མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུའི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་།

བོད་ཀྱི་དུས་བབ།
༢༠༡༢/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་ཡེ་ཤུའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་ཡོད་པ་ལྟར། སྔོན་འགྲོའི་བགྲོ་གླེང་ཚོགས་འདུའི་ཐོག་བོད་དོན་དང་འབྲེལ་བའི་ཐད་གྲོས་ཆོད་ཁག་ཅིག་བཞག་ཡོད་འདུག  

ལོ་བཞི་རེའི་མཚམས་སུ་རྒྱ་གར་རྒྱལ་ཡོངས་ཡེ་ཤུའི་ལྷན་ཚོགས་ཀྱི་ཚོགས་ཆེན་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་གྱི་སྔོན་ལ་འཛམ་གླིང་གི་དཀའ་རྙོག་སེལ་ཐབས་སྐོར་གྱི་བརྗོད་གཞི་འདྲ་མིན་ཐོག་སྔོན་འགྲོའི་བགྲོ་གླེང་ཁག་ཅིག་ཚོགས་སྲོལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༣ བར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཌ་ཀ་(Karnataka)མངའ་སྡེ་རྒྱལ་ས་བྷང་ལོར་དུ། ༼འཛམ་གླིང་གི་དཀའ་རྙོག་སེལ་སླད་ཆོས་ལུགས་སྒྲིག་འཛུགས་ཁག་ནས་གདོང་ལེན་བྱ་ཕྱོགས༽ཞེས་པའི་བརྗོད་གཞིའི་ཐོག་སྔོན་འགྲོའི་བགྲོ་གླེང་ཚོགས་འདུ་བསྐངས་པ་དང་། རྒྱ་གར་རྒྱལ་ཡོངས་ཡེ་ཤུའི་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་བྷ་སའུ་མོ་ཐཱ་ལགས་ཀྱིས་མགྲོན་འབོད་གནང་བ་ལྟར། རྒྱ་གར་བྱང་ཤར་ས་ཁུལ་ཁག་གི་ས་བགོས་སྤྱི་འཐུས་ཀརྨ་ཡེ་ཤེས་དང་དབྱངས་ཅན་སྒྲོལ་དཀར་གཉིས་ཚོགས་འདུར་མཉམ་ཞུགས་བྱས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། བོད་ཀྱི་ཁོར་ཡུག་གི་གནད་དོན། བོད་ནང་རྒྱ་མི་མང་པོ་གནས་སྤོ་བྱས་ཏེ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བཞིན་པའི་ཉེན་ཁ་སོགས་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་སྙན་སྒྲོན་ཞུས་ཡོད་འདུག 

སྔོན་འགྲོའི་བགྲོ་གླེང་ཚོགས་འདུ་དེའི་སྟེང་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་། སྤྱི་ཚོགས་ཁྲིམས་ལྡན་འགན་གཙང་། དབུལ་ཕོངས་དཀའ་སེལ། འཛམ་གླིང་གི་དཀའ་རྙོག་སྣ་ཚོགས་ལ་གདོང་ལེན་བྱ་ཕྱོགས། བོད་མིའི་དཀའ་སྡུག་གནས་སྟངས་བཅས་བརྗོད་གཞི་ཁག་བདུན་གྱི་ཐོག  འཛམ་གླིང་གི་ལྟ་གྲུབ་འདྲ་མིན་གྱི་ཆོས་ལུགས་མི་སྣས་ཁུར་མཉམ་ལེན་བྱ་ཕྱོགས་ཐད་བགྲོ་གླེང་གོ་བསྡུར་གནང་མཐར། གྲོས་ཆོད་དོན་ཚན་ཁག་ ༣༠ ལྷག་སྤྱི་མོས་གཏན་འབེབས་བྱུང་ཡོད་པའི་ཁྲོད། བོད་མིའི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་ལམ་ནས་བོད་ཀྱི་གནད་དོན་སེལ་ཐབས་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང་། བོད་ཀྱི་ཁོར་ཡུག་ཉམས་ཉེས་ཀྱི་གནས་སྟངས། བོད་དང་ཤྲི་ལངྒ། སྤེ་ལེས་ཌ་ཡན་བཅས་ཀྱི་སྐྱབས་བཅོལ་བའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཐད་རྒྱབ་སྐྱོར་གནང་དགོས་པའི་སྐོར་གྱི་གྲོས་ཆོད་ཁག་ཅིག་ཀྱང་ཚུད་ཡོད་འདུག

ཕྱི་ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་རྒྱ་གར་རྒྱལ་ཡོངས་ཡེ་ཤུའི་ལྷན་ཚོགས་ཀྱི་དངོས་གཞིའི་ཚོགས་ཆེན་ཚོགས་ཡོད་པ་དང་། སྔོན་འགྲོའི་བགྲོ་གླེང་ཚོགས་འདུ་ཁག་གི་རྒྱབ་གཉེར་སྙན་ཐོ་རྣམས་སྤྱི་མོས་ངོས་ལེན་གནང་ཡོད་འདུག དེ་བཞིན། དངོས་གཞིའི་ཚོགས་ཆེན་ཐོག་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་ཟུར་ཉན་གྱི་ངོ་བོའི་ཐོག་ནས་མཉམ་ཞུགས་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༢༦ ནས་ ༢༧ ཉིན་ཚོགས་ཆུང་ཁག་བགོས་ཀྱིས་སྙན་ཐོ་སོ་སོའི་ཐོག་གྲོས་བསྡུར་སྐབས། ད་ལྟའི་བོད་ཀྱི་གནས་སྟངས་སྐོར་སླར་ཡང་ཚོགས་ཆུང་ནང་སྙན་སྒྲོན་ཞུས་ཡོད་འདུག 

ཕྱི་ཚེས་ ༢༨ ཉིན་རྒྱ་གར་རྒྱལ་ཡོངས་ཡེ་ཤུའི་ལྷན་ཚོགས་ཀྱི་ཚོགས་ཆེན་མཇུག་སྒྲིལ་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་ནས་ཡེ་ཤུའི་ཆོས་ཚོགས་འདྲ་མིན་གྱི་སྐུ་ཚབ་མི་སྣ་ ༥༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༢ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤

མཆན། 2

  1. རང་རྟོན། says:
    ལོ་ 14 སྔོན།

    འབག་ཕར་ལ་གཡོག་ཞེད་སྣང་ཚུར་ལ་བསྐུར་ཟེར་བའི་དཔེ་ལས་མ་འདས་སོ།བོད་ཕྲུག་སྣབས་ལུག་མང་བོ་ཞིག་སློབ་སྦྱོང་གི་ཁོར་ཡུག་ཙམ་ཡང་མཐོང་མ་མྱོང་བར་ལུས་འདུག་པར་བསམ་བློ་ཙམ་ཡང་མི་འཁོར་བའི་ཚོགས་སྡེ་ཚོས་དོན་ངོ་མས་ཅི་ཞིག་ལ་དམིགས་ཀྱིན་ཡོད་དམ།དྲ་གྲོགས་འཇམ་དབྱངས་ཀྱིས་སྐད་ཆ་དེ་ནི་སེམས་གཏམ་དམར་རྗེན་ཞིག་ཡིན་པས་བོད་མི་ཚང་མས་བསམ་གཞིག་བྱེད་ས་ངོ་མ་ཞིག་ཀྱང་ཡིན་པར་འདོད་དོ།

    Reply
  2. འཇམ་དབྱངས། says:
    ལོ་ 14 སྔོན།

    དེང་སྐབས་འཛམ་གླིང་གི་གཞུང་སྒེར་མང་པོ་ཞིག་གིས་བོད་ཀྱི་གནས་སྟངས་ཐད་ལས་འགུལ་སྣ་ཚོགས་དང་གཅིག་གྱུར་གྱི་གྲོས་ཆོད་སོགས་བཞག་སྟེ་བོད་ཀྱི་ཡ་ང་བའི་གནས་སྟངས་ལ་རྒྱབ་སྐྱོར་ཚད་མེད་གནང་བཞིན་པ་རེད། ཡིན་ན་ཡང་ད་ལོར་ལོ་ཉེས་ཅི་ཞིག་བྱུང་མིན་མི་ཤེས་མོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་རྣམས་ཀྱིས་བོད་པའི་སྤྱི་ཚོགས་ནང་གང་ཅིའི་ཐོབ་ཐང་ལེན་རྐྱང་བྱས་དང་བྱེད་བཞིན་ཡང་། བོད་དོན་ཐད་གྲགས་འགུལ་ཅི་ཡང་མེད་པ་འདི་ལ་བལྟས་ན། བོད་པའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཆེས་མང་པོ་ཞིག་གསོ་སྐྱོང་བྱས་དང་བྱེད་བཞིན་པ་འདི་ནི་ཁུ་བྱུག་གིས་ཁྲ་ཕྲུག་གསོས་པའི་དཔེ་ལས་འདས་མི་འདུག་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese