མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཀྱི་གསང་བ་དང་གློག་འཕྲིན་གྱི་གསང་ཚིག

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་མེད་ནུབ་པ།

 

ད་ལྟའི་སྤྱི་ཚོགས་ནི་བརྡ་འཕྲིན་གྱི་སྤྱི་ཚོགས་ཤིག་ཡིན། སྤྱི་ཚོགས་འདིའི་ཁྲོད་དུ། མི་སྒེར་བའི་གནས་ཚུལ་དང་གསང་བ་མང་པོ་ཞིག་དྲ་ཐོག་ན་ཡོད་ཅིང་། མི་མང་པོ་ཞིག་གིས་སྒེར་གྱི་གནས་ཚུལ་དང་གསང་བ་དེ་ཚོ་སོ་སོའི་གློག་འཕྲིན་གྱི་ནང་དུ་ཉར་གྱི་ཡོད། ད་དུང་། མི་རེ་རེར་དྲ་ཐོག་གི་གློག་འཕྲིན་ཁ་བྱང་རེ་ཡོད་ཅིང་། གློག་འཕྲིན་ཁ་བྱང་རེ་ལ་ཁང་པའི་སྒོ་ལྕགས་ལྟ་བུའི་གསང་ཚིག་རེའང་ཡོད། གལ་སྲིད་ཁྱེད་ཀྱི་གསང་ཚིག་དེ་གཞན་གྱིས་ཤེས་ཚེ། ཁྱེད་རང་གི་གནས་ཚུལ་ཚང་མ་གཞན་གྱིས་བརྐུ་ཐུབ་པ་མ་ཟད། ཁྱེད་དང་འབྲེལ་བའི་གྲོགས་པོ་དང་ཉེ་འབྲེལ་སོགས་ཀྱི་གནས་ཚུལ་ཡང་གཞན་གྱིས་བརྐུ་སྲིད། དེར་བརྟེན། གློག་འཕྲིན་གྱི་གསང་ཚིག་དེ་བརྟན་པོ་དང་རིང་པོ། མགོ་རྙོག་ཅན་ཞིག་བཟོ་རྒྱུ་ནི་དྲ་ཐོག་གི་རྐུན་མ་འགོག་པའི་ལམ་ཁ་དང་པོ་དེ་ཡིན།

 

ང་ཚོ་སུ་ཡིན་རུང་། སོ་སོའི་གློག་འཕྲིན་ནང་གི་གནས་ཚུལ་དང་གསང་བ་དེ་ཚོ་ཕྱི་མི་ལ་ཤེས་འཇུག་འདོད་མེད། འོན་ཀྱང་། ང་ཚོས་གནས་ཚུལ་དང་གསང་བ་དེ་ཚོ་དོ་གཟབ་སྒོས་ཉར་གྱི་མེད། དོ་གཟབ་སྒོས་ཉར་བ་ལ་གསང་ཚིག་བརྟན་པོ་དགོས། གསང་ཚིག་བརྟན་པོ་ནི་སྒོ་ལྕགས་བརྟན་པོ་དང་མཚུངས། གལ་སྲིད་ཁྱེད་ཀྱི་ཁང་པའི་སྒོ་ལྕགས་བརྟན་པོ་མེད་ན། གཞན་གྱིས་ལས་སླ་བོའི་ངང་ནས་ཁྱེད་ཀྱི་ཁང་པའི་ནང་གི་ཅ་དངོས་རྩ་ཆེན་ཚང་མ་བརྐུ་འཁྱེར་བྱེད་ངེས་རེད་། དེར་བརྟེན། གློག་འཕྲིན་གྱི་གསང་ཚིག་ཚོད་དཔག་སླ་བ་དེ་འདྲ་གཏན་ནས་མ་བཟོ། 

 

ལྷག་པར་དུ་གསང་ཚིག་གི་ཁོངས་སུ། སོ་སོའི་ནང་མིའི་མིང་ལྟ་བུ་དང་སོ་སོའི་སྐྱེས་ཡུལ་གྱི་མིང་ལྟ་བུ། ཡང་ན་ལོ་རྒྱུས་ཀྱི་དུས་ཚོད་གལ་ཆེན་ལྟ་བུ། ད་དུང་སོ་སོ་སྒེར་དང་འབྲེལ་བའི་ཟླ་ཚེས་གལ་ཆེན་ལྟ་བུ་སོགས་གཏན་ནས་འཇུག་མི་ ཉན། རྒྱུ་མཚན། དེའི་རིགས་ནི་དྲ་ཐོག་གི་རྐུན་མས་ལས་སླ་བོས་ཚོད་དཔག་བྱེད་ཐུབ། དེར་བརྟེན། གཞན་གྱིས་ཁྱེད་ཀྱི་གསང་ཚིག་ཚོད་དཔག་བྱེད་མི་ཐུབ་པ་དང་རྐུ་མི་ཐུབ་པའི་ཆེད་དུ། གོང་དུ་བཤད་པ་བཞིན། གསང་ཚིག་དེ་རིང་པོ་དང་མགོ་རྙོག་པོ། བརྟན་པོ་བཅས་བཟོ་དགོས།

 

འོ་ན། གསང་ཚིག་རིང་པོ་དང་མགོ་རྙོག་པོ། བརྟན་པོ་ཇི་ལྟར་བཟོ་དགོས་སམ་ཞེ་ན།  གློག་འཕྲིན་གྱི་གསང་ཚིག་བཟོ་དུས། ཐོག་མར་ཚིག་གྲུབ་རིང་པོ་ཞིག་ལ་བསམ་བློ་ཐོངས། དེ་ནས་ཨང་གྲངས་འགའ་དང་མཚོན་རྟགས་འགའ་བསྣན་ནས་ཚིག་གྲུབ་དེའི་ཁོངས་ཀྱི་མིང་ཚིག་འགའ་བརྗེ་སྤོར་བྱོས། དེའི་རྗེས་སུ། མིང་ཚིག་དང་ཨང་གྲངས། མཚོན་རྟགས་བཅས་མིང་ཚིག་རེ་རེའི་ཡི་གེ་མགོ་མ་དེ་བེད་སྤྱོད་བཏང་ནས་གསང་ཚིག་གསར་བ་ཞིག་བཟོས། དཔེར་ན། གལ་སྲིད་ཚིག་གྲུབ་དེ་དབྱིན་ཡིག་ནང་། Dolma keeps going to Nyamzom restaurant at Lhasa mall to eat Momo! ལྟ་བུ་ཞིག་ཡིན་ན།  ཁྱེད་ཀྱི་གསང་ཚིག་ངོ་མ་དེ་། Dkg2Nr@Lm2em! ལྟ་བུ་ཆགས་གི་རེད།

 

ལྷག་པར་དུ་གསང་ཚིག་གི་ཁོངས་སུ་ཡིག་ཆེན་དགོས་རྒྱུ་ནི་ཧ་ཅང་གལ་ཆེ། རྒྱུ་མཚན། ཡིག་ཆུང་གིས་གྲུབ་པའི་གསང་ཚིག་དེ་རྐུན་མས་དུས་ཚོད་ཉེར་བཞིའི་ནང་ལ་རྐུ་ཐུབ་ཀྱི་ཡོད་ཅིང་། ཡིག་ཆེན་གྱིས་གྲུབ་པའི་གསང་ཚིག་དེ་བརྐུ་བར་མ་མཐར་བདུན་ཕྲག་གཅིག་ཙམ་འགོར་གྱི་ཡོད། གསང་ཚིག་བརྐུ་བ་ལ་དངུལ་སྒོར་ག་ཚོད་འགྲོ་ཡི་ཡོད་མེད་གཤམ་གྱི་འབྲེལ་ཐག་འདི་ནས་རྟོགས་ཐུབ། http://news.electricalchemy.net/2009/10/password-cracking-in-cloud-part-5.html

 

མདོར་བསྡུས་ན།  གློག་འཕྲིན་ཁ་བྱང་གི་གསང་ཚིག་ཅིག་བཟོས་ཚར་བའི་རྗེས་སུ། ལོ་ནས་ལོ་བསྟུད་དེ་གསང་ཚིག་གཅིག་བེད་སྤྱོད་གཏོང་བའམ་ཉར་བ་མ་ཡིན་པར། ཉུང་མཐར་ཡང་ཟླ་རེ་ལ་གསང་ཚིག་ཐེངས་རེ་བརྗེ་བོ་རྒྱག་དགོས། གསང་ཚིག་ཇི་ཙམ་བརྗེ་ན། དེ་ཙམ་གྱིས་དྲ་ཐོག་གི་གནས་ཚུལ་གཞན་ལ་ཤོར་དཀའ་བ་ཡོད། གསང་ཚིག་བརྗེ་བོ་རྒྱག་པ་ཙམ་མ་ཡིན་པར། གསང་ཚིག་དེ་སོ་སོའི་སྒེར་གྱི་གློག་ཀླད་སྟེང་དུ་གཏན་འཇགས་ཉར་འཇོག་བྱེད་མི་རུང་། འདིའི་གོ་དོན་ནི། གློག་འཕྲིན་ཁ་ཕྱེ་དུས་གསང་ཚིག་རང་བཞིན་ནས་གྲོལ་བ་མ་བཟོ་ཟེར་རྒྱུ་དེ་ཡིན། བསྐྱར་དུ་སོ་སོ་སྒེར་གྱི་གནས་ཚུལ་གཞན་ལ་མ་ཤོར་བའི་ཆེད་དུ་གསང་ཚིག་རིང་པོ་དང་མགོ་རྙོག་པོ། བརྟན་པོ་བཅས་བཟོ་རོགས།།

 

 

འབྲེལ་ཡོད་གསར་འགྱུར།

Police officers and forensic technicians work at the site of an explosion in the old quarters of Delhi, India, November 10, 2025. REUTERS/Adnan Abid
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་བྱུང་།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་།

ཆུ་ཚོད་ ༩ སྔོན་ལ།
Zhu Rikun said he felt that anyone involved could face threats or harassment if he did not cancel the event. Photograph: Marion Curtis/StarPix for NYFCCA/Shutterstock
Mobile App

རྒྱ་ནག་གི་རང་དབང་གློག་བརྙན་དུས་སྟོན་ཕྱིར་འཐེན་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese