མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་བཅོས་སྒྱུར་དང་རྒྱ་ནག་གི་འཇིགས་སྣང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

ལོ་ངོ་ ༣༠ ལྷག་རིང་ཁེར་རྐྱང་དུ་ལྷག་པའི་འབར་མ་དྲག་པོའི་གཞུང་ལ་མང་གཙོ་བཅོས་སྒྱུར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་འབར་མའི་མང་ཚོགས་ཀྱིས་རང་དབང་གི་དུས་རབས་གསར་པ་ཞིག་གི་མཁའ་དབུགས་རྔུབ་བཞིན་ཡོད།

ཕྱི་ཟླ་ ༤ ཚེས་ ༢༩ ནས་ཟླ་འདིའི་ཚེས་ ༡ བར་ཉིན་གསུམ་རིང་རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན་(Ban ki-moon) འབར་མའི་ནང་གཟིགས་སྐོར་དུ་བསྐྱོད་དེ།  འབར་མའི་སྲིད་འཛིན་དང་ལྕམ་ཨང་སན་སུའུ་ཀེ་གཉིས་ལ་ཐུག་འཕྲད་ཐོག འབར་མའི་བཅོས་སྒྱུར་གྱི་བཞུད་ལམ་སྟེང་ཕན་ཚུན་མཉམ་འབྲེལ་བྱ་དགོས་པའི་སྐུལ་མ་བཏང་ཡོད་པ་མ་ཟད། འབར་མའི་གྲོས་ཚོགས་སུའང་། གཞུང་དང་ཆབ་སྲིད་ཚོགས་པ་ཁག་ཚང་མས་སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་ཁོ་ནར་ཨུ་ཚུགས་མི་བྱེད་པར། འབར་མའི་དམངས་གཙོ་བཅོས་སྒྱུར་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བཅོས་སྒྱུར་དེ་ནི་ཆབ་སྲིད་དང་དཔལ་འབྱོར། མི་རིགས་མཐུན་སྒྲིལ། ལྷག་པར་དུ་འབར་མའི་ཀཱ་ཆེན་(Kachin) གྲངས་ཉུང་མི་རིགས་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཁག་ཞི་འགྲིག་འཆམ་གནས་ཡོང་ཐབས་བཅས་ལ་འབད་དགོས་སྐོར་གྱི་གཏམ་བཤད་བྱས་ཡོད།

ཐེངས་འདིར་བྷན་ཀེ་མོན་དེ་སྔའི་འབར་མའི་ཕྱི་འབྲེལ་སྐུ་ཚབ་དང་རྒྱལ་ཚོགས་དྲུང་ཆེ་ཟུར་བ་ཨུ་ཐན་ཊི་ (U Thant) ཡི་དུར་སར་ཕྱིན་ཏེ་མྱ་ངན་གུས་འདུད་ཞུས་ཡོད། དེ་བཞིན་འབར་མའི་བྱང་ཕྱོགས་ཤཱན་(Shan) མངའ་སྡེའི་ནང་བསྐྱོད་དེ། ཉལ་ཐའི་མེ་ཏོག་རྩ་འགོག་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད། ཤཱན་མངའ་སྡེ་ནི་འཛམ་གླིང་གི་དུ་ནག་ཐོན་སྐྱེད་བྱ་ཡུལ་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་རེད། གཟའ་མིག་དམར་ཉིན་ཁོང་ཨང་སན་སུའུ་ཀེ་དང་ཐུག་འཕྲད་ཀྱིས། སུའུ་ཀེ་ཡིས་རྒྱལ་ཁབ་ཀྱི་རྩ་དོན་ལ་དགོངས་པ་རྒྱ་ཆེར་བཞེས་ཏེ་གཞུང་ལ་མཉམ་འབྲེལ་བྱས་པར་བསྔགས་བརྗོད་དང་། ཁོ་མོ་ནེའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ལས་ཁུངས་ཨ་མར་གཟིགས་སྐོར་དུ་མགྲོན་འབོད་བྱས་ཡོད་འདུག

ཟླ་སྔོན་མའི་ཚེས་ ༡ ཉིན་གྱི་འབར་མའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་འདེམ་སྐབས། འཐུས་མི་ ༤༥ ལས་ ༤༣ སུའུ་ཀེ་དང་ཁོང་གི་དམངས་གཙོ་ཚོགས་པའི་འོས་མི་བདམས་ཐོན་བྱུང་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་འོས་བསྡུ་དེ་ཚད་ལྡན་དང་དམངས་གཙོ་བཅོས་སྒྱུར་གྱི་གོམ་སྟབས་ཆེན་པོ་ཞིག་སྤོས་ཡོད་པའི་ངོས་འཛིན་ཐོག དེ་སྔ་འབར་མའི་སྟེང་ཆབ་སྲིད་དང་དཔལ་འབྱོར་གྱི་འགོག་རྐྱེན་སྤྲད་ཡོད་པའི་རིགས་ཕྱིར་འཐེན་བྱ་རྒྱུ་དང་། ཁེར་རྐྱང་དུ་ལྷག་པའི་འབར་མ་རྒྱལ་སྤྱིའི་སྤྱི་ཚོགས་ནང་མཉམ་ཞུགས་ཡོང་རྒྱུར་སྒོ་མོ་རྒྱ་ཆེར་ཕྱེས་ཡོད་ཀྱང་། ཕྱི་ཚེས་༢༣ཉིན་གྱི་འབར་མའི་གྲོས་ཚོགས་ནང་ལྕམ་ཨང་སན་སུའུ་ཀེ་དང་།གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་པའི་ཁོང་གི་དམངས་གཙོ་ཚོགས་པའི་འོས་མི་རྣམས་མཉམ་ཞུགས་བྱས་མེད། དེ་ནི་ཁོང་ཚོས་དེ་སྔའི་འབར་མ་དྲག་པོའི་གཞུང་གིས་གཏན་འབེབས་བྱས་པའི་རྩ་ཁྲིམས་འོག་གྲོས་ཚོགས་འཐུས་མིའི་དམ་བཅའ་འབུལ་འདོད་མེད་པས་ཡིན་འདུགཉིན་དེར་འབར་མའི་སྲིད་འཛིན་ཐེན་སེན་(Thein Sein) ཉི་ཧོང་དུ་ཡོད་པ་དང་། ཁོས་ཉི་ཧོང་གི་རྒྱལ་སར་གསར་འགོད་པ་རྣམས་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་མཁན་ལྕམ་ཨང་སན་སུའུ་ཀེ་ལ་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་བཞིན།ཐེངས་འདིའི་གྲོས་ཚོགས་ཚོགས་འདུར་ཞུགས་རྒྱུར་དགའ་བསུ་ཡོད།འོན་ཀྱང་།གྲོས་ཚོགས་ཀྱི་རྐུབ་སྟེགས་འཛིན་མིན་དེ་མོ་རང་ཉིད་ལ་རག་ལས་ཡོད་ཚུལ་བརྗོད་ཡོད། ད་ཆར་སུའུ་ཀེ་དང་མང་གཙོ་ཚོགས་པའི་འཐུས་མི་དག་གིས་སང་ཉིན་ཚེས་ ༢ ཉིན་གྲོས་ཚོགས་སུ་དམ་འབུལ་དང་མཉམ་ཞུགས་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པའི་ཐད། སུའུ་ཀེ་ཡིས་ “མང་ཚོགས་ཀྱིས་ངེད་ཅག་འབར་མའི་གྲོས་ཚོགས་ནང་བསླེབ་རྒྱུར་རེ་བ་བཟུང་སྟེ་བདམས་ཡོད་སྟབས། ཨང་དང་པོ་མི་མང་གི་མངོན་འདོད་བསྐང་ཆེད་ང་ཚོ་ངེས་པར་དུ་གྲོས་ཚོགས་ནང་བསླེབ་དགོས་པ་དང་། གྲོས་ཚོགས་ནང་བསླེབས་རྗེས་རྩ་ཁྲིམས་བཅོས་སྒྱུར་སྐོར་ལ་རིམ་པས་གྲོས་གཞི་འདོན་ཆོག་གི་རེད” ཅེས་བརྗོད་ཡོད།

ཟླ་སྔོན་མའི་ཚེས་ ༡ ཉིན་གྱི་འབར་མའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་འདེམས་དེར་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་དང་གསར་འགོད་པ་མང་པོ་རང་དབང་ཐོག་ཡོང་བཅུག་ཡོད་ལ།  འོས་འདེམས་དེ་ཡང་ཕྱི་གསལ་ནང་གསལ་དང་དྲང་བདེན་ཐོག་བསྡུས་ཏེ་ཨང་སན་སུའུ་ཀེ་དང་ཁོང་གི་དམངས་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་རྗེས། ཚེས་ ༤ ཉིན་ཨ་རིའི་གཞུང་གིས་དེ་སྔ་འབར་མའི་སྟེང་དཔལ་འབྱོར་གྱི་འགོག་རྐྱེན་བཟོས་པ་དང་། དེ་བཞིན་འབར་མའི་གཞུང་འབྲེལ་མི་སྣ་ཨ་རིར་ཡོང་མི་ཆོག་པའི་གནོན་ཤུགས་སྲིད་ཇུས་བཟུང་ཡོད་པ་དག་ལ་བསྐྱར་ཞིབ་དང་གུ་ཡངས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། འབར་མའི་ནང་ཨ་རིའི་གཞུང་ཚབ་གསར་འཛུགས་དང་། རྒྱལ་སྤྱིའི་རང་བཞིན་གྱི་སྤྱི་ཚོགས་འཕེལ་རྒྱས་ཚོགས་པའི་ལས་ཁུངས་ཤིག་ཀྱང་འཛུགས་འཆར་ཡོད་ཚུལ་བརྗོད་ཡོད། དེ་བཞིན་ཕྱི་ཚེས་ ༤ ཉིན་ཡུ་རོབ་མཐུན་ཚོགས་ཀྱིས་ཀྱང་འབར་མའི་སྟེང་གུ་ཡངས་སྲིད་ཇུས་འཛིན་པའི་གོམ་སྟབས་སྤོ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་མ་ཟད། ཚེས་ ༢༨ ཉིན་ཡུ་རོབ་ཕྱི་འབྲེལ་སྲིད་ཇུས་ཁང་གི་འགན་འཛིན་ཨ་ཤི་ཊོན་(Catherine Ashton) སུའུ་ཀེ་དང་ཐུག་འཕྲད་ཀྱིས།  མི་འགྱངས་པར་འབར་མའི་ནང་ཡུ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་གསར་འཛུགས་བྱས་ཏེ། འབར་མའི་དམངས་གཙོ་བཅོས་སྒྱུར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་འདེགས་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད།

འབར་མའི་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་རྗེས་རྒྱ་གར་གཞུང་གིས་ལྕམ་ཨང་སན་སུའུ་ཀེ་དང་ཁོང་གི་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པར་བསྔགས་བརྗོད་དང་འཚམས་འདྲི་ཞུས་སྐབས། ལྕམ་ཨང་སན་སུའུ་ཀེ་ཡིས་རྒྱ་གར་ནི་འཛམ་གླིང་སྟེང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་སྟབས། འབར་མའི་མང་གཙོ་བཅོས་སྒྱུར་ཐད་སྔར་ལས་ནུས་ཤུགས་ཆེན་པོ་འདོན་རྒྱུའི་རེ་བ་འཛིན་གྱི་ཡོད་ཚུལ་བརྗོད་ཡོད། གནད་དོན་དེའི་ཐད་རྒྱ་གར་ཨན་ཌེ་ཊེ་ཝེ་(NDTV) བརྙན་འཕྲིན་ཁང་གིས་འབར་མ་དང་བོད་ཐོག་ལ་བཟུང་བའི་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ཐད་བགྲོ་གླེང་ཤུགས་ཆེར་བྱས་ཡོད་པ་མ་ཟད། དེ་སྔ་འབར་མ་དང་བོད་ཀྱི་གནད་དོན་ཐད་རྒྱ་གར་གཞུང་གིས་དྲང་བདེན་གྱི་ཕྱི་འབྲེལ་སྲིད་ཇུས་བཟུང་མེད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད།

འདས་པའི་མི་ལོ་བཅུ་ཕྲག་འགའི་རིང་རང་དབང་འཐད་རྩོད་བྱས་ཏེ། ད་ཆར་འབར་མའི་ནང་མང་གཙོ་བཅོས་སྒྱུར་དང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་ཕྱོགས་བཞིན་པའི་གནད་དོན་ཐད། ཀམ་བྷོ་ཌེ་ཡའི་(Cambodia) ནང་རྟེན་གཞི་བྱེད་པའི་ལའེ་ཕཱར་ཌི་ཁེ་ལས་སྡེ་ཚན་ (Leopard Capital) གྱི་སྦྱིན་བདག་ཁི་ལེ་ཊོན་(Douglas Clayton) གྱིས།  “འབར་མར་མཚོན་ན་དུས་ཡུན་རིང་པོ་ཕྱིན་མཐར་ད་གཟོད་ཨེ་ཤ་ཡའི་དུས་རབས་ནང་མཉམ་ཞུགས་བྱེད་མགོ་ཚུགས་ཐུབ་པ་རེད། ཐེངས་འདིའི་འོས་བསྡུ་དྲང་བདེན་ཐོག་འགྲོ་ཐུབ་ཡོད་སྟབས། ཕྱིན་ཆད་འབར་མའི་སྟེང་རྒྱལ་སྤྱིའི་འགོག་རྐྱེན་མུ་མཐུད་གནས་དགོས་དོན་དེ་ཙམ་མི་འདུག ” ཅེས་བརྗོད་ཡོད་པ་མ་ཟད། ཁོང་གིས་རྒྱལ་སྤྱིའི་འགོག་རྐྱེན་ཕྱིར་འཐེན་བྱས་རྗེས་འབར་མའི་ནང་ཨ་སྒོར་ས་ཡ་ ༡༠༠ ཡི་རོགས་སྐྱོར་མ་དངུལ་གཏོང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག རྒྱལ་སྤྱིའི་ཉེས་ཚབས་རྟོག་ཞིབ་སྡེ་ཚན་གྱི་ཉམས་ཞིབ་པ་ཀི་ལེ་ནེ་(Kleine Ahibrandt) ཡིས་ཀྱང་། “རྒྱ་ནག་གིས་དེ་སྔའི་འབར་མ་དྲག་པོའི་གཞུང་བརྒྱུད། ཡུལ་མིའི་བདེ་སྡུག་ལ་སྣང་མེད་ཀྱིས་འབར་མའི་ཐོན་ཁུངས་བཤུ་གཞོག་དང་ཁོར་ཡུག་གཏོར་སྐྱོན། ས་ཁུལ་བེད་སྤྱོད་རིགས་གང་བྱུང་དུ་བྱས་ཏེ། འབར་མའི་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད”ཅེས་བརྗོད་ཡོད།

ལོ་ ༣༠ ཡས་མས་རིང་འབར་མ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁ་བྲལ་ཏེ་རྒྱ་ནག་ཕྱོགས་གཏོགས་དམར་པོ་དྲག་པོའི་གཞུང་ཞིག་ཏུ་གནས་ཡོད་ཀྱང་། འདས་པའི་ལོ་གཅིག་ལྷག་རིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་། དབྱིན་ཇིའི་སྲིད་བློན། ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དྲུང་ཆེ། རྒྱལ་ཚོགས་དྲུང་ཆེ་སོགས་རིམ་པར་དངོས་སུ་འབར་མར་ཕྱིན་ཏེ། འབར་མའི་མང་གཙོ་བཅོས་སྒྱུར་ཐད་ལམ་སྟོན་གནང་སྟེ་རྒྱལ་སྤྱིའི་མང་གཙོའི་བཞུད་ལམ་དུ་སྐུལ་འདེད་བྱས་ཡོད། གནད་དོན་དེའི་ཐད་རྒྱ་ནག་ཆིན་ཧྭ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལཱིས་ (Li) ཡིས། “ཨ་རིས་འབར་མའི་ནང་ཐེ་ཇུས་བྱེད་བཞིན་པ་དེ་ནི། ཨ་རིའི་གཞུང་གིས་ཨེ་ཤ་ཡའི་ནང་བཟུང་པའི་སྲིད་ཇུས་གསར་པ་ཞིག་ཡིན་པ་དང་། སྲིད་ཇུས་དེའི་དམིགས་ཡུལ་གཙོ་བོ་ཨེ་ཤ་ཡའི་ནང་རྒྱ་ནག་གཞུང་གི་སྟོབས་ཤུགས་ཇེ་ཞན་དུ་གཏོང་རྒྱུ་དང་། རྒྱ་ནག་གཞུང་ཁེར་རྐྱང་དུ་གཏོང་ཐབས་ཀྱི་སྲིད་ཇུས་ཤིག་རེད”ཅེས་བརྗོད་འདུག

འབར་མ་གཞུང་ནི་ ༡༩༤༩ ལོར་རྒྱ་ནག་དམར་པོའི་གཞུང་ངོས་ལེན་བྱེད་མཁན་གྱི་སྲིད་གཞུང་ཐོག་མ་ཆགས་ཡོད་ལ། དེ་སྔ་འབར་མའི་ནུས་ཤུགས་ཐོན་དངོས་ཕལ་ཆེ་བ་རྒྱ་ནག་ལ་ཚོང་འབྲེལ་བྱས་ཡོད་པ་མ་ཟད། འབར་མ་ནི་རྒྱ་གར་རྒྱ་མཚོའི་དམག་དོན་འཐབ་ཇུས་ཐད་རྒྱ་ནག་གི་སྒོ་ཆེན་ཞིག་ཏུ་གྱུར་ཡོད། རྒྱ་གཞུང་གིས་དཔལ་འབྱོར་དང་དམག་དོན། ཆབ་སྲིད་བཅས་ཕྱོགས་ཡོངས་ནས་འབར་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱ་ནག་གི་ནང་འདྲེན་ཚོང་རྫས་བརྒྱ་ཆ་ ༨༠ མཱ་ལཱ་ཁཱ་(Malacca Straits) མཚོ་ལམ་ལ་རྟེན་དགོས་པའི་ཐད་ནས་འབར་མ་ནི་རྒྱ་ནག་གི་ཕྱིར་འཚོང་ནང་འདྲེན་གྱི་བརྒྱུད་ལམ་གལ་ཆེན་ཞིག་ཀྱང་ཆགས་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

སྐར་མ ༢༨ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢༠ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥

མཆན། 6

  1. ཀ་ཉག་ཚེ་རིང་། says:
    ལོ་ 14 སྔོན།

    ལྕམ་སུའུ་ཀེ་མཆོག་ལ་སེམས་གཏིང་ནས་ཡི་རང་བསྔགས་བརྗོད་ཞུ། སྐུ་ཉིད་ཀྱིས་སྣེ་ཁྲིད་པའི་འབར་མའི་དམངས་གཙོའི་ཕྱོགས་ཁག་ལ་འདི་ལྟར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པ་དེ། འབར་མ་ཙམ་གྱི་རྒྱལ་ཁ་མ་ཡིན་པར་ཞི་བདེ་ལ་དགའ་ཞིང་དམངས་གཙོ་ལ་ཕྱོགས་པའི་མིའི་རིགས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་རེད། ད་ལྟའི་འབར་མའི་ནང་གི་ཉི་མ་རེ་རེའི་བཟང་ཕྱོགས་ཀྱི་འགྱུར་བ་དག་མཐོང་ཐོས་བྱུང་དུས། སེམས་ཁུངས་མཆི་མས་གང་སྟེ་མགྱོགས་ནས་མྱུར་དུ་རྒྱ་ཚང་ལའང་འདི་འདྲའི་འགྱུར་བ་ཡོང་རྒྱུའི་རེ་བ་དང་སྨོན་ལམ་རང་དབང་མེད་པར་ཤོར་འགྲོ་གི་འདུག

    Reply
  2. ནད་པ says:
    ལོ་ 14 སྔོན།

    རླབས་ཆེན་སྐྱེས་མ་ལྕམ་སུ་ཀེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག

    འབར་མ་དམངས་གཙོའི་ཉི་གཞོན་ཁྲི་ལོར་བརྟན་པར་ཤོག

    འབར་མའི་མི་དམངས་ཀྱི་བདེ་སྐྱིད་དང་རང་དབང་ཁྲི་ལོར་བརྟན་པར་ཤོག

    Reply
  3. འཇམ་དབྱངས། says:
    ལོ་ 14 སྔོན།

    དྲུང་ཆེ་ Ban ki-moon མཆོག་གིས་འབར་མའི་དམངས་གཙོ་བཅོས་བསྒྱུར་གྱི་ཁ་ཕྱོགས་ལ་གདེང་འཇོག་དང་རྒྱབ་སྐྱོར་གནང་བ་དེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱས་པར་རྩིས་ཆོག་ཀྱང་། ཁོ་པས་ད་ལྟའི་བར་བོད་དོན་ཐོག་བློ་ཚབ་དང་དངོས་ཡོད་དྲང་བདེན་གྱི་རྒྱབ་སྐྱོར་གང་ཡང་མ་བྱས་པ་དེས་ཁོ་པའི་སེམས་ཁོང་ན་དོན་ངོ་མར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་ཅི་འདྲ་ཞིག་ཡོད་དམ། འདི་ཡང་ཕྱི་ཚུལ་ཙམ་རེད་སྙམ།

    Reply
  4. ཨ་གཙང་གནས་རྒྱམ། says:
    ལོ་ 14 སྔོན།

    ཡ་ཡ་འབར་མའི་མང་གཙོ་ལ་རྟེན་འབྲེལ་ཞུ། ད་ཡིན་ན་ཏག་ཏག་ར་བཤིས་ས་ནས་ལུག་འདར་བའི་དཔེ་དེ་རང་རེད། རྒྱ་ནག་ལ་ཤ་འགུལ་རྒྱག་གི་འདུག་ག་ལྟ་ད།

    Reply
  5. རོ་ལངས། says:
    ལོ་ 14 སྔོན།

    རྟེན་འབྲེལ་ཞུ།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    གསར་འགྱུར་ཡག་པོ་འདུག་་་་་ཉིན་ཞིག་རྒྱ་ཚང་ཡང་འདི་ལྟར་འགྱུར་ངེས་ཡིན་ཁོ་ཐག་རེད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese