མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་དམངས་གཉིས་ནས་༸གོང་ས་མཆོག་གི་སྐུ་ཕྱཱར་དོ་ནན་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། མ་འོངས་པར་རྒྱ་གར་དབུས་ས་གཉིས་དང་བོད་མིའི་སྒྲིག་འཛུགས། མི་མང་བཅས་
ཀྱིས་༸གོང་ས་མཆོག་གི་སྐུ་ཕྱཱར་དམ་དོན་གནང་རོགས་ཟེར།    

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ པའི་སྟེང་བཞུགས་སྒར་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་ཁང་དུ། ༼ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས༽ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་དམར་གཞུང་གིས་འཆར་གཞི་དང་གྲ་སྒྲིག་ཡོད་པའི་ཐོག་ནས་༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་པ་དང་བྱ་ངན་སྤེལ་དང་སྤེན་བཞིན་པའི་ཐད་ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ཀྱིས་འབྲེལ་ཡོད་རྒྱ་གར་དབུས་ས་གཉིས་དང་། རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་གཙོས། དམིགས་བསལ་བདེ་སྲུང་ལས་ཁུངས་དང་དགའ་ལྡན་ཕོ་བྲང་གི་དབུ་ལས་རྣམས་བཅས་ཀྱིས་༸གོང་ས་མཆོག་གི་སྐུ་ཕྱཱར་སྔར་ལས་ལྷག་པའི་དོ་ནན་གནང་དགོས་པའི་འབོད་སྐུལ་གནང་སོང་ལ། ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་ཡོངས་ཀྱིས་དུས་དང་སྐབས་ལ་བསྟུན་ཏེ། ༸གོང་ས་མཆོག་གི་སྐུ་ཕྱཱར་ལྟ་སྐྱོང་གི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ཚོགས་གཙོ་དང་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྒྲོག་སྦྱོང་གནང་བའི་ནང་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནས་ད་བར་གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་མིའི་རང་དབང་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་ཐད་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་དང་། བོད་མི་སྐྱ་སེར་མང་པོ་ཞིག་གིས་སྐུ་ལུས་མེར་བསྲེགས་བཏང་བར་དྲང་བདེན་གྱི་ཡ་ལན་མེད་ཁར། བོད་ཆོལ་ཁ་གསུམ་དུ་གདུག་རྩུབ་དང་དམ་དྲག་བྱས་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་རང་གིས་བཟོས་པའི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་ལ་རྩིས་མེད་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་སོགས་ཀྱིས། འཛམ་གླིང་ནང་ཆེས་གདུག་རྩུབ་ཅན་གྱི་རྒྱལ་ཁབ་ཅིག་དང་འཕྱ་སྨོད་བྱེད་ས་ཞིག་ཏུ་ཆགས་ཡོད་ཚུལ།  མ་འོངས་པར་རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར། བོད་མི་རིགས་ཀྱི་ལོ་རྒྱུས་དང་སྐད་ཡིག  རང་བྱུང་ཁོར་ཡུག  འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་བཀུར་དང་། རང་དབང་ཆ་ཚང་སྤྲོད་དགོས་པ་མ་ཟད། འཛམ་གླིང་མིའི་རིགས་ཀྱི་ཞི་བདེ་མཚོན་བྱེད་༸གོང་ས་མཆོག་ལ་འཚེ་བའི་བྱ་ངན་ལྐོག་འཆར་རིགས་ཅི་ཡོད་མཚམས་འཇོག་དང་། སྤྱོད་ངན་འདི་རིགས་རྒྱ་ནག་དམར་ཕྱོགས་དང་དབང་འཛིན་པ་རྣམས་ཀྱིས་ངེས་པར་དུ་འགན་འཁུར་དགོས། ཞེས་བཀོད་འདུག

ཡང་གསལ་བསྒྲགས་ནང་དོན་ཚན་གསུམ་བཀོད་ཡོད་པ་ལས། དང་པོ།  ཆོལ་ཁ་གསུམ་གཙོས་ཚོགས་སྐྱིད་ཁག་བཅུ་གཅིག་གམ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་ད་ལྟ་བོད་ནང་རང་ཉིད་བློས་གཏོང་གནང་མཁན་འདས་གསོན་རྣམས་ཀྱི་ཆེད་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་༸གོང་ས་མཆོག་གཙོས་བླ་སྤྲུལ་ཆེ་ཁག་དང་གྲྭ་བཙུན་སྔགས་གསུམ་དབུ་བཞུགས་ཐོག་མ་ཎི་དུང་སྒྲུབ་དང་འབུམ་ཚོགས། མཆོད་འབུལ་སོགས་ཐེངས་ ༡༧ ལྷག་གནང་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དབུས་གྲྭ་བཙུན་དང་མི་མང་ལྷན་འཛོམས་ཀྱིས་འབུམ་ཚོགས་དང་སྨོན་ལམ་རྒྱས་པ་ཞིག་གོ་སྒྲིག་གནང་རྒྱུ།  

གཉིས་པ། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་བོད་སྤྱི་བའི་རྩ་དོན་འཐབ་རྩོད་ཆེད་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་ཉིད་ཀྱི་ཨ་མ་དང་སྲིང་མོ་བཅས་ནང་མི་གསུམ་སྒེར་ངོས་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་མགོ་འཛུགས་གནང་ནས་རྒྱ་བལ་ས་མཚམས་སུ་མ་བསླེབས་པར་ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ཀྱིས་རོགས་རམ་གང་ཐུབ་ཞུས་ཡོད།

གསུམ་པ། རྒྱ་ནག་དམར་ཕྱོགས་ཀྱི་དབང་འཛིན་པ་ཚོས་༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་གཏོང་འཆར་ལ། ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་རྒྱ་གར་དབུས་ས་གཉིས་དང་། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་གཙོས་དམིགས་བསལ་བདེ་སྲུང་ལས་ཁུངས། དགའ་ལྡན་ཕོ་བྲང་གི་དབུ་ལས་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་ཕྱཱར་སྔར་ལས་ལྷག་པའི་དོ་ནན་ཚགས་ཚུད་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན། ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་ཡོད་དོ་ཅོག་ནས་དུས་དང་སྐབས་ལ་བསྟུན་ནས་ལས་འགུལ་སྤེལ་རྒྱུ། ཞེས་བཀོད་འདུག

དབུས་ཆོལ་ཁ་གསུམ་གཙོས་ཚོགས་སྐྱིད་ཁག་བཅུ་གཅིག་གམ་ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ནི། ཆོལ་ཁ་གསུམ་གྱི་སྐྱིད་སྡུག་ཁག་དང་མངའ་རིས་སྤྱི་མཐུན་ཚོགས་པ། ཚོང་པའི་སྐྱིད་སྡུག་བཅས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ ༡༡ མཉམ་རུབ་ཀྱིས་གྲུབ་པའི་ཚོགས་པ་ཞིག་ཡིན་འདུག་ལ། ༢༠༡༡ ལོར་ཚོགས་སྐྱིད་ཁག་གི་གནད་ཡོད་མི་སྣ་ལྷན་འཛོམས་ཐོག་དམ་ཕྲུག་དང་ལས་ཤོག་གཅིག་ཏུ་བཟོས་རྗེས་༼ ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས ༽ ཞེས་བཏགས་ཡོད་འདུག  ཚོགས་པ་འདིས་ ༢༠༠༨ ལོ་ནས་ད་ལྟའི་བར་༸གོང་ས་མཆོག་དབུ་བཞུགས་ཐོག་བོད་ནང་གནས་སྟངས་ཐད་ཆོས་ཕྱོགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢༠ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨

མཆན། 13

  1. ཡུལ་གྱར་བ། says:
    ལོ་ 14 སྔོན།

    གཡས་ཀྱི་བུད་མེད་དེ་མཛེས་ཐག་ཆོད་འདུག དཀྱིལ་དེ་ནི་བོད་རང་བཙན་ཐོབ་ནའང་མི་དགོས་ཟེར་མཁན་ཞིག་ཡོད་པ་དེ་ཡིན་བཟོ་འདུག གཡོན་དེ་ནི་ཧ་མི་གོ གང་ལྟར་༧་གོང་ས་མཆོག་གི་སྐུ་ཕྱ་ལ་ཐུགས་དགོངས་བཞེས་པ་དང་གླིང་ཚ་མ་བུ་གསུམ་ལ་རྒྱབ་སྐྱོར་གནང་བར་བཀྲིན་ཆེ། དེ་མིན་དངུལ་དངོས་ཡོད་ཚད་འཇིག་རྟེན་ཆོས་བརྒྱད་དང་སྦྲེལ་ནས་ཆོས་ཚིག་གྲངས་གསོག་བྱེད་པར་དགེ་མཚན་ཅི་ཞིག་ཡོད། དེ་ནི་རྒྱུ་ནོར་དང་དུས་ཚོད་གྲོན་པ་ལས་གཞན་ཅི་ཞིག

    Reply
  2. ཀེ་ཏ་ཀ says:
    ལོ་ 14 སྔོན།

    ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་བསྒྲགས་གཏམ་སྤེལ་བ་དུས་ལ་བབས་འདུག་ཅིང། དེ་བཞིན་ཚེ་རྡོར་མ་བུ་གསུམ་ལ་རྒྱབ་སྐྱོར་གནང་བ་ནི་བདེན་པ་རྣམ་པར་རྒྱལ་བའི་གངས་སེང་གཡུ་རལ་གངས་རིའི་རྩེ་ནས་འགྱིང་བ་དང་གཉིས་སུ་མེད་པས། ཁྱེད་ཅག་གི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ།གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  4. ལུང་རྟོགས། says:
    ལོ་ 14 སྔོན།

    གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ།གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ། གཅིག་སྒྲིལ་རྒྱལ་ལོ།

    Reply
  5. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    མིང་དོན་མཚུངས་པའི་ཕྱག་ལས་གནང་བའི་རེ་བ་ཡོད། མིང་འདིའི་རིགས་ལ་སྙན་མོ་འདུག

    Reply
  6. ཐུབ་བསྟན། says:
    ལོ་ 14 སྔོན།

    ཚོགས་སྐྱིད་མཉམ་འབྲེལ་རྒྱལ་ལོ། བཀའ་དྲིན་ཆེ། རྒྱབ་སྐྱོར་ཡོད།

    Reply
  7. རེབ་ཐོག་མདའ says:
    ལོ་ 14 སྔོན།

    འདི་མིང་ལ་ད་གཅིག་སྒྲིལ་ཟེར་གི་རེ་ཡ། ཧ་ཅང་གི་ཡག་པོ་འདུག་འདི་ལྟར་བྱས་བ་ཡིན་ན་ང་ཚོ་ལ་རེ་བ་ཆེན་པོ་ཡོད་གྱིས་རེད། གོང་ས་སྐྱབས་མགོན་མཆཽག་གི་སྐུ་ཕྱྭ་ལ་སྲུང་སྐྱོབས་བྱེད་པར་བོད་སྤྱི་བའི་དོན་དག་གཞན་གང་ལ་བསྡུར་ན་གལ་ཆེན་ནང་གི་དོན་ཆེན་རེད།
    ཚང་མའི་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཧ་ཅང་གི་གལ་ཆེན་ཡིན།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ཚོགས་སྐྱིད་ཁག་མཉམ་འབྲེལ་མཐུན་ཚོགས་ཀྱིས་དུས་ལ་བབ་པའི་འབོད་སྐུལ་གསལ་བསྒྲགས་ཤིག་སྤེལ་བར་ཐུགས་རྗེ་ཆེ། དབུས་ཆོལ་ཁ་གསུམ་མཉམ་འབྲེལ་དུ་མ་འདུས་པ་ཞིག་ལོ་རྒྱུས་ནང་བྱུང་མྱོང་མེད། ཆོལ་གསུམ་རྒྱལ་ལོ། མཉམ་འབྲེལ་རྒྱལ་ལོ། བོད་ཁ་བ་ཅན་རྒྱལ་ལོ།
    ____ངའི་ལས་གྲོགས་ཉམས་ཞིབ་པ་རྨ་ཆུ་མགོན་པོ་དོན་འགྲུབ་ཀྱིས་མཆན་འདི་བཀོད་པ་རེད།

    Reply
  9. བློ་འཕེལ། says:
    ལོ་ 14 སྔོན།

    དངོས་གནས་གལ་ཅན་ནང་གི་དོན་ཅན་རེད། མུ་འཐུད་དོ་སྣང་གནང་རོགས།
    ཐུགས་རྗེ་ཆེ།

    Reply
  10. thapkegyatso says:
    ལོ་ 14 སྔོན།

    ངོ་མར་དུས་ལ་བབས་པའི་གསར་འགོད་གསལ་བསྒྲགས་རེད།

    Reply
  11. ནད་པ says:
    ལོ་ 14 སྔོན།

    ཚོགས་སྐྱིད་མཉམ་འབྲེལ་ནས་༸ རྒྱལ་བའི་སྐུ་ཕྱྭའི་སྐོར་ལ་གསལ་བསྒྲགས་གནང་བར་བསྔགས་བརྗོད་ཡོད།

    ད་ལྟའི་ཆར་བོད་མིའི་བླ་ན་མེད་པའི་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་སྐུ་ཕྱྭའི་སྲུང་སྐྱོབ་དང྄། སྐུའི་འཕྲོད་བསྟེན་དེ་ཡང་དག་པ་ཞིག་ཡོང་རྒྱུ་དེ་ང་ཚོ་བོད་དང་། མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད་ཐམས་ཅད་ལས་ལྷག་པའི་གནད་དོན་ཆེས་གལ་འགངས་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

    རྒྱ་གར་དབུས་དང་ས་གནས། བོད་གཞུང་བདེ་སྲུང་ལས་ཁུངས། སྐུ་སྒེར་ཡིག་ཚང་། རྣམ་རྒྱལ་གྲྭ་ཚང་། རྡ་སའི་མི་དམངས། ས་གནས་མི་དམངས་བཅས་ཡོངས་ཀྱི་མི་རེ་ངོ་རེས་སྐུའི་གཉེན་སྲུང་གི་ཞུ་གང་སར་སྔར་ལས་ལྷག་པའི་དོ་སྣང་ངེས་དུའང་བྱེད་དགོས།

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རྡ་སའི་ཕྱི་ནང་བར་གསུམ་ལ་ཚོགས་པ་འདྲ་མི་འདྲ་རེ་བཙུགས་ནས་གཏོར་བཤིགས་འདྲ་མི་འདྲ་རེ་བྱས་ཡོད་པ་ལས་བྱས་རྗེས་དང་མཐུན་འབྲེལ་ཡོད་པའི་ཚོགས་པ་ཞིག་དེ་སྔོན་མཐོང་མ་སོང་།

    Reply
  13. རྒྱ་རྙི། says:
    ལོ་ 14 སྔོན།

    བོད་རྒྱལ་ལོ། ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་རྒྱལ་ལོ། གཅིག་སྒྲིལ་ནི་སྟོབས་ཤུགས་ཀྱི་གོང་བུ་ཡིན། ནམ་ཡང་ཆིག་བསྒྲིལ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese