མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲོག་འཚོ་ཆེད་རང་གཅིན་འཐུང་པ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སློབ་མ་ཞིག་ཉལ་ཐའི་ཉེས་མིང་འོག་བཙོན་འཇུག་བྱས་རྗེས། ཉིན་ ༥ རིང་བཟའ་བཏུང་མ་རག་པར་བརྟེན་རང་གཅིན་འཐུང་སྟེ་སྲོག་འཚོ་ཐབས་བྱས་ཡོད་འདུག

ཟླ་སྔོན་མའི་ཚེས་ ༢༡ ཉིན་ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡའི་སན་ཌེ་གྷོ་(San Diego) མཐོ་སློབ་ཀྱི་རང་ལོ་ ༢༣ ཅན་གྱི་སློབ་བུ་ཆཱོན་(Daniel Chong) དང་། གཞན་ཁག་ཅིག་བཅས་མི་ ༩ ཉལ་ཐའི་ནག་ཚོང་གི་དོགས་གཞིའི་འོག་འཇུ་བཟུང་བྱས་འདུག  ཆཱོན་ལ་ཉེན་རྟོག་པས་འདྲི་གཅོད་བྱས་རྗེས་བཙོན་ཁང་ཆུང་ཆུང་ཞིག་ནང་བཅུག་སྟེ། བཟའ་བཏུང་གང་ཡང་མ་སྤྲད་པར་ཉིན་ ༥ རིང་བཙོན་ཁང་དུ་ལྷག་སྟབས། ཁོས་ལྟོགས་སྐོམ་གྱིས་མ་བཟོད་པར་རང་གཅིན་འཐུང་སྟེ་སྲོག་འཚོ་ཐབས་བྱས་ཡོད་འདུག

ཆཱོན་བཙོན་ཁང་ནང་བཀག་སྐྱིལ་གྱིས་ཉིན་ ༥ འགོར་མཚམས་བཙོན་ཁང་གི་མི་སྣས་གཞི་ནས་ཤེས་རྟོག་བྱུང་ཡོད་པ་དང་། སྐབས་དེར་ཆཱོན་མགོ་ཡུ་འཁོར་ཏེ་ཐང་ལ་འགྱེད་ཡོད་འདུག སྐབས་དེར་འཕྲལ་དུ་ཁོང་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་བྱས་ཡོད་ཀྱང་།  སྨན་པས་ཁོང་གི་མཁལ་མ་འཕྲོ་བརླག་ཏུ་ཕྱིན་ཡོད་པར་བརྗོད་འདུག

ཁ་སང་ཚེས་ ༢ ཉིན་ཨ་རིའི་ཉལ་ཐ་དོ་དམ་ལས་ཁུངས་(Drug Enforcement Administration) ཀྱི་འགན་འཛིན་ཝེ་ལེམ་(William Sherman) གྱིས། ཆཱོན་ལ་བཟའ་བཏུང་མ་རག་པར་ཉིན་ ༥ རིང་བཙོན་ཁང་དུ་སྣང་མེད་ཐོག་ལྷག་པ་དེ་ནི། ཁོ་རང་ཉིད་ཀྱིས་གཤམ་འོག་གི་ལས་བྱེད་ཚོར་བཀོད་འདོམས་ཡག་པོ་མ་ཐུབ་པའི་ནོར་འཁྲུལ་ཡིན་པའི་ངོས་ལེན་དང་ཆཱོན་ལ་དགོངས་དག་ཞུས་པ་དང་། ད་ལྟའི་ཆར་གནད་དོན་དེའི་རྒྱུ་རྐྱེན་ཐད་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཆཱོན་གྱིས་གསར་འགོད་པའི་བཅར་འདྲིའི་སྐབས། “འཛིན་བཟུང་བྱས་པའི་ཉིན་མོ་དེར་ཉེན་རྟོག་པས་འདྲི་གཅོད་བྱས་རྗེས། ང་མགྱོགས་པོ་ནང་དུ་ལོག་ཆོག་གི་རེད་ཟེར། ང་བཙོན་ཁང་ནང་བཅུག་རྗེས་ལྟ་རྟོག་བྱེད་མཁན་གཅིག་ཀྱང་བསླེབས་མ་བྱུང་། ངས་སྐད་ག་ཚོད་བརྒྱབ་ཀྱང་ཁ་ཡ་བྱེད་མཁན་མི་འདུག ”ཅེས་བརྗོད་འདུག

ད་ཆར་ཆཱོན་གྱི་ཁྲིམས་རྩོད་པ་ཨ་ཊོ་ནའེ་ཡིས།ནག་ཉེས་མེད་པའི་མི་ཞིག་འདི་ལྟར་བཙོན་འཇུག་བྱས་པ་དང་། ལྷག་པར་དུ་བཟའ་བཏུང་གང་ཡང་མ་སྤྲད་པར་མ་ཟད། བཙོན་པའི་བདེ་སྡུག་ལ་སྣང་མེད་ཀྱིས་ཉིན་ ༥ རིང་བཙོན་ཁང་དུ་བཅུག་སྟབས། བཙོན་པས་རང་ཉིད་ཀྱི་སྲོག་འཚོལ་ཐབས་སུ་རང་གཅིན་འཐུང་དགོས་བྱུང་པའི་གནད་དོན་དེ་ནི། རྒྱལ་སྤྱི་དང་ཨ་རིའི་ཁྲིམས་ལུགས་ལ་འགལ་ཡོད་པའི་གཏུག་བཤེར་བྱས་ཡོད་པ་མ་ཟད། ཆཱོན་ལ་གུན་གསབ་ཨ་སྒོར་ས་ཡ་ ༢༠ སྤྲོད་དགོས་པའི་ཁྲིམས་གཏུག་བྱས་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 5

  1. མི་རྒོད། says:
    ལོ་ 14 སྔོན།

    རྒྱལ་ཁབ་འདི་ཚོ་ཆབ་སྲིད་གནད་འགག་ཏུ་སླེབས་དུས་འདི་འདྲ་རེད་ད། དེར་ང་ཚོ་ཡང་གཟབ་གཟབ་བྱེད་དགོས་ཤིང་། ད་ཨ་རི་རྒྱ་དམར་གྱིས་གནོན་ཤུགས་ལ་དོ་སྣང་བྱེད་དགོས་པ་ཆགས་ཡོང་དུས་འདི་རྣམས་དཔལ་འབྱོར་ཆབ་སྲིད་སྒང་སླེབས་པ་རེད། ནམ་ཡང་ཁོ་རང་ཚོའི་ཁེ་བཟང་གཙོ་དོན་བྱེད་གི་རེད་ད།།།

    Reply
  2. ཐོ་རེངས། says:
    ལོ་ 14 སྔོན།

    དྲྭ་གྲོགས་དུད་འགྲོའི་བུ། བཙོན་ཁང་གི་ལོ་རྒྱུས་ཤེས་ན་བཙོན་པ་ཡིན་དགོས་པའི་ངེས་པ་ཅི་ཡོད། དེས་ན་བཙོན་གཉེར་པ་ཡང་བཙོན་པ་ཡིན་པར་འགྱུར། དེའི་བཙོན་ཁང་གི་ལོ་རྒྱུས་ཤེས་པའི་ཕྱིར་ནའོ། །
    མི་ངོ་དང་ལོ་རྒྱུས་མ་གོ་གོས་ནས་ཅ་ཅོ་སྒྲོག་རྒྱུ་འདི་ནི་བླུན་པོ་མཐར་ཐུག་ཡིན་པའི་རྟགས།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཐོ་རེངས་དེ་ཨ་རིའི་བཙོན་ཁང་གི་ཉམས་མྱོང་ཆེ་སྟངས་དེ་ལ་བལྟས་ན། གཏན་གཏན་ཁོང་བཙོན་ཁང་ནང་འགྲོ་མྱོང་མཁན་གྱི་གང་ཟག་ཞིག་ཡིན་པ་འདྲ།

    Reply
  4. ཐོ་རེངས། says:
    ལོ་ 14 སྔོན།

    སྐད་ཆ་འདི་ལ་ཆགས་འཇོག་མི་འདུག་ལ། ཨ་རིའི་བརྩོན་ཁང་གི་ར་བ་ནང་ལ་ water font ཟེར་བའི་ཆུ་གཙང་ནམ་རྒྱུན་འཐུང་ས་ཡོད་པ་དངོས་སུ་མཐོང་སོང་། མི་འདིའི་ཕལ་ཆེར་རང་གི་སྙིང་ནད་ཀྱིས་སྐད་ཆ་ཡིན་པ་འདྲ། གང་ལྟར་ཡང་སྤྱི་ཚོགས་གཏོར་བཤིག་མཁན་ལ་ཆད་པ་ཡོད་ན་ཧ་ཅང་ཡག་པོ་རེད།
    མ་ཟད་ཨ་རྒྱའི་འབྲེལ་ལམ་གོང་འཕེལ་སོང་ན་འཛམ་གླིང་གི་ཞི་བདེ་དང་། ནོར་སྲིད་དཔལ་འབྱོར་སོགས་ལ་ཕན་པ་ཡོད་པའི་དགའ་བསུ་ཞུ།
    བྱང་ཆུབ་སེམས་ཀྱི་ཀུན་སློང་མེད་ནའང་། བསམ་པ་རྒྱ་ཆེན་པོའི་སྒོ་ནས་འཛམ་གླིང་འདིར་བདེ་སྐྱིད་ཅིག་འོང་ན་དགའ་བ་བསྒོམ་དགོས་གྲྭ་གྲོགས་ཚོ། །

    Reply
  5. མངའ་རིས་བུ། says:
    ལོ་ 14 སྔོན།

    ལྟོས་དང་རྟག་པར་གཞན་ལ་མཛུབ་མོ་འཛུགས་རྐྱང་བྱེད་ཅིང།
    རང་གི་རྒྱལ་ཁོངས་སུ་བཙོན་པ་ཡོད་མེད་ཀྱང་མི་ཤེས་པ་དང། བཙོན་པ་ལ་ཁ་ཟས་ཙམ་ཀྱང་མི་སྤྲོད་པ་ནི་ཨ་རིའི་རྒྱལ་ཁབ་འདི་བཞིན་ཇེ་སྡུག་ཏུ་ཇེ་སྡུག་ཏུ་འགྲོ་བཞིན་འདུག ཉེ་ཆར་རྒྱ་ནག་གི་ཁྲིམས་རྩོད་ལོང་པས་ཨ་རིའི་གཞུང་ཚབ་ལ་སྐྱབས་བཅོལ་ཞུས་ཀྱང་ངོས་ལེན་མ་བྱས་ཏེ་ལག་དམར་གྱི་ལག་ཏུ་སྤྲོད་སྟངས་ནི་ཤིན་ཏུ་ནས་བློ་ཕམ་ཞིང། ཨ་རི་འདི་བཞིན་རྒྱ་ནག་གི་བྲན་གཡོག་ཏུ་འགྲོ་རན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese