མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མེར་བསྲེཊ་གཏོང་མཁན་ ༣ གྱི་བརྙན་པར་ལག་སོན་བྱུང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྔ་པ་ཁུལ་འཛམ་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་དང་ཆོས་འཕགས་སྐྱབས། བསོད་ནམས་བཅས་གསུམ་གྱི་ཁ་ཆེམས་ཡི་གེ་དང་བརྙན་པར་ཞིག་གསར་དུ་ལག་སོན་བྱུང་འདུག  
 

དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷགས་པ་ཚེ་རིང་ཚོགས་ཁང་དུ། ཕ་ཡུལ་ཨ་མདོ་མགོ་ལོག་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༦ ཉིན་བསྟན་པ་ལགས་སུ་ད་ལོའི་ཕྱི་ཟླ་ ༤ ཚེས་ ༡༩ ཉིན་རྔ་པ་འཛམ་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་བྱས་ཏེ། སྐུ་སྲོག་གྲོངས་པའི་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་བསོད་ནམས་རྣམ་གཉིས་དང་། དེ་བཞིན་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་རང་ལུས་མེར་བསྲེགས་བཏང་སྟེ། སྐུ་གྲོངས་ཟིན་པའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་བཅས་ཀྱི་ཁ་ཆེམས་ཡི་གེ་དང་སྐུ་པར། བརྙན་པར་བཅས་ལག་སོན་བྱུང་བ་རྣམས་ཀློག་འདོན་དང་གཟིགས་འབུལ་ཞུས་སོང་ལ། ཁ་ཆེམས་ཡི་གེ་དེ་ནི། བསྟན་པ་དར་རྒྱས་ལགས་ཀྱིས་ཉེ་ལམ་ཁོང་ལ་བོད་ནས་འབྱོར་བའི་བརྙན་པར་ལས་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན་འདུག 

དེའི་ནང་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་ཁ་ཆེམས་ནང་། “ ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས། མིང་སྣང་གྲོལ་ང་ཡི་ལ་རྒྱ།  ངའི་དྲིན་ཅན་ཕ་ལོ་མ་ལོ༌།  ངའི་འདང་ཅན་ཕུ་ནུ་ཉེ་འཁོར།  ང་མི་འདུག་འགྲོ་རན་བྱུང་ཐལ།  ངས་དྲིན་ཅན་བོད་མིའི་དོན་ལ།  ངའི་ཚེ་སྲོག་མེ་ལ་བསྐུར་ནས།  བོད་མི་རིགས་ཕོ་མོ་རྣམ་པ།  བུ་ང་ཡི་རེ་བ་ཡིན་ན།  ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས།  བོད་ཡིན་ན་བོད་ལྭ་གྱོན་དགོས།  དེའི་མི་ཚད་བོད་སྐད་བཤད་དགོས།  བོད་ཡིན་ནོ་སེམས་ནས་མ་བརྗེད།  བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས།  ཕ་མ་ལ་བརྩི་བཀུར་དགོས།  མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག  བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག  རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ།  སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ།  རྒྱ་ངན་འདིས་བོད་པ་བཙན་བཟུང་བྱེད།  ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད།  རྨ་མེད་པའི་གཅར་རྡུང་བཟོད་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད།  མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད།  རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག ” ཅེས་བཀོད་འདུག

དེ་བཞིན། རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་གཉིས་ཀྱི་ཁ་ཆེམས་ཡི་གེའི་ནང་། “ བོད་མི་རིགས་འདི་གཞན་དང་མི་མཚུངས་བའི་ཆོས་དང་རིག་གནས། བྱམས་དང་སྙིང་རྗེ་ལྡན་པ། གཞན་ལ་ཕན་སེམས་ཆེ་བའི་མི་རིགས་ཤིག་ཡིན། ཡིན་ན་ཡང་། བོད་མི་རིགས་རྒྱ་ནག་གིས་བཙན་བཟུང་དང་དྲག་གནོན་མགོ་སྐོར་བྱས་པས། ང་ཚོ་བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྡུག་བསྔལ་དང་། འཛམ་གླིང་ཞི་བདེ་ཡོང་ཆེད་ངས་རང་ལུས་མེར་བསྲེགས་པ་ཡིན། ང་ཚོ་བོད་མི་རིགས་ལ་རང་དབང་མེད་པའི་སྡུག་བསྔལ་འདི། ངས་རང་ལུས་མེར་བསྲེགས་པ་ལས་ཀྱང་སྡུག་བསྔལ་ལྷག་ཏུ་ཆེ། འཇིག་རྟེན་འདི་ན་ཆེས་དྲིན་ཆེ་བའི་ཕ་མ་དང་ཁྱིམ་མི་བཟའ་ཚང་།  ཕུ་ནུ་ཉེ་འབྲེལ་རྣམ་པ།  ངེད་གཉིས་ཀྱིས་ཁྱེད་ཅག་ལ་འདང་མ་བརྒྱབ་པ་མིན། ངེད་གཉིས་ཁྱེད་ཅག་དང་ཁ་བྲལ་བར་རྔམ་པ་མིན།  རང་གི་ཚེ་སྲོག་ལ་གཅེས་སྐྱོང་མ་ཤེས་པ་ཡང་མིན། སེམས་དང་བསམ་པ་མཉམ་པའི་སྒོ་ནས།   ངེད་གཉིས་ཀྱིས་སེམས་བསམ་པ་མཉམ་པའི་སྒོ་ནས།  བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱིས་རང་ལུས་མེར་བསྲེགས་པ་ཡིན།

 

ཁྱེད་ཅག་གིས་ངེད གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་དགོས། ངེད་གཉིས་རྒྱ་ལག་ཏུ་ཤོར་ཡང་ཁྱེད་ཅག་གིས་ཅི་ཡང་བྱེད་མི་དགོས། ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན།  མཁས་བ་དང་མཁན་སྤྲུལ་རྣམས་ཀྱི་ཁ་ཉན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ཕྱོགས་མི་ནོར་བ་དང་།  རང་རིགས་ལ་དུངས་ཞེན་དང་། རང་གི་རིགས་གནས་ལ་འབད་རྩོན་བྱས་ནས་རང་ཚུགས་མ་ཤོར་བར། རྡོག་རྩ་གཅིག་སྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན།  ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་པར་སྙིང་ནས་རེ་བ་ཡོད། ” ཅེས་བཀོད་འདུག

 

གསར་འགོད་པ། དོན་གོ

མཆན། 12

  1. པོ་ཏཱ་ལ says:
    ལོ་ 11 སྔོན།

    མི་ཆུང་ལགས་ཤེས་མདོག་དེ་འདྲ་མ་བྱེད་་་་དར་ཆའི་འགྲེལ་བཤད་་རྒྱུ་མཚན་མེད་པའི་སྐད་ཆ་རེད་་་་རྒྱ་ནག་དར་ཆ་དེ་ད་ལྟ་ཐེ་ཝན་དུ་ཡོད་པའི་ཚོན་མདོག་སྔོ་ཁྲ་ཅན་དེ་རེད་་་སྔོན་མ་ཇན་ཅན་ཧྲི་ཐེ་ཝན་དུ་བྲོས་འགྲོ་སྐབས་ཁྱེར་ནས་ད་ལྟ་ཐེ་ཝན་རྒྱ་དར་རེད་་་་ད་ལྟ་རྒྱ་མིའི་དར་ཆ་དེ་གསར་གཟོ་རྒྱ་ནག་ཏང་གི་དར་ཆ་ཟེར་དགོས་རེད་ཤེས་སོང་ངམ་་རྗེས་མ་དེ་འདྲ་མ་བཤད་ངོ་ཚ་་་་མི་ཆུང་རང་རེད

    Reply
  2. མི་ཆུང་། says:
    ལོ་ 11 སྔོན།

    དེ་རིང་ཁྱེད་ལ་གོ་སྐོན་ཞིག་བྱེད། གྲོགས་ནད་པ་ལགས། གུང་ཁྲན་ཏང་གི་དར་ཆ་དང་རྒྱ་ནག་གི་དར་ཆ་གཉིད་རྦད་དེ་ཐ་དད་རེད། ཏང་གི་དར་ཆ་ནི་གཞི་དམར་པོའི་སྟེང་གི གཡོན་ཟུར་དུ་བཟོ་ཞིང་གི་རྟགས་ཟོར་བ་དང་ཐོ་བ་གཉིས་མཉམ་སྡེབ་དེ་རེད། རྒྱ་ནག་གི་དར་ཆ་ནི། གཞི་དམར་པོའི་སྟེང་སྐར་ལྔ་ཡོད་པ་དེ་རང་རེད། འདི་ཡང་རྒྱུན་ཤེས་ཞིག་རེད།
    དར་ཆ་དེའི་འོག་བོད་མི་ཁྲི་ཚོ་མང་པོ་བསད་པས། དར་ཆ་དེའི་འོག་ཚད་མཐོའི་རང་སྐྱོང་བྱས་ནས་ཀྱང་འདུག་མ་ཐུབ་ན། གནམ་འོག་འདིའི་འོག མི་དམངས་དུང་ཕྱུར་མང་པོ་བསད་པས། ད་གཟོད་འཛམ་གླིང་མི་དམངས་རྣམས་གནམ་འོག་གང་ཞིག་ཏུ་འགྲོ་དགོས།

    Reply
  3. མི་འགྱུར་བཀྲ་ཤིས། says:
    ལོ་ 11 སྔོན།

    ཁོང་ཅག་ལ་མྱ་ངན་དང་གུས་འདུད་ཞུ། འདི་ཚོ་རིག་དུས་དབུ་མའི་ལམ་གྱི་མདའ་ཁ་ནང་ཕྱོགས་ཀྱི་ངན་བྱུས་དེ་ཚོ་དང་། གླིང་སའི་ལས་སྟངས་འདི་དག་གིས་ངོ་ཚ་བཅུག་གི་འདུག་ག

    Reply
  4. ཅང་མེད། says:
    ལོ་ 11 སྔོན།

    དུ་ཐོག་ལྟར་གསལ་བསྒྲགས་སྤེལ་བ་བཀའ་དྲིན་ཆེ་ཞུ། ཡིན་ནའང་ས་ཆ་གང་ནས་ཡིན་གསལ་བོ་དགོས་པའི་་་རྭ་འགོ་ལུག་བརྒྱར་བྱས་ན་དགེ་མཚན་མི་འདུག་གོ
    དཔེར་ན། རྔ་བ་འཛམ་ཐང་ཟེར་ན་གོ་ས་མི་འདུག་པའི། འདི་ལྟར་་་་རྔ་བ་”ཁུལ”་འཛམ་ཐང་རྫོང་བར་མ་ཞིང་ཟེར་བའི་གསལ་བོ་དགོས།

    ཡོད་ཚད་ནས་ཡོད་རྔ་བ། ཡོད་ཚད་ནས་ཡོད་ཚད་ཀིར་རྡི།
    ཡོད་ཚད་ནས་ཡོད་ཚད་ཁྱེད་ཚང་། ཡོད་ཚད་ནས་ཡོད་ཚད་ངེད་ཚང་།

    ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ལ་བཀའ་དྲིན་ཆེ་ཡིན་ནའང་ཁ་གསལ་ཁོང་གསལ་དགོས་པའི་རྗེས་ཕྱོགས་ཐུགས་ལ་ཁར་རོགས། སྤྱིར་ན་ཆབ་སྤྲིད་བཙོན་ཟུར་་ བཙོན་ཟུར་་ བཙོན་ཟུར་་་་བཙོན་ཟུར་་ བཙོན་ཟུར་་ བཙོན་ཟུར་་ ཧ་ཧ་ཟུར་འདུག

    Reply
  5. ནད་པ says:
    ལོ་ 11 སྔོན།

    ༡༥༥༩ ལོ་ནས་ད་བར་གཞི་ལུས་བོད་རིགས་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དེ་འདྲ་ག་རེ་བྱས་ནས་བྱས་དང་བྱེད་བཞིན་པ་རེད། ད་དུང་བོད་རིགས་ན་གཞོན་འདི་དག་གིས་ཏང་ལ་དགའ་ཞེན་མི་བྱེད་པ་དེ་གང་ཡིན་ནམ།

    ཏང་གི་རྒྱལ་དར་ལ་མར་ཕབ་ནས་ངོ་རྒཽལ་ག་རེ་བྱས་ནས་བྱེད་བཞི་པ་རེད། ཏང་གི་དར་དམར་ཡར་བསྒྲེངས་ནས་ངོ་རྒཽལ་བྱེད་མི་བྱེད་པ་དེ་གང་ཡིན་ནམ།

    ངས་བསམ་ན་ཕལ་ཆེར་རྒྱ་མིས་བཤད་པ་ལྟར་གཞི་ལུས་བོད་རིགས་མིད་དམངས་རྣམས་ནི་ཆེས་ཀླ་ཀློ་དང་། ཆེས་མུན་ནག ཆེས་ལྐུགས་པ། ཆེས་རྨོངས་པ་ཅན་རང་ཡིན་པ་འདྲ།

    གང་ཡིན་ཟེར་ན་ཁོང་ཚོས་ག་གུས་ཡིན་ཀྱང་ཏང་གི་དར་དམར་མཐོང་བ་ཙམ་གྱིས་བླ་འདར་བ་དང་། ཡིད་ཆེས་བརླགས་པ། ཞེ་མོར་བ། སྐྱུག་བྲོ་བ། སྙིང་ན་བ། ན་གཟུག་བསྟེར་བ། ཁོང་ཁྲོ་བ་བཅས་ཀྱི་ཐ་ན་སོ་སོའི་ཚེ་སྲོག་ཀྱང་དམར་པོའི་མེ་རུ་སྤཽར་བཞིན་ཡོད།

    འདི་ནས་ཏང་ལ་དགའ་ཞེན་མཚོན་ཏང་དར་ལྷུབ་ལྷུབ་ཏེ་འཁྱེར་ནས་ལེ་བར་མང་པོར་བརྒྱངས་བསྐྱོད་བྱེད་བཞིན་ཡོད་པ་མཐོང་དུས་ངས་ཡང་བསྐྱར་དྲན་གསོ་པ་ཞིག་ལ།

    སྔོན་མ་གུང་ཁྲན་ཏང་དང་གུང་ཏང་སྲིད་གཞུང་དབར་དམག་འཁྲུགས་བྱེད་སྐབས་ཏང་གི་དམར་དམག་ལ་ཕམ་ཉེས་ཆེན་པོ་བྱུང་རྗེས་ཕྱིར་བྲོས་བྱེད་དུས་མའོ་ཡི་དེ་ལེ་དབར་ཉི་ཁྲིའི་བརྒྱངས་བསྐྱོད་ཅེས་མིང་བཏགས་པ་དེ་ཧབ་སྟེ་ཁ་ལ་དྲན་སོང་།

    བཙན་པོའི་སྙིང་སྟོབས་ཀྱི་ཁྲག་གི་རྒྱུ་བ་དེ་ད་དུང་ནམ་ཡང་ཉམས་པ་མེད་པར་གནས་ངེས་ཡིན། བོད་རྒྱལོ།།

    Reply
  6. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 11 སྔོན།

    http://www.youtube.com/watch?v=ngCJmmubQrg&feature=youtu.be

    འདི་ལ་གཟིགས་དང་། ང་ཚོས་སྤུན་ཟླ་ནང་འགྲིག་དང་ལྡོག་རྩ་གཅིག་སྒྲིལ་བྱེད་ཨེ་དགོས་འདུག ད་དུང་ཅིག་ཅིག་གིས་རང་དོན་རེད། ཉིག་ཉིག་གི་ཁྱིམ་དོན་རེད། ད་དུང་ཆོལ་ཁ་ཆོས་ལུགས་བར་ཞེན་འཛིན་གྱིས་གདོང་དམར་ནག་སྟོན་རེས་བྱེད། རང་ཉལ་ནས་སྡོད། གཞན་གྱིས་བསྒྲུབས་པར་འབུར་འཇོམས་དང་ཟུར་ཟ་དམའ་འབེབ་བྱེད། ངོ་མ་རང་ངོ་གནོང་དགོས་པའི་ཚད་རེད། མེ་ལྕེ་འདིའི་སྲེག་སྒྲ་དང་མཉམ་དུ་མྱངས་པའི་སྡུག་བསྔལ་དེ་དཔའ་བོ་འདི་དག་གིས་ཁྱོད་དང་ང་ཚུད་པའི་བོད་མགོ་ནག་སྤྱི་ལ་བསྐུལ་བའི་རེ་བ་ལྷག་བསམ་དྭངས་མ་རེད། ཨ་མགོ་ནག་བོད་པ།

    Reply
  7. གདོང་གཡུ་ལོང་། says:
    ལོ་ 11 སྔོན།

    དོན་གནས་བདེན་དབང་གི་བརྙན་པར་འདི་དག་ལག་སོན་བྱུང་བ་དངོས་གནས་གཟི་བརྗིད་ལྡན་པ་ཞིག་རེད། རང་མི་རིགས་ཀྱི་བདེ་སྡུག་དང་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་མཁན། ཁོང་རྣམས་ཀྱི་བསམ་དོན་ཡང་དེ་རེད་ལ་མིག་མཐོང་ལག་ཟིན་གྱིས་དོན་དངོས་རྒྱལ་སྤྱིའི་སྒང་ལ་བསྟན་ཐུབ་ན་གྲུབ་འབྲས་ཀྱང་མི་དམན་ཞིག་ཐོན་ཀི་རེད། ཡིན་ན་ཡང་། སྐྱོན་ཆ་ཆེ་ཤོས་ཤིག་ནི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བརྩི་སྤྲོད་དང་ཁྱབ་སྤེལ་མ་བཏང་གོང་ནས་རང་རེའི་ཁྱབ་རྒྱ་ཆུང་བའི་གསར་ལམ་ཁག་ཏུ་དང་ཐོག་བཏང་བ་ཡིན་ན་དོན་དངོས་ཀྱི་གནས་ཚུལ་དེ་དག་རྒྱལ་སྤྱིའི་སྒང་ལ་ཁྱབ་བསྒྲགས་ཤུགས་ཆེན་ཏུ་འགྲོ་མ་ཐུབ་པའི་རྐྱེན་གྱིས་དོན་དངོས་ཀྱི་བདེན་དབང་དེ་དག་ནུས་མེད་བཏང་བ་རེད། ཁ་སྔོན་ང་ཚོའི་དོན་དངོས་ཀྱི་བདེན་དབང་གལ་ཆེན་འགའ་ཤས་རྒྱལ་སྤྱིའི་སྒང་ལ་སླེབས་མ་ཐུབ་པ་ཡང་། དང་པོ་རང་རེའི་གསར་འགྱུར་ཁག་ཏུ་བཏང་བའི་རྐྱེན་གྱི་ཡིན་པ་ཐག་ཆོད་རེད། བོད་ནང་དུ་རང་སྲོག་ལ་མ་འཛེམས་པར་འདིར་བཏང་སྟེ་སླེབས་ན་ཡང་། འདིར་རང་རང་གི་མཚན་སྙན་དང་བྱས་རྗེས་ལ་མྱོ་ཧམ་གྱིས་ལམ་སང་དེ་དག་གི་གལ་གནད་སྐོར་ལ་བསམ་ཞིབ་ཁྱོན་ནས་མ་བྱས་བར་ཕྱིར་བསྒྲགས་བྱས་བ་ཡིན་ནོར་འཁྲུལ་ཆེན་པོ་རེད་དྲན།    དེ་སྐོར་ལ་གཞུང་མང་ཚང་ཡིད་གཟབ་གནང་དགོས་པ་འདུག དང་པོ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བཏང་བར་རང་རེའི་དྲ་ལམ་ཁག་དང་སྒེར་གྱི་ངོ་དེབ་སོགས་སུ་བཏང་བ་ཡིན་ན་རྒྱལ་སྤྱིའི་གསར་ལམ་ཁག་ཤུགས་ཆེ་ཤོས་སོགས་ཀྱིས་ཁྱབ་བསྒྲགས་ཁྱོན་ནས་བྱས་མ་རེད། དེར་བརྟེན་ཚང་མས་དེ་སྐོར་ནས་ལྷོད་གཡེངས་ལ་མ་གཏོང་བར་གནོངས།

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 11 སྔོན།

    ་་་་་་་རྒྱལ་གཅེས་པ་རྣམས་ལ་མགོ་བོ་བྲང་ཐོག་ཏུ་ལྷུང་བཞིན་གུས་བཏུད་ཞུ། ངའི་མིག་ཆུའི་ཐིགས་པ་འགའ་གདོང་ནས་ལྷུང་ཤོར་བ་ནི། ཞལ་ཆེམས་འདི་དག་བཀླགས་པས་དབང་མེད་ཀྱི་ཚོར་མཚོན་ཞིག་རེད་ལ། ངས་ཁྱེད་རྣམ་པ་གསུམ་གྱི་ཞལ་ཆེམས་ལྟར་ཉམས་ལེན་དང་གཞན་ལ་གོ་སྐབས་གང་ཡོད་ཀྱིས་འགྲེལ་བཤད་བྱ་རྒྱུར་བབ་བསྟུན་ཁས་ལེན་ཞུ་བ་དང་ཆབས་ཅིག ཕྲན་གྱིས་མཚུངས་མེད་རྒྱལ་གཅེས་པ་ཁྱེད་རྣམས་ཀྱི་ཐུགས་སྟོབས་བཞིན་བྱ་རྒྱུར་སྙིང་སྟོབས་ཀྱིས་མི་འདེང་བར་འདུག དགོངས་དག དེ་རིང་ང་དང་བོད་རིགས་སྤུན་ཟླ་ཐམས་ཅད་ཀྱི་ངོ་གདོང་ལ་གསར་འགྱུར་འདིས་མིག་ཆུའི་རླན་པ་ཐེངས་གཅིག་བྱུང་བ་ཙམ་རེད། ཁྱེད་རྣམས་ཀྱི་ལམ་སྟོན་ལྟར་རྒྱལ་ཞེན་དང་ཆིག་སྒྲིལ་གོང་འཕེལ་ལ་རང་རང་སོ་སོས་ཧུང་བསྐྱེད་བྱ་ངེས་རེད་སྙམ། ་་་་་་་་་་ང་ཚོ་ཁ་བྲལ་བའི་ཐ་མར་ང་ཚོས་ཁྱེད་ཅག་མིག་ཆུས་སྐྱེལ་མ་ཙམ་ལས་ཅི་ཡང་བྱུང་མ་སོང་་་་་་་་་་སེམས་ཕམ་་་་ཡིད་ཕམ་ཡོད་་་་་་་་་སླར་ཡང་་སྙིང་ནས་དགོངས་སེལ་ཞུ་ཡི་ཡོད། ་་་་ཨ་ཧཱཧཧཧ་་དགོངས་དག་་་་ག་་ག་་་་ག་ལེར་ཕེབས་་་་་་་ལྷག་བསམ་བཅོས་མས་ཟིན་པའི་་ཡི་གེ་དྲུག་མ་ཕྲེང་སྐོར་གཅིག་རེ་་་་གདན་ཐོག་འདི་ནས་་་འབུལ་བཞིན་ཡོད་་་་་རྗེས་ནས་་་་ནམ་ཡང་དྲན་ངེས་ཡིན་་་ལ་་་་་་་ནམ་ཡང་ཡི་གེ་དྲུག་་་་མ་་་་་་ཨ་ཧཱ་ཧཧ་་་ག་་གག་ལེར་ཕེབས་རོགས་་་་་་་་་་་་་་་་་་་་་་་་་་་

    Reply
  9. སྦྲ་དཔལ་ལྡན། says:
    ལོ་ 11 སྔོན།

    དངོས་ནས་སེམས་པ་སྐྱོ་ནི་ཞིག་རེད། སྐད་ཆ་དེ་ ཁོ་ཚོའི་ལུས་པོ་མེ་སྲེག་བའི་སྡུག་བསྔལ་ལས་ཆེ་ཞིག་རྒྱ་འོག་དུ་བསྡད་ན་ཡོད་ཟེར་བ་ ཉམས་མྱོང་གི་སྐད་ཆ་རེད སར་བུ་སྟག་འདྲ་བ་གསུམ་མུན་ནག་དུ་དུས་གཅིག་ཏུ་སོང་པ་དང་བོད་གངས་ཅན་ལ་ཤ་ཚ་ཆེ་བའི་དཔའ་བོ་དཔའ་མོ་སུམ་ཅུ་ལྷག་ཅིག་སོང་བ་དངོས་ནས་གྱོང་གུད་རེད་

    Reply
  10. norlhatso says:
    ལོ་ 11 སྔོན།

    བསླུ་མེད་སྐྱབས་ཀྱི་དམ་པ་རྣམ་གསུམ་གྱིས་རྗེས་སུ་འཛིན་པའི་སྨོན་ལམ། འཛམ་གླིང་ཞི་བདེ་དང་སྐྱེ་འགྲོའི་བདེ་སྐྱིད་ཀྱི་ཆེད་དུ་རང་ལུས་མཆོད་མེ་ལ་ཕུལ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱི་རྨད་བྱུང་མཛད་བཟང་འདི་འདྲས་རྒྱལ་སྤྱིའི་མི་མང་ལ་གཡོ་འགུལ་མི་ཐུབ་ན་ནག་ཕྱོགས་བདུད་སྡེ་དམར་པོས་བོད་ཙམ་མིན་པར་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་རང་དབང་དང་ཞི་བདེ་འཕྲོག་པའི་མུན་ནག་གི་བསྐལ་བ་ཞིག་ཡོང་གི་མེད་དམ་སྙམ་པའི་བློ་འཚུབ་སྐྱེས་གཞིར་གྱུར་ན་འགྲོ་བ་མིའི་རིགས་ཡོངས་ཀྱིས་རང་དབང་དང་ཞི་བདེ་ཆེད་དུ་ངོ་རྒོལ་བྱ་དགོས། རྒྱལ་སྤྱིའི་མི་མང་རྣམས་རང་དབང་དང་ཞི་བདེ་ཆེད་དུ་ལོངས་ཤོག ལོངས་ཤོག ལོངས་ཤོག གོ་ལ་འདིའི་སྟེང་གི་མིའི་རིགས་ཡོད་དོ་ཅོག

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 11 སྔོན།

    ལག་སོན་བྱུང་བ་འདིར་མི་འདུག་པ་ཅི་རེད་་་་

    Reply
  12. གླག་སྨྱོན། says:
    ལོ་ 11 སྔོན།

    ཁ་ཆེམ་ཡི་གེ་དེ་དང་པར་དེ་དག་མྱུར་དུ་དྲ་ཐོག་དུ་གཏོང་ཐུབ་ན་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist