མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཕྱཱར་ཐུགས་འཚབ་གནང་དགོས་མ་མཆིས་ཀྱང་དུས་རྒྱུན་དོ་སྣང་གནང་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ཉི་མའི་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་། ༸གོང་ས་མཆོག་གི་སྐུ་ཕྱཱའི་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་སྐུ་ཕྱཱར་ཐུགས་འཚབ་གནང་དགོས་མ་མཆིས་ཀྱང་། དུས་རྒྱུན་དོ་སྣང་མཉམ་རུབ་གནང་གལ་ཆེ་བ་བསྒྲགས་སོང་།

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ༸གོང་ས་མཆོག་གི་སྐུ་ཕྱཱའི་སྐོར་ལ་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཆོས་རིག་བཀའ་བློན་མཆོག་ནས་༸གོང་ས་མཆོག་གི་སྐུ་ཕྱཱའི་ཐད་ཀྱི་བཀའ་ཤག་གི་གསལ་བསྒྲགས་སྒྲོག་སྦྱངས་དང་། བདེ་སྲུང་བཀའ་བློན་མཆོག་གིས་སྐུ་ཕྱཱའི་ཐད་སྒྲིག་འཛུགས་ཀྱི་ངོས་ནས་ནམ་ཞག་རྒྱུན་དུ་དོ་གལ་གཙིགས་འཛིན་གནང་གི་ཡོད་པས། བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་ཀྱིས་ཐུགས་འཚབ་དངངས་སྐྲག་གནང་དགོས་མ་མཆིས་ཀྱང་། བོད་མི་ཡོངས་ཀྱིས་དུས་རྒྱུན་དོ་སྣང་དང་མཉམ་རུབ་གནང་གལ་ཆེ་བ་བསྒྲགས་སོང་།  གསར་འགོད་གསལ་བསྒྲགས་དེར་རྒྱ་གར་དང་བོད་པའི་གསར་འགོད་པ་ ༢༥ ཙམ་མཉམ་ཞུགས་བྱས་འདུག་ལ། ༸གོང་ས་མཆོག་གི་སྐུ་ཕྱཱའི་བདེ་འཇགས་དང་འབྲེལ་བའི་དོགས་གཞི་ཁག་གི་ཐད་དྲི་བ་དྲིས་ལན་ཀྱང་གནང་ཡོད་པ་རེད།  

ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བཀའ་ཤག་གི་གསལ་བསྒྲགས་སྒྲོག་སྦྱངས་གནང་བའི་ནང་། “༸གོང་ས་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་ཧ་ཅང་སེམས་ཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན། སྤྱིར་༸གོང་ས་མཆོག་གིས་སྐུ་ཕྱཱར་ཉེན་ཁ་ཡོད་པའི་གནས་ཚུལ་དེ་ཙམ་གྱི་ཚབས་ཆེན་པོ་ཞིག་ལ་དགོངས་བཞེས་མ་མཛད་ཀྱང། ༸གོང་ས་མཆོག་གི་སྐུ་ཕྱཱར་ཉེན་ཁ་འདྲ་མིན་ཡོད་པ་དེ་དག་སྡེ་སྲུང་ལས་ཁུངས་ཀྱིས་ཧ་ཅང་འགན་ལྕི་བོར་རྩིས་བཞིན་ཡོད། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ ནང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་མིའི་གསང་བའི་ལས་ཁུངས་ཀྱིས་བུད་མེད་ཁག་ཅིག་ལ་དམིགས་བསལ་སྦྱོང་བརྡར་སྤྲད་དེ་༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་བྱ་རྒྱུ་མ་ཟད། སྐུ་སྲུང་བའི་ཕྲུལ་ཆས་ཀྱིས་ཞིབ་གཤེར་བྱེད་སྐབས་ཤེས་ཚོར་དཀའ་བའི་རྫས་དུག་རིགས་ཀྱི་རྫས་སྦྱོར་ཧ་ཅང་ཡར་ཐོན་ཅན་དེ་འདྲ་བརྒྱུད། ༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་བྱ་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནང་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གསང་བའི་ལས་ཁུངས་ནས་གཡོ་ཐབས་ཀྱིས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་ཐབས་བྱས་པ་ཙམ་མ་ཟད། མགོན་པོ་གང་ཉིད་མཆོག་གི་སྐུའི་གཟུང་ཁྲག་དང་ཆབ་གཅིན། དེ་བཞིན་དབུ་སྐྲ་སོགས་རག་ཐབས་ཆེད་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཁག་ཅིག་ལ་ཆེད་མངགས་བརྒྱུད་སྐུལ་བྱས་ཏེ། རྒྱ་གར་དུ་༸གོང་ས་མཆོག་མཇལ་བཅར་ཡིན་ཁུལ་གྱིས་གཏོང་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད།” ཅེས་འཁོད་འདུག

ཡང་གསལ་བསྒྲགས་དེའི་ནང་དོལ་རྒྱལ་ཚོགས་པས་རྒྱ་གཞུང་དང་ངན་འབྲེལ་བྱ་བཞིན་པའི་སྐོར་ལ། “༸གོང་ས་མཆོག་གིས་བོད་མིའི་སྤྱི་ཚོགས་དེ་བཞིན་མང་གཙོའི་ལམ་བཟང་ཐོག་བཅོས་བསྒྱུར་མཛད་ཐབས་དེར་གོ་སྐབས་བཟུང་སྟེ། བོད་མིའི་སྤྱི་ཚོགས་ཁྲོད་མཁྲེགས་བཟུང་ཅན་རེ་ཟུང་ལ་གདེང་སྤོབས་གསར་པ་བསླེབས་ཏེ་ལངས་ཕྱོགས་མི་མཐུན་པ་བཟུང་ཡོད་པ་ནི་དོལ་རྒྱལ་ཚོགས་པ་ཆགས་ཡོད། གནས་ཚུལ་དེ་ནི་༸གོང་ས་མཆོག་གིས་བོད་མི་ཚོར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མི་རུང་བའི་ལམ་སྟོན་མཛད་པ་ནས་བཟུང་བྱུང་བ་ཞིག་ཡིན། མཁྲེགས་བཟུང་ཅན་དེ་དག་ཁྲོད་ལྷ་མི་སྲུང་སྐྱོབ་ཚོགས་པ་ (Dorje Shugden Devotees Charitable and Religious Society) ཟེར་བ་དེ་གཙོ་བོ་ཆགས་ཡོད། ཚོགས་པ་དེའི་ལས་ཁུངས་ཨ་མ་དེ་ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༥ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཙུགས་ཡོད། ཚོགས་པ་དེའི་རྗེས་འབྲང་པ་ཚོ་ཕལ་ཆེར་གདུག་རྩུབ་ཆེ་ཤོས་ཆགས་ཡོད། རྒྱ་གར་ཉེན་རྟོག་པས་ཚོགས་པ་དེའི་མི་སྣས་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༢ ནང་༸གོང་ས་མཆོག་གི་བཞུགས་སྒར་ཕོ་བྲང་དང་ཧ་ཅང་ཉེ་བའི་སར་དགེ་འདུན་པ་གསུམ་དམར་གསོད་བཏང་ཡོད་པ་ངོས་འཛིན་ཐུབ་སྟེ་ནག་ཉེས་བཙུགས་ཡོད། དགེ་འདུན་པ་གསུམ་གྱི་ཁོངས་ནས་གཅིག་སྐུའི་གསུང་བསྒྱུར་ཡིན། དེར་བརྟེན་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༦ ནང་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ (Interpol) ཀྱིས་ལག་དམར་བ་གསུམ་འཛིན་བཟུང་ཆེད་བརྡ་ཁྱབ་བཏང་ཡོད། རྒྱ་ནག་གཞུང་ནས་ཀྱང་གསང་བའི་ཐོག་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ནང་བཙུགས་པའི་བྱང་ཨ་རིའི་དགེ་ལུགས་མཐུན་ཚོགས་ཟེར་བའི་དོལ་རྒྱལ་ཚོགས་པའི་མགོ་གཙོ་ཁག་ཅིག་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ། རྒྱ་ནག་སྐམ་སའི་དཔོན་རིགས་ཁག་ཅིག་དང་ཐེངས་འགའ་ཐུག་འཕྲད་བྱས་ཡོད་པ་མ་ཟད། རྒྱ་ནག་ཏུའང་ཡང་དང་བསྐྱར་དུ་བསྐྱོད་བཞིན་ཡོད།” ཅེས་བཀོད་འདུག

གསར་འགོད་གསལ་བསྒྲགས་ཐོག་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས། “ད་རེབ་གནས་ཚུལ་དེར་ཉེ་ཆར་བརྒྱུད་ལམ་མང་པོས་དོ་སྣང་ཞེ་དྲགས་བྱས་པར་བརྟེན་ནས། བོད་ཕྱི་ནང་གཉིས་སུ་༸གོང་ས་མཆོག་ལ་དད་གུས་དང་དགའ་ཞེན་ཡོད་མཁན་མང་པོ་ཞིག་གིས་བློ་འཚབ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ལ་སྐུ་ཕྱཱའི་བདེ་འཇགས་ཐད་སྐད་ཆ་འདྲི་མཁན་མང་པོ་སླེབས་ཡོང་གི་འདུག རྣམ་པ་ཚང་མས་མཁྱེན་གསལ་ལྟར་རེད།  ཉེན་སྲུང་རིག་པའི་འགྲོ་ལུགས་དང་། ཉེན་སྲུང་གི་རིགས་མང་པོ་ཞིག་ནམ་རྒྱུན་བརྒྱུད་ལམ་ཁག་ལ་འགྲོ་བའི་གོམས་གཤིས་ཡོད་པ་མ་རེད་ལ། ཕྱིན་ནའང་དགོས་པ་མེད་པ་ཞིག་ཡིན་དུས། གནས་ཚུལ་རིགས་གཅིག་དུས་ཚོད་གང་ལ་གང་འཚམ་ཕྱིན་པ་རེད་དེ། རྣམ་པ་ཚོར་མཚོན་ན་གསར་བ་ཆགས་ཡོད་པ་རེད། ང་ཚོ་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། གནས་ཚུལ་དེ་འབྱོར་མ་ཐག་ནས་༸གོང་ས་མཆོག་གི་སྐུ་ཕྱཱའི་ཐད་ལ་འབྲེལ་བ་ཡོད་པ་མཁྱེན་དགོས་མཁན་ཚང་མས་མཁྱེན་བསྡད་ཡོད་པ་དང་དོགས་ཟོན་གནང་གི་ཡོད་པ་མ་ཟད། དེའི་ཐད་སྔོན་འགོག་གནང་ཐབས་གོ་སྡུར་གནང་སྟེ་དང་ལག་བསྟར་བྱེད་བཞིན་པ་རེད། དེར་བརྟེན། དེ་འདྲའི་ཐད་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དོགས་འདྲོག་དང་ཐུགས་འཚབ་གནང་དགོས་པའི་གནས་སྟངས་གང་ཡང་ཡོད་པ་མ་རེད།” ཅེས་བརྗོད་སོང་།

མཇུག་མཐར།  བདེ་སྲུང་བཀའ་བློན་མཆོག་གིས་  “དགྲ་ཕྱོགས་ནས་ཉེན་ཁ་ཡོད་པ་དེ་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་རེད་དེ། གནས་ཚུལ་ཇི་མ་ཇི་བཞིན་ཕྱི་ལོགས་ལ་གསལ་འདོན་གནང་སྟེ།  རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་བོད་རིགས་ལ་སྦྱོང་བརྡར་སྤྲད་ཀྱི་ཡོད་པ་དང་། དེའི་ནང་ནས་ཀྱང་དམིགས་བསལ་བུད་མེད་བེད་སྤྱོད་བྱེད་བཞིན་པ་རྩལ་དུ་བཏོན་དེ་ལབ་དགོས་དོན་ནི། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དོ་སྣང་ཡོང་ཆེད་རེད།” ཅེས་བརྗོད་དེ།  ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ཐད་ནས་དོལ་རྒྱལ་ཚོགས་པ་དེ་སྐུ་ཕྱཱའི་ཐོག་ཉེན་ཁ་ཆེན་པོ་ཡོད་པ་ནི། རྒྱ་གར་གཞུང་གིས་ཉེན་སྲུང་གཏན་འབེབས་ཀྱི་ཡིག་ཆའི་ནང་བཀོད་ཡོད་པ་ལྟར། དོལ་རྒྱལ་ཚོགས་པའི་མི་བོད་ཕྱི་ནང་གཉིས་སུ་ཡོད་སྟབས། མི་སུ་འདྲ་ཞིག་གིས་གྱོན་གོས་ག་འདྲ་ཞིག་གྱོན་ཏེ་རྣམ་པ་ཇི་འདྲ་ཞིག་གི་སྒོ་ནས་ཡོང་མིན་བཤད་ཁག་པོ་ཆགས་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་གནས་ཚུལ་རིགས་དོགས་གཞི་བྱུང་བ་དང་མཁྱེན་པ་ཡིན་ན། ལས་ཀ་བྱེད་མཁན་ལ་ཚུར་བཀའ་གནང་དགོས་པ་དེ་ཞེ་དྲག་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་།

གཞན་ཡང་གསལ་བསྒྲགས་དེའི་ནང་། ཕྱི་ལོ་ ༢༠༠༨ ཟླ་ ༤ ཟླ་མགོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཅིན་ལི་ཡིས་ (Zhang Qingli) གཞུང་གི་ལས་སྣེ་མཐོ་གྲས་ཀྱི་ཚོགས་འདུ་ཞིག་བསྐངས་ཏེ་གསོད་དགོས་པ་རྣམས་གསོད་དགོས་ངེས་དང། བཙོན་འཇུག་བྱེད་དགོས་པ་རྣམས་བཙོན་འཇུག་བྱེད་དགོས་ངེས་ཡིན། ཞེས་བསྒྲགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༢ ཟླ་ ༡ ནང་ད་ལྟའི་བོད་རང་སྐྱོང་ལྗོང་གི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ་ (Chen Quanguo) གྱིས་ཁ་བྲལ་བ་ཚོར་དམག་རྒོལ་བྱེད་དགོས་ཞེས་བསྒྲགས་ཡོད་ལ། ཉེ་བའི་ལོ་འདིར་རྒྱ་ནག་གཞུང་གིས་བོད་ནང་དུ་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ༸གོང་ས་མཆོག་ཕྱི་རྒྱལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་དེ། འབྲེལ་ཡོད་རྒྱ་རིགས་ལས་བྱེད་པ་ཚོར་བཀོད་མངགས་བྱས་ཡོད་པའི་སྐོར་ཐེར་འདོན་དང་སྦྲགས། ད་ལྟའི་བར་རྒྱ་གར་གཞུང་གིས་སྐུ་ཕྱཱའི་སྲུང་སྐྱོབ་ཐོག་ཐུགས་འཁུར་ཆེན་པོས་ལས་གཞི་དང་མཐུན་འགྱུར་ཚགས་ཚུད་ཞུ་དང་ཞུས་མུས་ཡིན་པར་བཀའ་དྲིན་རྗེས་དྲན་དང། སྐུ་ཕྱའི་གནད་དོན་ཐོག་འབྲེལ་ཡོད་བོད་མི་ཚང་མས་ཡིད་གཟབ་དགོས་པ་བརྗོད་འདུག  

ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ ཉིན་བཞུགས་སྒར་རྡ་རམ་ས་ལར་དབྱིན་ཇིའི་གསར་ཤོག་སན་ཌེ་ཊེ་ལི་གྷ་རཕ་ (Sunday Telegraph) ཞེས་པའི་གསར་འགོད་པས། ༸གོང་ས་མཆོག་ལ་སྐུ་ཕྱཱའི་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་འབྲེལ་ཡོད་སྡེ་སྲུང་ལས་ཁུངས་ནས་སྐུའི་ཕྱཱའི་སྲུང་སྐྱོབ་ཐོག་ཧ་ཅང་གལ་ཆེན་པོར་བརྩིས་ཏེ་འགན་ཁུར་འཁྱེར་ཡོད་སྐོར་བཀའ་ལན་སྩལ་བ་མ་ཟད། ཉེ་ལམ་བོད་ནང་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་བོད་མི་ལས་བྱེད་ཅིག་གིས་རྒྱ་གཞུང་གིས་བོད་རིགས་བུད་མེད་ཁག་ཅིག་ལ་ཆེད་མངགས་དམིགས་བསལ་གྱི་སྦྱོང་བརྡར་འོག  སྐྲ་དང་མཇལ་དར་ལ་དུག་རྫས་བསྲེས་ཏེ་གསར་མཇལ་ཡིན་ཁུལ་གྱིས་ཕྱག་དབང་ཐོབ་ཐབས་བྱས་ཏེ། ༸གོང་ས་མཆོག་གི་སྐུ་ལ་ཟློ་བའི་ངན་བྱུས་ཤོམ་བཞིན་ཡོད་པའི་གནས་ཚུལ་བོད་ནས་བཏང་འབྱོར་བྱུང་ཡོད་ཀྱང་། སྐུ་ཕྱཱར་ངན་བྱུས་ཤོམ་བཞིན་པའི་གནས་ཚུལ་དེར་དཔྱད་ཞིབ་བྱ་ཐབས་མེད་སྐོར་གསར་འགོད་པ་དེར་བཀའ་ལན་སྩལ་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༩ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 11

  1. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    སྤྱིར་བཏང་ནས་རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུའི་ཁྲག་དགོས་པ་ཡོད་ཞེས་པ་བདེན་པ་ཡིན་ན། ༧གོང་ས་མཆོག་གི་ཉེ་འཁོར་དང་སྐུ་བཅར་བ་གང་རུང་ནང་རྒྱ་གཞུང་གི་གསང་ལས་པ་ཡོད་པས་རེད། མི་སྤྱིར་བཏང་པ་ཞིག་ལ་དེ་དག་རེད་ཐབས་ག་ནས་ཡོད། རྒྱུ་མཚན་དེ་རྒྱ་གཞུང་གིས་ཀྱང་ཤེས་ངེས་རེད། དེ་ཕྱིར་སྐུའི་གམ་བཅར་བ་ནང་གཙང་ཞིབ་བྱ་དགོས་ངེས་རེད། དེ་ཡང་བདེ་སྲུང་གི་སྐུ་སྲུང་བ་ནས་འགོ་འཛུགས་དགོས་སྙམ། འདི་ནི་བསམ་པ་རྣམ་དག་གིས་བཤད་པ་ལས་བདེ་སྲུང་དགའ་མ་དགའ་ཁྱོན་ནས་མིན། ཀུན་གྱིས་བསམ་བློ་ཡག་པོ་གཏོང་རོགས། ང་ཚོ་ལ་༧གོང་ས་མཆོག་གི་སྐུ་སྲུང་ལས་གལ་ཆེ་བ་གང་ཡང་མེད།

    Reply
  2. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    དཔལ་ལྡན་བཀའ་བློན་རྣམ་གཉིས་ལ་གུས་བརྩི་བླ་མེད་དང་། བཀའ་གསུང་དག་ལ་ཡི་རངས་ཆེན་པོ་ཡོད ། ལྷག་པར་དུ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལ་ནི་་་་་བོད་ཕྱི་ནང་གཉིས་ནས་ཡིད་ཆེས་བརྒྱ་ཆའི་བརྒྱ་ཡོད་ས་ཡིན་པ་དང་ཁཽང་གི་སྐུ་སྲུང་གི་ཐབས་ལམ་དང་།རིག་པ ། བློ་སྤོབས་བཅས་ལའང་དཔྱོད་ལྡན་པ་མང་པོས་ཁས་ལེན་ཐོབ་ཡོད ། ཡིན་ཡང་་་་སྤྱིར་སྐྱེ་འགྲོ་ཞི་བདེ་དོན་གཉེར་བ་ཐམས་ཅད་དང་། དགོས་ང་ཚོ་བོད་པ་ལ་་་༸གོང་ས་མཆོག་གི་སྐུ་ཕྱྭ་ལས་གལ་བོ་ཆེ་ཞིག་མེད་པས།དུས་དང་རྣམ་པ་ཀུན་ཏུ ། ཕྱི་ནང་གསང་གསུམ་གྱི་གནས ། མཐོ་དམན་འབྲིང་གསུམ་གྱི་མི ། ཆོས་སྲིད་གཞན་གསུམ་གྱི་ལས་སོགས་ལ་ལྷོད་གཡེང་སྐད་ཅིག་ཙམ་ཡང་མེད་པར་ཐུགས་གཟབ་བླ་ལྷག་མཛད་དགོས་ཁར ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཀྱང་རང་རྟོགས་ཀྱིས ། དོན་ཆུང་ལ་ཟུར་མཇལ་སོགས་ཉུང་དུ་བཏངས་ནས་སྐུའི་བདེ་སྲུང་ལ་མཉམ་རུབ་བྱེད་དགོས་པ་གལ་ལོ ། །༸གོང་ས་མཆོག་སྐུ་ཚེ་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་དུ་ཞུ་ཞུ་ཞུ །

    Reply
  3. མི་རྒོད། says:
    ལོ་ 13 སྔོན།

    ༄་། སྐུ་ཕྱ་ནི་བོད་མི་རིགས་ཀྱི་སྙིང་རྩ་ཡིན་པས་ཧ་ཅང་གལ་ཆེ་ལ་དེའི་ཆེད་དགྲ་བོ་ནས་མ་དངུལ་བེད་སྤྱད་ནས་ཀླད་མེད་ཚོགས་པ་དང་། མི་སྒེར་སོགས་བརྒྱུད་ཉེན་ཚབས་བཟོ་ཐབས་བྱེད་ཀྱང་བདེ་སྲུང་བཀའ་བློན་དེ་མི་སྤྱིར་སྟངས་ཞིག་མིན་པས་ང་ཚོ་བློ་བདེ་བྱེད་ཆོག་ཀྱང་། བློ་བདེ་དྲགས་ནས་སྐྱོན་ཆ་འཕེལ་རྒྱུ་བརྟེན་ཁོང་གི་གསུངས་དོན་ལྟར་གལ་ཏེ་ཉེན་ཚབས་རིགས་ཐོས་པ་དང་། རིག་པ་སོགས་བྱུང་ཚེ་བདེ་སྲུང་ལ་མྱུར་བརྗོད་གནང་ན་ང་ཚོས་སེམས་ཚབས་བྱས་པར་ཕན་ཐོགས་མི་དམན་པ་ཞིག་ཡོང་ངེས་རེད། དེར་བརྟེན་ཁ་སྟོང་པས་སྟོང་བཤད་ལས་ དོན་དམ་པས་ལག་ལེན་དགའ།།།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    བོད་པ་སྤྱི་དང་ལྷག་པར་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་རིགས་ཚང་མས་༸རྒྱལ་བའི་སྐུ་ཕྱཱར་དོ་སྣང་དང་སྲུང་སྐྱོབ་གནང་རྒྱུ་ཤིན་ཏུ་གལ་ཆེ།།
    ༸མགོན་པོ་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་བཅས།།

    Reply
  5. ནད་པ says:
    ལོ་ 13 སྔོན།

    ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དེ་སྔོན་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་འགན་བཞེས་དུས་༸ གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་ཆེན་པོ་ཞིག་ཐུད་ཤོར་བཏང་མྱོང་ཡོད་ལ། སྐབས་དེར་གནས་ཚུལ་མང་པོ་ལྷག་ཡོད་པ་དེ་སྤྱི་ཚོགས་ཐོག་མི་ཚང་མས་ཤེས་ཀྱི་ཡོད།

    དེར་བརྟེན་ད་ལྟའི་བདེ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་ལགས་ཀྱིས་གཙོས་ཚང་མས་སྔ་མའི་ཐུད་ཤོར་ཁག་གི་ཉམས་མྱོང་ལ་དགོངས་པ་བཞེད་ནས་ཕྱི་འབྱུང་སྐུ་ཕྱུའི་ཐོག་གནས་ཚུལ་ཆེན་པོ་དེ་འདྲ་རྩ་བ་ནས་མི་ལྷག་ཞིག་གནང་དགོས།

    ༸ རྒྱལ་བའི་སྐུ་ཕྱྭ་གནོད་འཚེ་དང་འབྲེལ་བའི་གནས་ཚུལ་དང་། ལྷག་སྐུའི་སྲུང་སྐྱོབ་ཀྱི་འགན་འཁུར་ཁག་ལ་ཕྱི་འབྱུང་གནས་ཚུལ་ཆེན་པོ་དེ་འདྲ་ལྷག་ཚེ་ང་ཚོ་མི་དམངས་ཀྱི་ངོས་ནས་འབྲེལ་བདེ་སྲུང་མི་སྣ་སོགས་ཚང་མ་ང་ཚོས་ལས་སླ་པོར་ནམ་ཡང་འཇོག་གི་མིན། ཤི་དགོས་བྱུང་ན་ཡང་༸ གོང་ས་མཆོག་གི་ཆེད་ཐམས་ཅད་བློས་གཏོང་ངེས་པར་བྱེད་ངེས་ཡིན།

    བོད་མིའི་བླ་ན་མེད་པའི་ཚེ་རབས་འདི་གཏན་གྱི་སྐྱབས་གནས་དམ་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸ གོང་ས་ཐམས་ཅད་མཁྱེན་ཅིང་གཟིགས་པ་པོ་མཆོག་གི་སྐུ་ཕྱྭ་གནོད་འཚེའི་སྦྱོར་བ་ངན་པ་རྩོམ་མཁན་བོད་རིགས་དང་། རྒྱ་རིགས། ཕྱི་རྒྱལ་སོགས་སུ་ཞིག་ཡིན་ནའང་ང་ཚོས་བསྟན་དགྲ་དེ་རིགས་ལ་དོག་ཟོན་ནན་མོ་བྱེད་དགོས།

    Reply
  6. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 13 སྔོན།

    ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་གི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་གཙོས་པའི་སྲི་ཞུ་ལས་བྱེད་པ་ཚང་མར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། སྔོན་མ་ནས་ཁ་ཐུག་སྐྱབས་མགོན་རིན་པོ་ཆེའི་མདུན་དུ་ཕྱག་དབང་ཞུ་ས་མ་བཏང་བ་ཞིག་ཆགས་སོང་། ད་བྱས་དུས་བདེ་སྲུང་མི་སྣས་སྐབས་དེ་ནས་རྒྱ་ནག་གིས་ཇུས་ངན་དེ་རྟོགས་ཚར་འདུག་བ། གདེང་འཇོག་ཆེ་རུ་ཕྱིན་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག
    གུས་པ་རང་ཉིད་ལ་མཚོན་ན། སྐྱབས་མགོན་རིན་པོ་ཆེ་ཕེབས་ཟུར་གྱི་ལམ་འགག་ལ་འགྲོ་དུས་དོགས་ཟོན་གྱིས་གཡས་གཡོན་ལ་བལྟ་ནས་རེ་ཞིག་མཇལ་ཁ་ལ་ལྷག་འགྲོ་བ་ཡང་སེ་ཡོང་གི་ཡོད། འདི་མི་ཚང་མའི་འགན་རེད་བསམ་གྱིན།
    ཚང་མས་ཐུགས་གཟབ་གནང་རོགས་གནང་།

    Reply
  7. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    གསལ་བཤད་གནང་བས་བློ་བདེ་རུང་དེ་ལྟ་བུའི་གནས་ཚུལ་ཡོད་བཞིན་དུ་རྒྱ་ཆེའི་མི་དམངས་རྣམས་པར་དེ་སྔོན་མི་གསུངས་རྒྱུ་མཚན་ནི་གསང་བ་ཡིན་ནམ། ལྷག་དོན་དབྱིན་ཇིའི་གསར་ཤོག་སན་ཌེ་ཊེ་ལི་གྷ་རཕ་ (Sunday Telegraph) ལ་ཡང་དམིགས་གསལ་ཐུགས་རྗེ་ཆེ་ཆེ། ཁྱེད་མེད་ན་ཚབ་ཆེན་གནས་ཚུལ་འདི་ཚོ་རྡ་རམ་ས་ལར་མི་ཁ་ཤས་ཀྱིས་གསང་བ་ལས་རྒྱ་ཆེའི་གུས་རྩི་དང་། དད་གུས་ཞུ་མཁན་མི་དམངས་ཚང་མས་ཤེས་ཀྱི་མེད་པས་ད་ཆ་ཚང་མས་དོ་སྣང་བྱ་ངེས་ཡིན་པས་གསར་ཤོག་ཁྱེད་ནི་མུན་སེལ་གི་སྒྲོན་རང་ཡིན་ན་སླར་ཡང་ལག་གཉིས་མཛུབ་མོ་བཅུ་སྦྱར་ནས་ཐུགས་རྗེ་འབུམ་ཕྲག་ཞུ་ཞུ་ཞུ་ཞུ་ཞུ་ཞུ།།།།།།།།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    དམ་ཚིག་གཙང་མ་སྲུང་་་་་་་་་ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་མ་བྱེད་་་་་་་་་་་་་ཆོས་ལུགས་འཐེན་ཁྱེར་དང་ཆོལ་ཁའི་ཕྱོགས་རིས་མ་བྱེད་་་ལས་རྒྱུ་འབྲས་དྲང་བའི་ལས་ཀ་གྱིས་དང་་མདོར་ལ་ནང་ནས་མཐུན་འབྲེལ་ཡག་པོ་གྱིས་དང་དགྲ་བོ་རྒྱ་ནག་གིས་ང་ཚོ་ལ་ཚུར་རྒོལ་མི་ཡོང་་་་་་་༧གོང་ས་མཆོག་གི་སྐུ་ཚེ་དང་སྐུ་ཕྱ་ལ་ཕན་ཐོགས་ཆེ་ཤོས་དེ་རེད། གཞན་་སྐུ་ངོ་ཚོས་གསལ་བསྒྲགས་སྙན་ཐག་ཆོད་རེ་བྱ་བ་སྐད་ཆ་རྫིག་ཐག་ཆོད་རེ་བཤད་པ་ལ་ཧང་སང་གི་མེད་ལ་་་་ཡིད་ཆེས་ཡང་གང་མེད།

    Reply
  9. ཁམས་པ། says:
    ལོ་ 13 སྔོན།

    རྒྱ་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་ལ་བློས་ཐུབ་གྲོགས་པོ་ཟེར་བཞིན་བཀྲོངས་པ་རེད། ༧གོང་ས་མཆོག་ལ་དགྲ་རུ་ལྟ་དུས། དེ་འདྲའི་སྦྱོར་བ་བརྩམ་ངེས་ཡིན་རྒྱུ་རེད།

    Reply
  10. རེབ་ཐོག་མདའ says:
    ལོ་ 13 སྔོན།

    དོན་ཟོན་བྱེད་དགོས་བ་ཧ་ཅང་གལ་ཆེན་པོ་རེད་ཕྱི་གཅིག་པོ་མ་ཡིན་པར་ནང་ལ་དོ་སྣང་ཕྱི་ལས་ལྷག་པ་ཞིག་བྱེད་དགོས། ནང་གི་མི་དེ་དག་གིས་ངོ་དགད་དེ་ལས་ཀ་བྱེད་གིན་རེད་དེའི་རྐྱེན་ཀྱིས་ནང་ལོག་ལ་དོག་ཟོན་བྱེད་དགོས་ཧ་ཅང་གི་གལ་ཆེན་དུ་མཐོང་སོང

    Reply
  11. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    ངོ་མ་ང་ཚོ་བོད་མི་རྩམ་ཟ་ཡོངས་ཀྱིས་དོ་སྣང་བྱེད་དགོས་པ་གལ་ཆེན་རེད། གོང་གི་གསར་འགོད་གསལ་བསྒྲགས་དེ་མཐོང་དུས་ཧ་ཅང་དགའ་སོང་ལ་ལྷག་པར་(Dorje Shugden Devotees Charitable and Religious Society དང་རྒྱ་མིའི་གསང་ཉུལ་བ་ཡོངས་ལ་དོན་གཟོན་བྱེད་དགོས། རང་རེའི་བོད་མིའི་སྒྲིག་འཛུགས་ཀྱིས་༧ གོང་ས་མཆོག་གི་སྐུ་ཕྱའི་ཐུགས་འཁུར་ཆེ་བཞེངས་གནང་དགོས་པར་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese