མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་ཚོགས་ཆེན་ཉི་ཧོང་དུ་ཚོགས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp
གཟའ་ཟླ་བའི་ཉིན་ཊོ་ཁའེ་ཡའོ་རུ་འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་ཚོགས་ཆེན་ཐེངས་ ༤ ཚོགས་ཡོད་ལ། རྒྱལ་ཁབ་ཁག་ ༢༠ ནས་ཚོགས་ཞུགས་པ་མི་ ༡༢༠ ལྷག་སླེབས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༤ ནས་ཉིན་བཞིའི་རིང་འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་ཚོགས་ཆེན་ཐེངས་ ༤ པ་དེ་ཉི་ཧོང་རྒྱལ་ས་ཊོ་ཁའེ་ཡའོ (Tokyo) རུ་འཚོགས་བཞིན་པ་ལྟར། ཚོགས་འདུའི་ཐོག་འཛམ་གླིང་ཡུལ་གྲུ་ཁག་ནང་ཡོད་པའི་ཡུ་གུར་འཐུས་ཚབ་མི་སྣ་དང་
ཡུ་གུར་མི་རིགས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གྲོས་ཚོགས་འཐུས་མི་གཙོས། ཨ་རི་དང་། ཨེ་ཊ་ལི། ཌོར་ཁའེ་སོགས་རྒྱལ་ཁབ་ཁག་ ༢༠ ལྷག་གི་ཡུ་གུར་རྒྱབ་སྐྱོར་གྲོས་ཚོགས་འཐུས་མི་དང་
འབྲེལ་ཡོད་ཚོགས་སྡེ་ཁག་གི་འཐུས་མི་བཅས་མི་གྲངས་ ༡༢༠ མཉམ་ཞུགས་གནང་ཡོད་པ་དང་། ཚོགས་འདུའི་མཛད་སྒོའི་ཐོག་ལྕམ་རེ་བྷེ་ཡ་ལགས་ཀྱིས་རྒྱ་གཞུང་གིས་ཡུ་གུར་བ་དམར་གསོད་གཏོང་བཞིན་པ་མཚམས་འཇོག་དགོས་པ་ནན་བརྗོད་དང་། དེ་བཞིན་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་གི་དྲག་གནོན་འོག་ཡོད་པའི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་གཟིགས་རྟོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
ཚོགས་འདུའི་མཛད་སྒོ་གྲོལ་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལྕམ་རེ་བྷེ་ཡ་ལགས་ཀྱིས། རྒྱ་གཞུང་གིས་ཕྱི་རྣམ་པའི་ཐོག་ནས་ཡུ་གུར་ལ་རང་སྐྱོང་སྤྲད་ཡོད་ཀྱང་། དོན་གྱིས་དེ་ལས་ལྡོག་སྟེ་ཡུ་གུར་མི་རིགས་ཤུལ་མེད་རྩ་རྫོགས་སུ་གཏོང་བཞིན་པའི་གནས་སྟངས་འོག་ལྷུང་ཡོད་སྐོར་གསལ་བཤད་དང་། ཁོ་མོའི་ངོས་ནས་མི་རིགས་རང་ཐག་རང་གཅོད་ཀྱི་གནས་བབས་ཐད་རྒྱ་གཞུང་དང་གྲོས་མོལ་བྱ་འདུན་ཡོད་པ་བརྗོད་འདུག
གསར་འགོད་པས་འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་མཐར་ཐུག་དམིགས་ཡུལ་ནི་རང་བཙན་ཟིན་གྱི་ཡོད་མེད་སྐོར་དྲིས་པར། ཁོ་མོས་༼ མི་རིགས་གང་དང་གང་ཡིན་ཡང་ཚང་མར་རང་ཉིད་ཀྱི་ལས་དབང་ཐག་གཅོད་ཀྱི་བདག་དབང་ངེས་པར་དུ་ཡོད་དགོས་པ་རེད། ཤར་ཏུར་ཀི་སི་ཐན་ནི་ཡུ་གུར་བ་རྣམས་ཀྱི་མེས་རྒྱལ་རེད།༽ ཅེས་ལན་འདེབས་བྱས་ཡོད་པ་རེད།
རྒྱ་གཞུང་གིས་ཉི་ཧོང་གཞུང་ལ་ཡི་གེ་བཏང་སྟེ་འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པ་ནི་རྒྱ་ནག་གི་བདག་དབང་དང་རྒྱལ་ཁོངས་གཅིག་གྱུར་ལ་གཏོར་བཤིག་གཏོང་མཁན་དང་། ལྕམ་རེ་བྷེ་ཡ་ནི་དྲག་སྤྱོད་པར་འབྲེལ་བ་ཡོད་སྐོར་བརྗོད་དེ། ཉི་ཧོང་གཞུང་གིས་ཡུ་གུར་གནད་དོན་ཐད་ཀྱི་ཚོགས་འདུར་འགོག་རྐྱེན་དང་། ལྕམ་རེ་བྷེ་ཡར་ཐོངས་མཆན་ཡིག་ཆ་མི་སྤྲོད་པའི་རེ་སྐུལ་ཞུས་ཡོད་འདུག
 
ཕྱི་ཚེས་ ༡༡ ཉིན་རྒྱ་གཞུང་ཕྱི་འབྲེལ་མགྲིན་ཚབ་པ་ཧུང་ཧྲི་ཡིས་ ༼ཉི་ཧོང་གཞུང་གིས་རེ་བྷེ་ཡར་ཐོངས་མཆད་སྤྲོད་རྒྱུའི་ཐག་གཅོད་དེར་རྒྱ་གཞུང་གིས་ངོ་རྒོལ་ཡོད༽ཅེས་བརྗོད་ཡོད། ཡིན་ནའང་། ཉི་ཧོང་ཕྱི་འབྲེལ་སྡེ་ཁག་གིས་ “རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་(ICPO)ཀྱིས་ལྕམ་རེ་བྷེ་ཡར་འཇུ་བཟུང་བཀའ་རྒྱ་མ་བཏང་པའི་བར་དུ། ཉི་ཧོང་གཞུང་ངོས་ནས་ཁོ་མོའི་ཐོངས་མཆན་ཐད་བཀག་འགོག་བྱ་ཐུབ་ཀྱི་མ་རེད།” ཅེས་ལན་འདེབས་བྱས་འདུག
ཕྱི་ཚེས་ ༡༣ ཉིན་པེ་ཅིན་དུ་རྒྱ་ནག་སྲིད་བློན་ཝུན་ཇ་པའོ་དང་ཉི་ཧོང་སྲིད་འཛིན་ནའོ་ཊ་ (Noda ) གཉིས་ཐུག་འཕྲད་སྐབས་སུའང་
ཝུན་གྱིས་ཡུ་གུར་དང་སིན་ཁཱ་ཁའོ་གླིང་ཕྲན་(Senkaku Islands) བདག་དབང་གནད་དོན་ནི་རྒྱ་ནག་གི་གཞི་རྩའི་ཁེ་དབང་གནད་དོན་ལ་ཐུག་ཡོད་སྐོར་ནན་བརྗོད་བྱས་ཡོད་ཀྱང་། ཉི་ཧོང་སྲིད་འཛིན་ནའོ་ཊ་ལགས་ཀྱིས་སིན་ཁཱ་ཁའོ་གླིང་ཕྲན་ནི་ཉི་ཧོང་གི་མངའ་ཁོངས་ཡིན་ལ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་པ་ཁྲིན་ཀུང་ཁྲིན་གྱི་གནད་དོན་ཐད་ཁོང་གིས་དོ་སྣང་གནང་གི་ཚུལ་བརྗོད་དེ། ཉི་ཧོང་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་ནས་གྲོས་མོལ་གནང་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད།
འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཏིས་ལགས་ཀྱིས། ཤིན་ཅང་ས་ཁུལ་གྱི་གནས་སྟངས་སྔར་བཞིན་ཧ་ཅང་ཛ་དྲག་གནས་བབ་འོག་ཡོད་པ་དང་། རྒྱ་གཞུང་གིས་དྲག་གནོན་སྲིད་ཇུས་དེར་མུ་མཐུད་འགྱུར་བ་མ་བཏང་བ་ཡིན་ན། ཤིན་ཅང་ནང་བསྐྱར་དུ་ངོ་རྒོལ་ཟིང་འཁྲུག་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 3

  1. ཡུལ་གྱར་བ། says:
    ལོ་ 14 སྔོན།

    ལངས་ཕྱོགས་ཀྱིས་གཞུང་གི་སྐུ་ཚབ་ཞིག་འགྲོ་མ་ཐུབ་ཀྱང་འདིར་བོད་ཀྱི་ཕྱོགས་ནས་ཚོགས་སྡེ་གང་རུང་གི་སྐུ་ཚབ་ཅིག་མེད་པ་གང་ཡིན་ནམ། གཞོན་ནུའི་སྐུ་ཚབ་ལྟ་བུ་འདིར་མི་འགྲོ་བ་བློ་ཕམ་སྐྱེ་གཞི་ཞིག་རེད། ཕལ་ཆེར་མགྲོན་ཤོག་འདྲ་མ་རག་པ་ཡིན་ནམ།

    Reply
  2. སྐར་མདའ། says:
    ལོ་ 14 སྔོན།

    ཤར་ཏུར་ཀི་སི་ཐན་ནི་ཡུ་གུར་བ་རྣམས་ཀྱི་མེས་རྒྱལ་རེད་ཅེས་པ་ལྟར། བོད་ཀྱང་བོད་མི་རྣམས་ཀྱི་མེས་རྒྱལ་རེད། བོད་དང་ཡུ་གུར་མཉམ་འབྲེལ་གྱི་ཚོགས་པ་ཞིག་དགོས་ཚོད་རེད། ཡུ་གུར་བ་རྣམས་ཀྱིས་རང་ཐག་རང་གཅོད་ཀྱི་དགོད་འདུན་འདོན་གྱིན་འདུག་མོད། བོད་ཀྱིས་རྒྱ་ནག་འོག་གི་མི་རིགས་ས་གནས་རང་སྐྱོང་རྩོད་ཀྱིན་ཡོད།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཡུ་གུར་ཚོས་རང་བཙན་ལོངས་ཤོག དམར་ཤོགས་མགོ་རྟིང་སློགས་ཤོག། ག་ས་ག་ནས་ཡིན་ད། ཡུ་གུར་རྒྱལ་ལོ། 

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese