མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རབས་གསར་བའི་གཏམ་གླེང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཀོབ་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་ཚོགས་ཁང་དུ་༼ ད་ལྟའི་བོད་ནང་ཛ་དྲག་གནས་སྟངས་ཐད་བོད་ཀྱི་མི་རབས་གསར་པའི་གཏམ་གླེང་༽ ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་འདུག

སེར་སྨད་རྡོ་རྗེ་རྣམ་རྒྱལ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ནས་ ༨ བར་གྱི་དགོང་དྲོའི་ཆུ་ཚོད་ ༦།༣༠ ནས་ ༩ པའི་བར་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་ཚོགས་ཁང་དུ་སྦེལ་ཀོབ་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག  ༼ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་ཀྱི་མི་རབས་གསར་པའི་གཏམ་གླེང་༽ ཞེས་པ་བགྲོ་གླེང་ཞིག་ཚོགས་འདུ་གོ་སྒྲིག་གནང་སྟེ། ཆོལ་ཁ་གསུམ་གྱི་ན་གཞོན་ཤེས་ཡོན་པ་གསུམ་གྱིས།  ༼བོད་དོན་འཚེ་མེད་ཞི་བའི་ཐབས་ལམ་ལ་དཔྱད་ཞིབ༽ དང་། ༼གསར་འགྱུར་བརྒྱུད་ལམ་ཁག་ཏུ་འབྲེལ་བ་བྱེད་ཕྱོགས༽ ། ༼བོད་དོན་རང་ལུས་མེར་བསྲེགས་ཀྱི་ཤུགས་རྐྱེན་དང་གྲུབ་འབྲས༽ ཞེས་པའི་བརྗོད་གཞི་གསུམ་གྱི་ཐོག་གཏམ་བཤད་གནང་ཡོད་པ་དང་། དེར་སེ་ར་བྱེས་སྨད་གཉིས་ཀྱི་དགེ་འདུན་པ་རྣམས་མཉམ་ཞུགས་གནང་འདུག  

ཚོགས་འདུ་དབུ་འཛུགས་སྐབས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྩིས་པ་པདྨ་ཚེ་དབང་ལགས་ཀྱིས་ཚོགས་འདུའི་མཛད་རིམ་སྒྲོག་སྦྱང་དང་འབྲེལ། ཚོགས་ཞུགས་པ་ཡོངས་ཀྱིས་བོད་དོན་ཆེད་སྐུ་སྲོག་ཤོར་བ་དང་སྐུ་ལུས་མེར་མཆོད་འབུལ་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ངག་བཅད་མྱ་ངན་གུས་བཏུད་ཞུས་རྗེས། སྦེལ་ཀོ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་སེར་སྨད་བློ་དགའ་ལགས་ཀྱིས། བོད་ཀྱི་མི་རབས་གསར་པའི་གཏམ་གླེང་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད། སྐབས་དེར་ཁོང་གིས། དང་པོ། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་སྲིད་ཇུས་དེ་འཚེ་མེད་ཞི་བའི་ཐབས་ལམ་ནང་ཕྱིན་པའི་བརྒྱུད་རིམ་ནང་རང་ལུས་མེར་མཆོད་ཀྱིས་ངོ་རྒོལ་ལས་འགུལ་དེ་འཚེ་མེད་ཞིབ་བའི་འཐབ་རྩོད་ནང་གི་ཚད་མཐོ་ཤོས་དང་། ཞིབ་བསྡུར་བྱས་ན་འཛམ་གླིང་ནང་གྲངས་ཀའི་ཆ་ནས་ཀྱང་མང་ཤོས་དེ་ཆགས་ཡོད། བོད་དོན་འཚེ་མེད་ཞི་བའི་འཐབ་རྩོད་ཚད་མཐོ་ཤོས་དང་གྲངས་མང་ཤོས་ཆགས་པའི་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་ངེས་པར་དུ་རྒྱ་ནག་གིས་དྲན་གསོ་བྱེད་དགོས་པ་ཞིག་ཡིན། གཉིས་པ། འཐབ་རྩོད་བྱེད་མཁན་གཙོ་བོ་ནི། རྒྱ་དམར་གྱི་དར་ཆའི་འོག་ནས་འཚང་ལོངས་བྱུང་བའི་གཞོན་སྐྱེས་དང་བོད་ཕྱི་ཕྱོགས་ཀྱི་རང་དབང་ལུང་པར་བསྐྱེད་འཚར་བྱུང་བའི་ན་གཞོན་རྣམས་མཉམ་འབྲེལ་དང་རྒྱབ་གཅིག་མཆོངས་གཅིག་གིས་ཐག་གཅོད་ཆེན་པོས་རྒྱ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་པ་དེས་ག་རེ་སྟོན་གྱིན་ཡོད་མིན་དེ་རྒྱ་ནག་གིས་གཏིང་ཟབ་པོའི་བསམ་བློ་གཏོང་དགོས།

གསུམ་པ། རྒྱ་ནག་དམར་ཤོག་ཚོགས་མི་ཁྲི་ ༧༠༠༠ ལྷག་གི་རྒྱལ་ཡོངས་དམར་འཐུས་ ༢༢༡༣ དང་། དབུས་འཐུས་མི་ ༢༠༤ ། ཆབ་སྲིད་སྣེ་འཛིན་འཐུས་མི་ ༢༥ ། དབུས་ཆབ་སྲིད་རྒྱུན་ལས་༩ ཡིས་རྒྱ་ནག་ལ་ལམ་སྟོན་ཅི་འདྲ་ཞིག་བྱེད་ཀྱི་ཡོད་མེད་ང་ཚོས་གསལ་པོ་ཤེས་པའི་ཐོག་ནས། ༸སྐྱབས་མགོན་རིན་པོ་ཆེས་དབུས་པའི་མི་རབས་རྒན་པས་དབང་ལུང་རྣམས་མི་མང་དང་གཞོན་སྐྱེས་མི་རབས་ལ་གནང་ཏེ། ད་ལྟ་བོད་ཀྱི་ཁྲིམས་བཟོ་དང་ཁྲིམས་ལུགས་དབང་འཛིན། འཛིན་སྐྱོང་བཅས་སུ་མི་རབས་གསར་པས་སྣེ་འཁྲིད་པའི་དཔེ་མཚོན་ནང་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས་རྒྱ་ནག་ལ་བརྡ་ལན་སྤྲད་པ་དེ། རྒྱ་ནག་དམར་ཤོག་པས་རྒྱ་ནག་བཙན་འདེད་ཚབས་སྐྱོང་བྱས་པ་དང་གཏན་ནས་མི་འདྲ་བར། མང་མོས་སྣེ་འཁྲིད་པས་རང་དབང་མང་གཙོའི་ལམ་དུ་ལམ་སྟོན་འགོ་འཁྲིད་བྱེད་བཞིན་པ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ནས་རྒྱ་ནག་གིས་ཤེས་དགོས་པ་དེ་རིམ་པ་གཅིག་ཡིན། བཞི་པ། འཛིན་སྐྱོང་དང་གྲོས་ཚོགས། ཁྲིམས་ཞིབ་ཕུད་པའི་རིམ་པ་འོག་མའི་མ་འོངས་བོད་མི་རིགས་ཀྱི་སྣེ་འཁྲིད་བྱེད་མཁན་བོད་ཀྱི་གཞོན་སྐྱེས་ཤེས་ཡོན་པ་གསུམ་དངོས་སུ་གདན་ཞུས་ཀྱིས་གནད་དོན་གསུམ་གྱི་ཐོག་གཏམ་གླེང་སྤེལ་བ་དེ་དཔེ་སྟོན་ཙམ་གྱིས་རྒྱ་ནག་ལ་བསམ་བློའི་ཁོར་ཡུག་ཙམ་བསྐྲུན་པ་ཡིན། ཞེས་ངོ་སྤྲོད་གནང་འདུག

དེ་བཞིན། བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། བོད་དོན་འཚེ་མེད་ཞི་བའི་ཐབས་ལམ་ལ་དཔྱད་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་མ་ ༢༠ དང་། བྷེང་ལོར་ཚོང་རིག་རབ་འབྱམས་པའི་མཐོ་རིམ་སློབ་མ་ལྷ་སྒྲོལ་སྐྱབས་ལགས་ཀྱིས། བོད་དོན་རང་ལུས་མེར་བསྲེགས་ཀྱི་ཤུགས་རྐྱེན་དང་གྲུབ་འབྲས་ཞེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་མ་ ༢༠ ། རྒྱ་གར་ནང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་འབྲེལ་བ་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་མ་ ༡༥ རིང་གསུང་བཤད་གནང་ཡོད་པ་མ་ཟད། དགེ་འདུན་པ་ཚོའི་དྲི་བར་ལན་འདེབས་བཅས་གནང་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 7

  1. མྱི་རྒོད། says:
    ལོ་ 14 སྔོན།

    ཨ་ཁུ་སྐྱོན་མཐོང་ལགས། འདིའི་ནང་ལ་སེར་བྱེས་གྲྭ་ཚང་དུ་ཟེར་བ་ཞིག་གང་ན་འདུག དེ་ལས་ནོར་ཡོད་པ་དེ་༼ ཟླ་འདིའི་ཕྱི་ཚེས་ ༥ ནས་ ༨ བར་གྱི་དགོང་དྲོའི་ཆུ་ཚོད་ ༦།༣༠ ནས་ ༩ པའི་བར་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་ཚོགས་ཁང་དུ་སྦེལ་ཀོབ་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག ༼ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་ཀྱི་མི་རབས་གསར་པའི་གཏམ་གླེང་༽ ཞེས་པ་བགྲོ་གླེང་ཞིག་ཚོགས་འདུ་གོ་སྒྲིག་གནང་སྟེ། ༽ཞེས་པ་དེ་མ་ཡིན་ནམ། ཨ་ཁུ་སྐྱོན་མཐོང་ཞེས་པ་དགེ་མཐོང་གི་མིང་དུ་ངས་བརྟགས་པ་ཡིན་པས་རྒྱབ་བསྐྱོར་གནང་རོགས། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧདགོང་དག་ལོ་ཨ་ཁུ།

    Reply
  2. བདུད་འདུལ་ཐོག་རྒོད། says:
    ལོ་ 14 སྔོན།

    ཨིན་ཇིའི་བུ་གུ་ཚོས་བོད་དོན་གླེང་ཤེས་ཀྱི་མ་རེད། བཙན་བྱོལ་སྤྱི་ཚོགས་དང་སྒོས་སུ་གྲྭ་ས་གྲྭ་ཚང་འདིས་མཚམས་རེར་མིང་སྐམ་པོ་ཞིག་ཡོད་ན་ཧ་ལས་ལས་བྱེད་པ་ལས། དོན་དག་ཡོད་མེད་ལྟ་དགོས།

    Reply
  3. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ལགས་ལ་དགའ་བོ་ཞེ་དྲག་བྱུང། བཀའ་དྲིན་ཆེ། སྤྱི་བ་མཐོང་བས་མི་བུ ཞིག་ཏུ་འདོད། མུ་འཐུད་ནས་ལེགས་ལམ་ལ་གཞོལ་རོགས།
    དགེ་མཐོང་ལ། པར་ནས་སེར་བྱས་མེད་པ་མི་མཐོང་གི

    Reply
  4. མི་རྒོད། says:
    ལོ་ 14 སྔོན།

    སླར་ཡང་མཆན་གཉིས་པ་འདེབ་གལ་ཐུག་སོང་།
    བཀྲིན་བླ་མེད་དུ་ཆེ། མང་གཙོའི་གོ་དོན་ཤེས་ཡོན་གཏིང་ཟབ་ཡོང་རྒྱུ་ང་ཚོར་ཧ་ཅང་གལ་ཆེ། ནམ་ཞིག་རང་འགོ་རང་ཐོན་ཛ་དྲག་སྐབས་ མང་གཙོའི་གོ་དོན་ནུས་པ་ཆུང་ཚེ་བལ་ཡུལ་ལྟ་བུ་ཡོང་སྲིད་པ་རེད། བོད་རང་དབང་སློབ་ཕྲུག་ཚོགས་པ་ནི་དཔའ་རྒོད་འཛམ་གླིང་ནང་གི་རི་མཐོ་ཤོས་ཡིན་པ་རེད། ཁོང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ད་སྐྱ་སེར་ཚང་མ་རིག་པ་སྒྲུང་སྒྲུང་གནང་ནས་བོད་དོན་ལ་འགན་མི་རེ་ངོ་རེ་ནས་འཁུར་ཏེ་ཆེ་ས་ལས་འགུལ་ནས་འགོ་རྩམ་ཆུང་ས་རང་ནུས་ལ་དཔག་པའི་འགྲེལ་བརྗོད་གཅིག་ལས་མ་བྱུང་ན་ཡང་གནང་གང་ཐུབ་དང་། རྒྱ་ཡི་ཅ་དངོས་ཉོ་ཚོང་སྤང་གང་ཐུབ་བྱས་ནས་ གཞིས་ཆགས་ནང་ བོད་བཟོས་བོད་གྱོན། བོད་བཟན་བོད་བཟའ། བོད་ཁང་བོད་ལུགས། 
    བོད་སྐད་བོད་ངག། བོད་དངུལ་བོད་པ་ལ། ཐོན་བསྐྱེད་བོད་པ།
    ལ་སོགས་པའི་ལམ་ནས་ཀྱང་མི་རིགས་དང་ ལེགས་བྱང་། གོམས་གཤིས་སོགས་འཐབ་རྩོད་གནང་ཐུབ་རྒྱུའི་ལམ་ཡོད་རེད།།།

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    སྤྱི་ཚོགས་བསམ་བློ་བའི་དགེ་མཐོང་ལགས་སུ། སེར་སྨད་རྡོ་རྗེ་རྣམ་རྒྱལ་ལགས་འདྲ་པར་གྱི་ལམ་ནས་ངོ་སྤྲོད་ཞུས་ཟིན། སྤྱིར་བཏང་ཁོང་གི་གསུང་པ་བཞིན་གནས་ཚུལ་ཡོང་ཁུངས་རྩད་གཅོད་ཞིབ་ཙམ་བྱེད་ན་ཡག་པོ་ལོས་ཡོད་ལགས།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    སྤྱིར་བཏང་དེ་འདྲའི་གཏམ་བཤད་ཅིག་གོ་སྒྲིག་གནང་བ་དེ་ནི་ཧ་ཅང་ཡག་པོ་རེད། ཡིན་ནའང་འདིར་གསར་འགྱུར་མཁོ་སྤྲོད་བྱེད་སྐབས་ནོར་འཆུག་དང་ཡང་ན་བསམ་བཞིན་དུ་གང་ཡིན་མི་ཤེས་པ་ཁག་ཅིག་འདུག དཔེར་ན། སེར་བྱེས་གྲྭ་ཚང་དུ་ལབ་ནོ་རྫུན་རང་རེད། པར་ལ་བལྟས་ན་ཤེས་སླ།

    ཡང་སྙིང་སེར་སྨད་རྡོ་རྗེ་རྣམ་རྒྱལ་ཟེར་བ་ཞིག་ཡོད་མེད་དང་། སྐད་ཆ་འདི་དེས་བཏང་མིན་ལ་བརྟགས་དགོས། གནས་ཚུལ་དངོས་སེར་སྨད་བློ་དགས་མཁྱེན་པས་ཁོ་ལ་དྲིས་ན་ལེགས།

    Reply
  7. རྭ་ལོ། says:
    ལོ་ 14 སྔོན།

    མི་རབས་གསར་པ་གན་ན་ལངས་ནས་འགྲོ་གི་འདུག རྒྱལ་དར་འདྲ་མིན་སྣ་ཚོགས་ཁུར་ནས་འགྲོ་གི་འདུག སེམས་ལ་ཡར་མར་བཅོ་བརྒྱད་དྲན་ནས་འགྲོ་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese