རང་སྲིད་རང་སྐྱོང་ལ་ངེས་ཤེས་ལྡན་པའི་མི་རྣམས་ཀྱིས་མི་སྒེར་གྱི་འཚོ་གནས་ཐབས་ལམ་བསྐྲུན་ཚུལ་དང་། ཆེན་པོ་བྱས་ན་རང་བཙན་དང་མི་རིགས་རང་སྐྱོང་ལ་ངེས་ཤེས་ལྡན་པར་འཇུག་ཐུབ་”པའི་བསམ་ཚུལ་དེ་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་དང་། ཐ་ན་དཀྱིལ་ཤར་ཨེ་ཤ་ཡའི་ནང་དུའང་ཕལ་ཆེ་བར་དགོས་མཁོ་མེད་པ་རེད།  དེའི་རྐྱེན་གྱིས་ང་ཚོའི་སྤྱི་ཚོགས་སུ་ཚེ་སྲོག་གཅིག་གིས་སྣེ་ཁྲིད་པའི་གངས་ལྷ་མེ་ཏོག་གི་གསར་བརྗེ་མ་བྱུང་བའི་རྒྱུ་མཚན་འདྲེན་རྒྱུ་ནི་ཕྱིར་བོད་ཀྱི་སྤྱི་ཚོགས་ལ་འཁང་ར་བྱེད་རྒྱུའི་ཆེད་དུ་ཡིན་མི་སྲིད།  ཅིའི་ཕྱིར་གངས་ལྷ་མེ་ཏོག་གི་གསར་བརྗེ་མ་བྱུང་བའི་འགན་འཁུར་དེ་བོད་ཀྱི་སྤྱི་ཚོགས་དང་། ཆོས་ལུགས། གོམས་སྲོལ་སོགས་གང་ལའང་མེད་པར་ང་ཚོ་རང་ཉིད་ལ་ཡོད་པ་ཡིན། གནས་ལུགས་འདི་ཧ་ཅང་ལས་སླ་བོ་ཡིན་ཏེ། གལ་སྲིད་དེ་ལྟ་བུའི་གེགས་རྐྱེན་ཞིག་ཡོད་པ་ཡིན་ན་བོད་མི་ཡོངས་ཀྱིས་རྒྱབ་ནས་གཡུག་བཞག་པའི་གདོན་མའི་པགས་རྩག་ལ་བཅངས་བའི་འདུ་ཤེས་དང་། ཆོས་ལུགས་དང་གོམས་སྲོལ་གྱི་འདུ་ཤེས་བར་མ་འདྲ་བ་ཅི་ཞིག་ཡོད་དམ། འདི་ལྟ་བུའི་གནས་ལུགས་འགལ་ཟླར་ཚོར་ཚེ་ང་ཚོས་མི་སྒེར་གྱི་གསར་བརྗེ་ཕྲན་བུའི་རིགས་ཀྱང་ཡོང་ཐབས་མེད་པ་ངོས་ལེན་བྱེད་དགོས།  དེ་ནི་ཧ་ཅང་བློ་ཆུང་ཞིག་མ་རེད་དམ།

གནད་དོན་གཞན་ཞིག་ནི་ང་ཚོས་མེར་བསྲེགས་གནང་མཁན་གྱི་ཚེ་སྲོག་གི་ནུས་པའི་ཐད་གླེང་སློང་བྱེད་ཀྱི་ཡོད། ལས་འགུལ་གྱིས་ནུས་པ་ཐོན་དཀའ་བའི་གནད་དོན་གླེང་བ་དེ་ཡིས་མེར་བསྲེགས་གནང་མཁན་གྱི་ཚེ་སྲོག་ལ་ནུས་པ་མེད་པར་བརྗོད་ཀྱི་ཡོད་པ་སུས་ཀྱང་ངོས་འཛིན་བྱེད་མི་ཐུབ། ནུས་པ་མེད་པའི་ལས་འགུལ་ཞིག་ཡོད་སྲིད་དམ། འོན་ཀྱང་། ནུས་པ་ཐོན་དང་མ་ཐོན་པའི་བསྡུར་ཚད་ཀྱི་ཚད་གཞི་ནི་ངས་བོད་མིའི་སེམས་ཤུགས་སྤར་བ་ཙམ་དང་ཕྱི་ཕྱོགས་ཀྱི་གླེང་སློང་ཙམ་གྱི་ངོར་འཇོག་འདོད་མེད་ཅིང་། དེས་གནད་དོན་གྱི་ངོ་བོ་སྟོན་པའམ་རྩ་བ་དང་ཉེ་བར་བཅར་གྱིན་པའི་སྣང་ཚུལ་སྟོན་ཐབས་མེད། འདི་ལྟ་བུའི་འཕེལ་ཕྱོགས་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཀྱང་མིན་པ་འདྲ། སེམས་ཤུགས་སྤར་ཏེ་འུར་གྱིས་ཞོགས་ཡོང་པའི་ལས་འགུལ་གྱི་ཚ་རླབས་ཤིག་ཡོད་པ་ཡིན་ནའང་། དེ་ཡིས་”བོད་ཀྱི་གནད་དོན་”གསལ་འདོན་བྱེད་རྒྱུ་ཕལ་ཆེར་ཁག་པོ་ཡིན།  གང་ཡིན་ཟེར་ན་ལས་འགུལ་འདི་ལྟ་བུའི་ཁྲོད་དུ་”ཁོ་ཚོས་སྐད་འབོད་བྱེད་ཀྱི་འདུག  ང་ཡང་སོང་བ་ཡིན་”ལྟ་བུའི་སྐད་ཆ་ཡོང་སྲིད། སྐད་ཆ་འདིས་ཅི་ཞིག་མཚོན་ཐུབ་བམ། ངས་བསམ་ན་འདིས་ནི་ལས་འགུལ་དེ་རང་དོན་དང་འབྲེལ་བ་ཆགས་མ་ཐུབ་པ་མཚོན་ཡོད།

རྒྱབ་དཔུང་གི་ལས་འགུལ་ཧ་ཅང་ཉུང་བའམ་ཐ་ན་ཡོད་པ་ཙམ་གྱི་ང་ཚོའི་རྒྱལ་གཅེས་དཔའ་བོ་སུམ་ཅུ་སོ་གྲངས་ཀྱིས་རྒྱལ་སྤྱིའི་སྟེང་བོད་ལ་སྙིང་རྗེ་བྱེད་མཁན་དང་གདུང་སེམས་མཉམ་བསྐྱེད་བྱེད་མཁན་གྱི་གྲངས་ཀ་མཐོ་ཚད་ཅིག་ཏུ་བསྐྱལ་བའི་རྒྱལ་ཁ་ཐོབ་ཡོད་ནའང་།  ང་ཚོར་ཆབ་སྲིད་ཀྱི་སྟེང་ནས་རོགས་པ་བྱེད་མཁན་ཧ་ཅང་ཉུང་བ་དང་ཐ་ན་མེད་པ་རེད། འདི་ལྟ་བུའི་སྐབས་སུ་ངས་རྒྱ་གར་གྱི་རང་བཙན་འཐབ་རྩོད་ཀྱི་དབུ་ཁྲིད་ཨཅརྱ་ཀིར་པ་ལ་ནིས་སྐད་ཆ་ཞིག་སྟེ་”བོད་མི་ཚོས་རྒྱ་གར་གཞུང་གིས་བོད་རང་བཙན་གྱི་དོན་དུ་ལས་དོན་བྱེད་ཀྱི་རེད་བསམ་ཡོད་ན། དེ་ནི་ནོར་འཁྲུལ་རེད།”ཅེས་པ་བླ་ན་མེད་པའི་སློབ་སྟོན་དུ་དྲན་ཞིང་། རྒྱལ་ཁབ་གང་གིས་ཀྱང་བོད་ཀྱི་ཆེད་དུ་ཆབ་སྲིད་ཀྱི་ལས་དོན་བྱེད་མི་ཐུབ་པའི་རྒྱུ་མཚན་རྙེད་ཀྱི་འདུག དེས་རྐྱེན་གྱིས་རང་ལུས་མེར་བསྲེགས་ཀྱི་ནུས་པ་ཐོན་པ་དགོས་ཚེ། བོད་མི་བྱིངས་ངེས་ཤེས་ལྡན་པའི་རྒྱབ་དཔུང་གི་རྦ་རླབས་མེད་ཐབས་མེད་ཅིང་། “ཁོ་ཚོས་སྐད་འབོད་བྱེད་ཀྱི་འདུག  ང་ཡང་སོང་བ་ཡིན་”ལྟ་བུའི་བསམ་ཚུལ་རང་དོན་ཡིད་བྱེད་ཀྱིས་བཟློག་ཐུབ་དགོས་པ་རེད། བསམ་ཚུལ་འདི་དོར་བའི་བོད་ཀྱིས་ད་གཟོད་ཚེ་སྲོག་གཅིག་གིས་སྣེ་ཁྲིད་པའི་གངས་ལྷ་མེ་ཏོག་གི་གསར་བརྗེ་བསུ་ཐུབ་པ་དང་། ལས་འགུལ་ལ་སྒེར་བའི་སྣང་ཚུལ་དང་ཡ་བྲལ་གྱི་རྣམ་པ་དེའང་འཇའ་བཞིན་ཡལ་རྒྱུ་རེད།  

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༣ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༤ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 8

  1. ནད་པ says:
    ལོ་ 14 སྔོན།

    རས་པ་དང་ཟླ་བསོད་གཉིས་རྩོད་པ་མ་རྒྱག་མི་དགོས།

    གསར་བརྗེ་བྱེད་པར་ལས་པོ་མེད། ལྕོག་ཙེའི་སྟེང་དུ་ང་ཚོས་ཚལ་ཁ་ཤས་ཤིག་བསྒྲིགས་ཏེ་ཚང་མ་མཉམ་དུ་ཟས་ལ་ཞིབམ་ཞིམ་མངར་མངར་ལྟར་རོལ་ཐུབ་པ་ལྟ་བུ་ཞིག་མིན།

    གསར་བརྗེ་བྱེད་པར་ང་ཚོས་་་་་་་་་་་་་་ཞེས་བློ་མཐུན་མའོ་ཙེ་ཏུང་སྐུ་ངོ་མས་གསར་བརྗེའི་སྐོར་ལ་བཀའ་སློབ་གནང་བའི་གསུང་བཤད་དེ་ཚོར་གཅིག་མར་ཀློགས་ཤིག དེ་ནས་གསར་བརྗེ་ཟེར་ན་གང་ཡིན་པ་དེ་རགས་ཙམ་ཞིག་བློ་ཡུལ་འཆར་ཐུབ།

    Reply
  2. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    བསམ་བློ་བཏང་སྐད་ཆ་དྲང་མོ་བཤད་ན་ཡག་གི་རེད། བློའི་འཁྱེར་སོ་མ་འདྲ་བའི་སྐྱོན་གྱིས་ཡ་ལན་རེ་སྤྲད་བཏང་ན་མང་གཙོའི་ལམ་ལུགས་གང་ལ་འགལ་སོང་བ་རེད། དཔྱད་བརྗོད་པའི་བལྟ་ཚུལ་ལ་མཐོང་ཆེན་མ་བྱས་བའི་ཆད་སྐྱོན་ཨེ་རེད།
    བོད་མི་མང་ལ་ཨ་རབ་ཀྱི་དཔྱིད་དོན་གླེང་ཚེ་རྔ་མ་མགོ་ལ་བརྩེངས་ནས་འགྲོ་རྒྱུ་ཡིན་ལུགས། དཔྱད་བརྗོད་པའི་སྔ་ས་ནས་ཚོར་འདུག་ན། བོད་སྤྱི་ཚོགས་ཀྱི་མཐའ་དང་སྣེ་ནས་འཐེན་མཁན་རྩོམ་པ་པོ་དེ་དག་གི་སྐེ་ལ་ངན་ཁག་དཀྲི་དོན་རང་ཉིད་ལ་ཆེ་མཐོང་སྤྲད་པ་འདྲ་ཞིག་མི་འདུག་གམ། བསམ་ཚུལ་འདི་ལྟར་བཤད་ནས་ཕུད་དེད་ན་དཔྱད་བརྗོད་པ་འཇིགས་ཚེའི་བློའི་འབབ་སྟེགས་བོད་མི་མང་གི་གནས་བབས་དང་རིང་དུ་གྱེས་སོང་བ་མ་རེད་དམ།
    སྣང་བ་ལ་གང་དྲན་བཤད་ན་སྙན་པོ་འདྲ་ཡོད་བ་རེད། གངས་ལྷ་མེ་ཏོག་གི་གསར་བརྗེ། བོད་སྤྱི་བའི་དོན་འདི་བཙན་རྒོལ་རྒྱལ་སྐྱོབས་ཀྱི་ལས་དོན་ཞིག་ལས་གསར་བ་གང་དེ་དར་མ་ཐུབ་ནས་ལྷག་བསྡད་ཡོད་བ་རེད། བོད་མང་ཚོགས་ཀྱིས་ནུས་ཚོད་ཀྱིས་འགུལ་བསྐྱོད་བྱས་དང་བྱེད་བཞིན་ཆེས་ཛ་དྲགས་དུ་འབོད་པའི་གནས་སྟངས་འདི་བསྐྲུན་ཡོད་པ་མིན་ནམ།

    Reply
  3. རས་པ། says:
    ལོ་ 14 སྔོན།

    སྐུ་ཞབས་ཟླ་བ་བསོད་ནམས་ལགས། དམངས་གཙོའི་སྤྱི་ཚོགས་ནང་ཁྱོད་རང་ཉིད་ཀྱི་བསམ་ཚོགས་དང་མ་མཐུན་པ་ཐ་དག་རྡོག་རོལ་དང་། ཡང་ན་བོད་དོན་དང་རིང་དུ་གྱེས་པར་ངོས་འཛིན་བྱེད་མི་རུང་།

    Reply
  4. རས་པ། says:
    ལོ་ 14 སྔོན།

    སྐུ་ཞབས་ nantaigyal ལགས། རས་པ་དང་འཇིགས་ཚེ་མི་གཅིག་རེད། སྐུ་ཞབས་རྟུལ་ཕོད་ལགས་མི་གཞན་ཞིག་རེད།
    རང་འགུལ་གྱིས་རྒྱབ་དཔུང་དུ་ཡོང་བ་དང་སྐུལ་མ་བྱས་ཏེ་ཡོང་བ་ལ་སྟོབས་ཤུགས་ཐད་ཁྱད་པར་ཡོང་གི་རེད། སེམས་ཤུགས་སྤར་ཏེ་འོང་པ་དང་སེམས་ཤུགས་འཕར་ཏེ་འོང་པ་ལའང་ཁྱད་པར་ཡོད་པ་རེད། དེ་ང་རང་ཚོས་རང་མྱོང་བཤད་ན་བྱེད་འདོད་ཡོད་པའི་ལས་ཀ་ཞིག་དང་། མ་བྱས་ན་ཕྱོགས་མང་པོ་ནས་མ་འགྲིག་པའི་ཚོར་བ་ཡོང་བའི་སྣང་ཚུལ་ལྟ་བུ་དེ་གཉིས་རེད།
    འདིའི་དཔེར་མཚོན་རྡ་སར་མང་པོ་ཡོད། མེག་ལོར་རླངས་འཁོར་འབབ་ཚིགས་སུ་མར་མེ་ཁྲོམ་སྐོར་གོ་སྒྲིག་བྱེད་སྐབས་སྣང་ཚུལ་འདི་མང་པོ་མཐོང་རྒྱུ་ཡོད།
    ཧོབ་སྟེ་གོ་སྒྲིག་མཁན་དང་གདོང་ཐུག་ཚེ་མ་འདོད་བཞིན་དུ་ཁྲོམ་སྐོར་བྱེད་པ་དང་། སྔ་ས་ནས་ཤེས་ཚེ་གཡོལ་ནས་འགྲོ་མཁན་མང་པོ་མ་རེད་དམ། འདི་དངོས་ཡོད་གནས་ཚུལ་རེད། དེའི་རྐྱེན་གྱིས་རང་སྲིད་རང་སྐྱོང་གི་གོ་དོན་ལ་ངེས་ཤེས་ལྡན་པ་དང་རང་དོན་དང་ཉེ་བར་འབྲེལ་བ་འཛུགས་ཐུབ་དགོས་པ་རེད། ངས་བསམ་ན་འདི་ཡིས་ད་གཟོད་རྒྱབ་དཔུང་གི་ནུས་པ་ཐོན་པ་བྱེད་ཐུབ་ཀྱི་རེད།

    Reply
  5. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    སྤྱི་དོན་ལ་བསམ་གཞིགས་བྱེད་སྟངས་མ་འདྲ་བའི་ཆ་ནས་མང་མང་གི་ཕྲག་ལ་བཙན་བཙུགས་ཀྱིས་རྩོམ་བྱང་འདི། སྙིང་རྗེ་མོ་དེ་རེད་དམ། ཐོག་མ་ནས་རྩོམ་པ་པོ་རང་ཉིད་བོད་མི་མང་གི་གནས་བབས་དང་འདོད་བློ། འགུལ་བསྐྱོད་གང་ཐད་ནས་མཐའ་རིང་དུ་གྱེས་འདུག་ལ། ལྷག་ཏུ་ཁོང་རང་ཉིད་ཀྱི་བསམ་ཕྱོགས་ཁོ་ན་གལ་ཆེན་ལ་བལྟས་སོང་བས་ཇི་ལྟར་བོད་མིའི་སེམས་ཁམས་ལ་འགྱུར་བ་གཏོང་རྒྱུ་ཡིན་ནམ།

    Reply
  6. nantaigyal says:
    ལོ་ 14 སྔོན།

    སྐུ་ཞབས་རས་པ་ཡང་ན་རྟུལ་ཕོད། ཡང་ན་འཇིགས་ཚེ་ལགས། རྒྱབ་དཔུང་གི་ནུས་པ་ཞེས་པ་རྒྱལ་སྤྱིའི་གླེང་སློང་དང་བོད་མི་ནང་ཁུལ་ལ་སེམས་ཤུགས་སྤར་ནས་སྡེབ་ལངས་བྱེད་རྒྱུ་ལས་གཞན་རྒྱབ་དཔུང་གི་ནུས་པ་ཇི་ལྟར་ཡོད་དགོས་པ་རེད། སེམས་གཏིང་ནས་མ ཤེས་པར་དྲིས་པ་ཡིན། ངས་ནི་བསམ་བློ་ཇི་ལྟར་བཏང་ནའང་མེར་སྲེག་ལ་ནུས་པ་འདི་གཉིས་ལས་གཞན་ཞྀག་ཡོང་ཐབས་མེད་པ་འདྲ། ཁྱོད་ཀྱིས་རིག་གཞུང་གི་སེམས་ཁམས་དང་གྲོང་ཁྱེར་ཡིན་མིན་སོགས་ཁ་ཤས་བཤད་པ་དེའང་བདེན་ཤོས་ཆེ་ནའང་ཟུར་ཟམ་རེད། དོན་དངོས་ནི་བོད་མི་ཚང་མར་སེམས་ཤུགས་སྤར་རྒྱུ་དང་རྒྱལ་ཕྱི་ནས་གླེང་ཆེར་གནང་རྒྱུ་ལས་གཞན་དུ་མེད་པ་འདྲ།

    Reply
  7. རས་པ། says:
    ལོ་ 14 སྔོན།

    སྐུ་ཞབས་ nantaigyal ལགས་གུས་པས་རང་ལུས་མེར་བསྲེགས་གཏོང་མཁན་ལ་རྒྱབ་དཔུང་གི་ནུས་པ་མེད་པ་ནི་ལས་འགུལ་ནུས་པ་ཐོན་པ་ཞིག་མ་བྱུང་བའི་རྒྱུ་མཚན་དང་། རྒྱབ་དཔུང་གི་ནུས་པ་ཇི་ལྟར་མ་ཐོན་པའི་ཐད་བསམ་ཚུལ་བཤད་ཀྱི་ཡོད། ལྷག་པར་ཏུ་རྩོམ་ཡིག་འདིར་གསལ་བོ་བཀོད་ཡོད་པ་བཞིན་” ནུས་པ་ཐོན་དང་མ་ཐོན་པའི་བསྡུར་ཚད་ཀྱི་ཚད་གཞི་ནི་ངས་བོད་མིའི་སེམས་ཤུགས་སྤར་བ་ཙམ་དང་ཕྱི་ཕྱོགས་ཀྱི་གླེང་སློང་ཙམ་གྱི་ངོར་འཇོག་འདོད་མེད་ཅིང་། དེས་གནད་དོན་གྱི་ངོ་བོ་སྟོན་པའམ་རྩ་བ་དང་ཉེ་བར་བཅར་གྱིན་པའི་སྣང་ཚུལ་སྟོན་ཐབས་མེད།”ཅེས་གླེང་གི་ཡོད། རྩོམ་ཡིག་འདི་ནི་གཤམ་གྱི་དྲ་ཐག་དག་དང་སྦྲེལ་ནས་གཟིགས་པ་ཡིན་ན་སྟབས་བདེ་བ་ཡོང་སྲིད། https://tibettimes.net/wordpress/news.php?cat=5&&id=5834
    https://tibettimes.net/wordpress/news.php?cat=5&&id=5909
    http://www.khabdha.org/?p=27560

    Reply
  8. nantaigyal says:
    ལོ་ 14 སྔོན།

    རྩོམ་ཡིག་གི་བརྗོད་དོན་རིལ་གྱིས་བསྡུས་ན”བོད་མི་བྱིངས་ངེས་ཤེས་ལྡན་པའི་རྒྱབ་དཔུང་གི་རྦ་རླབས་མེད་ཐབས་མེད་ཅིང་།”འདི་ཙམ་ལས་མེད་ཀྱང་། ཁྱེད་ལྟར་ན་རང་ཉིད་མེར་བསྲེགས་པ་དཔའ་བོ་སུམ་ཅུ་ལྷག་གོ་དེས་བོད་དོན་ལ་ཅི་ཡང་མི་འཐོན་ཏེ། ཁོང་དག་གིས་རང་སྲེག་བྱས་པ་ལས་གོ་རྟོགས་འཕེལ་མི་ནུས་པས་སོ། །ཡང་གཅིག་བཤད་ན”ཁོ་ཚོས་སྐད་འབོད་བྱེད་ཀྱི་འདུག ང་ཡང་སོང་བ་ཡིན་”འདི་འང་སྐྱིད་སྡུག་མཉམ་མྱོང་ཟེར་བའི་སྙིང་དོན་འཁྲུལ་མེད་རེད་སྙམ་མོ། སྐུ་ཞབས་འཇིགས་ཚེ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese