མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མིའི་ཟབ་སྦྱོང་ཐེངས་ ༡༡ པ་མགོ་འཛུགས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་ཚོར་༼ དེང་གི་ན་གཞོན་དང་མ་འོངས་མགོ་ཁྲིད། ༽ཅེས་པའི་ཉིན་དགུའི་རིང་གི་ཟབ་སྦྱོང་ཐེངས་བཅུ་གཅིག་པ་མགོ་འཛུགས་བྱས་ཡོད།

ཐེངས་འདིའི་བོད་རིགས་མཐོ་རིམ་སློབ་མའི་ཟབ་སྦྱོང་ཁྲོད་ས་གནས་ ༩ མཐོ་སློབ་དང་གཙུག་ལག་སློབ་གྲྭ་ཁག་གི་སློབ་མ་ ༦༠ ལྷག་ཅིག་མཉམ་ཞུགས་བྱས་ཡོད་པ་དང་། ཟབ་སྦྱོང་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སོ་སོར་སློབ་མ་རྣམས་ལྟ་སྐོར་དུ་ཁྲིད་དེ་ལས་དོན་རིགས་ངོ་སྤྲོད། དེ་བཞིན་མི་སྣ་ཁག་གདན་ཞུས་ཀྱིས་གནད་དོན་འདྲ་མིན་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་སོགས་བརྒྱུད། རྒྱ་གར་གྱི་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་ཚོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལས་ཁུངས་ཁག བོད་ནང་གི་གནས་སྟངས། རྒྱལ་སྤྱིའི་སྟེང་གི་བོད་ཀྱི་གནས་བབ་སོགས་ཀྱི་སྐོར་ལ་རྒྱུས་ལོན་དང་ཤེས་རྟོགས་ཡོང་ཐབས་བྱ་རྒྱུ་དེ་རེད།

ཟབ་སྦྱོང་དབུ་འབྱེད་ཐོག་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དམངས་གཙོའི་ལྟ་གྲུབ་དང་སྒྲིག་འཛུགས། ལམ་ལུགས་བཅས་གོང་འཕེར་གཏོང་རྒྱུའི་དམིགས་ཡུལ་འོག ལས་གཞི་རིགས་སྣ་ཚོགས་སྤེལ་བཞིན་པ་སོགས་ངོ་སྤྲོད་དང་། མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་སློབ་མ་རྣམས་ཀྱིས་སློབ་ཚན་འདྲ་མིན་སྟེང་སློབ་སྦྱོང་བྱེད་ཀྱི་ཡོད་སྟབས། གོ་སྐབས་འདི་བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་སྤྱི་ཚོགས་ནང་གི་ལས་སྣེ་གང་འདྲ་ཞིག་གི་སྟེང་སོ་སོས་ལས་དོན་བསྒྲུབ་རྒྱུར་ངོ་འཕྲོད་པའི་སྒོ་ནས་མུ་མཐུད་སློབ་སྦྱོང་བྱ་རྒྱུ། གོ་སྒྲིག་པའི་ངོས་ནས་ཟབ་སྦྱོང་འདི་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད་པ་ནང་བཞིན་སློབ་མ་ཚོས་ཀྱང་གོ་སྐབས་དམ་འཛིན་དང་དོ་སྣང་ཆེན་པོ་བྱ་དགོས་པ། ཕྱི་ལོགས་ནས་མང་པོ་ཞིག་གིས་ལྟ་བསྡད་ཡོད་སྟབས། སློབ་མ་ཚོས་རང་ཉིད་བོད་མི་ཞིག་ཡིན་པ་དང་། བཙན་བྱོལ་ནང་འཚར་ལོངས་བྱུང་མཁན་ཡིན་པ། མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་རྐྱང་ཡིན་པ་བཅས་སེམས་ལ་བཟུང་སྟེ། མཐའ་ན་གོན་པ་གྱོན་སྟངས་ནས་སོ་སོའི་བྱ་སྤྱོད་ལ་གཟབ་ནན་བྱ་རྒྱུ་བཅས་ཀྱི་སྐོར་ལ་ལམ་སྟོན་དང་རེ་སྐུལ་གནང་སོང་།

དེ་རིང་གི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱོགས་མཐའ་ཁག་ནས་ཟབ་སྦྱོང་དུ་ཡོང་མཁན་སློབ་མ་ཚོར། ༡༩༥༩ ལོ་དང་དེའི་རྗེས། བཙན་བྱོལ་དུ་བསླེབས་རྗེས་ཀྱི་འགྱུར་པ་ཅི་ཕྱིན། བོད་ཀྱི་སྐད་ཡིག་རིགས་གཞུང་། རྒྱལ་སྤྱིའི་ནང་གི་བོད་ཀྱི་གནས་བབ། རྒྱ་ནག་གི་གནས་སྟངས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཤེས་རྟོགས་བྱ་རྒྱུ། སློབ་མ་རྣམས་ཀྱིས་སོ་སོའི་སྤྱོད་ལམ་དང་ཤེས་ཡོན་གཉིས་ཡག་པོ་བཟོས་ཐོག སྤྱི་ཚོགས་ལ་དགོས་ཕན་བསྒྲུབ་ཐུབ་པ་ཞིག་གི་སྟེང་གཞན་གྱིས་བརྩི་བཀུར་འཐོབ་པའི་མི་ཞིག་བྱ་རྒྱུ། མི་དེ་འདྲ་ཞིག་ཡོང་རྒྱུར་སྤྱི་ཚོགས་ནང་སོ་སོར་ཡིད་ཆེས་འཕེལ་ཐུབ་པ་བཟོ་རྒྱུ་དང་། ཡིད་ཆེས་ཟེར་པ་དེ་ཉིན་གཅིག་གཉིས་ནང་བསྐྲུན་ཐུབ་པ་ཞིག་མིན་སྟབས་དུས་རྒྱུན་ནས་གཟབ་ནན་བྱ་དགོས་པ། བོད་ནང་གི་ཛ་དྲག་གནས་སྟངས་དེར་སེམས་ཁུར་གྱིས་སློབ་མོ་ཚོས་སློབ་སྦྱོང་ལ་འགན་འཁུར་དགོས་རྒྱུ། ལྷག་པར་དུ་བོད་པའི་སྐད་ཡིག་གི་ཤེས་ཚད་ཡར་རྒྱས་དང་རིག་གཞུང་ལ་དོ་སྣང་བྱ་རྒྱུ་སོགས་ཀྱི་ཐད་གསུང་བཤད་གནང་སོང་།

གནས་ཚུལ་རྒྱས་པ་ཚེས་ ༣༡ ཉིན་གྱི་བོད་ཀྱི་དུས་བབ་ཚགས་ཤོག་སྟེང་འདོན་རྒྱུ་ཡིན།  

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

ཆུ་ཚོད་ ༡༥ སྔོན་ལ།
༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཉམས་ཞིབ་ཚོགས་ཆེན་ཐཻངས་པོའི་ཉིན་གཉིས་པའི་གཏམ་བཤད་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་དང་། ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ༢༠༢༥།༡༢།༤ དུས་བབ་ཀྱི་པར།
Mobile App

༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གླེང་བའི་ཉིན་གཉིས་པ།

༢༠༢༥/༡༢/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་འཚོག་བཞིན་པ། ༢༠༢༥།༡༢།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་འཚོགས།

༢༠༢༥/༡༢/༠༤
French President Emmanuel Macron meets with Chinese President Xi Jinping in 2022.
Mobile App

ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་ལགས་རྒྱ་ནག་ནང་སྐོར་སྐྱོད་གནང་བཞིན་འདུག

༢༠༢༥/༡༢/༠༤
ཐུགས་དམ་སྐོར་ལ་ཉམས་ཞིབ་བགྲོ་གླེང་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༣
Mobile App

ཐུགས་དམ་སྐོར་ལ་ཉམས་ཞིབ་པའི་བགྲོ་གླེང་འཚོག་བཞིན་འདུག

༢༠༢༥/༡༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese