མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་གྲོང་ཁྱེར་གསེར་གྱི་རྟཊ་མ་འབུལ་བཞེས་གནང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp


༸གོང་ས་མཆོག་ལ་ཨོ་སི་ཊི་རི་ཡའི་ཁལ་གེན་ཕཌ་དང་
ཁོར་རིན་ཐི་ཡ་གྲོང་ཁྱེར་གཉིས་ཀྱི་གསེར་གྱི་རྟཊ་མ་འབུལ་བཞེས་གནང་ཡོད་ཅིང་། ཕྱི་ཚེས་ ༢༦ ཉིན་༸གོང་ས་མཆོག་གིས་ཡུལ་དེར་ཡུ་རོབ་ཁུལ་གྱི་བོད་མི་ ༡༠༠༠༠ ལྷག་ལ་བོད་དོན་ཐོག་བཀའ་སློབ་སྩོལ་རྒྱུ་རེད།

༸གོང་ས་མཆོག་གིས་དབྱིན་ཡུལ་དང་སི་ལོ་ཝེ་ནི་ཡའི་མཛད་འཕྲིན་ཁག་ལེཊ་པར་གྲུབ་རྗེས། ཕྱི་ཚེས་ ༡༧ ཉིན་ཨོ་སི་ཊི་རིའི་གྲོང་ཁྱེར་ཧ་ཌ་ཏན་བྷག་ (Hüttenberg) ནང་འབྱོར་སྐབས་༼བོད་ནང་ལོ་བདུན་༽ཞེས་པའི་དཔེ་དེབ་རྩོམ་པ་པོ་ཧན་རིག་ཧེ་རར་དམ་པའི་སྐུ་ཟླ་ཀཱ་རི་ནཱ་ (Carina) ལཊ་དང་། གྲོང་སྡེའི་སྤྱི་ཁྱབ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་ཅིང་།  སྐབས་དེར་༸གོང་ས་མཆོག་གིས་ཧན་རིག་དང་༸ཁོང་གཉིས་བར་ཐོག་མའི་འབྲེལ་བ་བྱུང་ཚུལ་ནས་མཐར་སྐུ་མ་གྲོངས་བར་གྱི་ལོ་རྒྱུས་ངོ་སྤྲོད་དང་། ཨོ་སི་ཊི་རིའི་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་བསྔཊ་བརྗོད་གནང་དང་འབྲེལ། ཁུལ་དེའི་བོད་ཀྱི་ཐེབས་རྩ་ (Tibet Centre) ཁང་གསར་འཛུགས་ཆེད་ཨ་སྒོར་ ༡༥༠༠༠༠ ཞལ་འདེབས་གནང་ཡོད།

ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་ཨོ་སི་ཊི་རི་ཡའི་ཁལ་གེན་ཕཌ་གྲོང་ཁྱེར་ཚོགས་ཁང་ཆེན་མོའི་ནང་། ས་གནས་མི་མང་སྟོང་ཕྲག་མང་པོར་ཤེས་རབ་སྙིང་པོའི་བཀའ་ཆོས་བསྩལ་ཡོད་འདུག་ལ། གསུང་ཆོས་མགོ་འཛུགས་མ་གནང་གོང་། གྲོང་ཁྱེར་སྤྱི་ཁྱབ་དང་གྲོང་སྡེ་སྤྱི་ཁྱབ་གཉིས་ཀྱིས། མང་ཚོགས་ལ་༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་དང་། གཟེངས་རྟགས་འབུལ་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་སྟེ། ཁལ་གེན་ཕཌ་གྲོང་ཁྱེར་གསེར་གྱི་རྟགས་མའི་བྱ་དགའ་དེ་༸གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད།

དེའི་རྗེས་༸གོང་ས་མཆོག་གིས་ཆེ་བསྟོད་གཟེངས་གནང་བར་བཀའ་དྲིན་ཞུས་རྗེས། མང་ཚོགས་ལ་འཇིག་རྟེན་བཀོད་པ་པོ་ཁས་བླངས་མིན་ལ་མ་ལྟོས་པར། རང་རང་ལྟ་གྲུབ་ཀྱི་ཐོག་རང་གཅེས་འཛིན་གྱི་བསམ་པ་ཆུང་དུ་གཏོང་ཐབས་དང་། བྱམས་བརྩེ་དང་བཟོད་བསྲན། ཆོས་ལུགས་མཐུན་སྒྲིལ་སོགས་འཇིག་རྟེན་ཀུན་ཁྱབ་རིན་ཐང་རྣམས་གོང་མཐོར་གཏོང་དགོས་པའི་བཀའ་སློབ་བསྩལ་དོན“ སེམས་ཚོར་ཐོག་ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོིད་པའི་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན། གལ་སྲིད་ང་རང་ཨེ་ཤ་ཡའི་མི་རིཊ་ཤིག་དང་བོད་པ་ཞིག ཡང་ན། ནང་པ་ཞིག་ཡིན་བསམ་ན་ང་ཚོ་རང་བཞིན་གྱིས་ཐག་རིང་དུ་འགྲོ་ཡི་རེད་ ” ཅེས་གསུངས་ཡོད།

ཉིན་རྒྱབ་གྲོང་ཁྱེར་སྤྱི་ཁྱབ་དང་༸གོང་ས་མཆོག་ཐུན་མོང་ཐོག་གསར་འགོད་གསལ་བསྒྲཊ་ཤིག་སྤེལ་སྐབས། ༸གོང་ས་མཆོག་གིས་གསར་འགོད་པ་ཚོར། གསར་འགོད་པ་ནི་མི་དམངས་ལ་གོ་རྟོགས་སྤེལ་མཁན་ཡིན་སྟབས། གལ་སྲིད་ཆབ་སྲིད་པ་དང་ཚན་རིག་པ། ཆོས་པ་ཚོས་ནོར་འཁྲུལ་གྱི་ལས་ཀ་སོགས་བྱེད་སྐབས་གསར་འགོད་པར་ནོར་འཁྲུལ་ཐེར་འདོན་བྱ་རྒྱུའི་འགན་ཡོད་པ་མ་ཟད། གསར་འགོད་པ་ཚོར་གླང་ཆེན་གྱི་སྣ་བུག་ལྟ་བུའི་རྒྱབ་མདུན་གནས་ཚུལ་རྟོགས་རྒྱུའི་ནུས་པ་དགོས་པ་མ་ཟད། གནས་ཚུལ་བཟང་ངན་ཅི་རིཊ་ཕྱོགས་ལྷུང་མེད་པར་སྤེལ་དགོས་ཀྱི་ཡོད་སྐོར་གསུངས་ཡོད།

གསར་འགོད་ལྷན་ཚོཊ་ཐོག་གྲོང་ཁྱེར་སྤྱི་ཁྱབ་དང་༸གོང་ས་མཆོག་རྣམ་གཉིས་ཀྱིས། བོད་དང་ཨོ་སི་ཊོ་རི་ཡའི་རྒྱལ་དར་གནམ་ལ་གཡུག་གཡུག་གནང་རྗེས། ༸གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། “ངོས་རང་འདི་གར་ཐོག་མར་འབྱོར་སྐབས། མི་མང་པོ་ཞིག་གིས་བོད་ཀྱི་རྒྱལ་དར་ཁྱེར་ཏེ་དགའ་བསུ་གནང་སོང་། བོད་ཀྱི་རྒྱལ་དར་འཕྱར་མཁན་ལ་རྒྱ་གཞུང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། ༡༩༥༤ ལོར་ངོས་རང་རྒྱ་ནག་ཏུ་སྐྱོད་སྐབས། ཉིན་གཅིག་མའོ་ཙེ་ཏུང་གིས་ཁྱེད་ཚོར་རྒྱལ་དར་ཞིག་ཡོད་པ་རེད་པས་ཞེས་དྲིས་པའི་ལན་དུ། ངོས་ཀྱིས་ང་ཚོར་རྒྱལ་དར་ཡོད་ཅེས་བཤད་སྐབས། ཁོང་གིས་རྒྱལ་དར་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་མཉམ་དུ་བསྒྲེང་ན་འགྲིག་གི་རེད་ཅེས་བརྗོད་བྱུང་། དེར་བརྟེན་མ་འོངས་པར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་དར་འཕྱར་ཆོག་གི་མ་རེད་ཅེས་རྙོག་དྲ་བཤད་ན། མའོ་ཀྲུའུ་ཞིས་ཏཱ་ལའི་བླ་མར་བོད་ཀྱི་རྒྱལ་དར་བསྒྲེང་ཆོག་པའི་ཆོག་མཆན་སྤྲད་ཡོད་བཤད་ན་འགྲིག་གི་ཡོད་ ” ཅེས་གསུངས་ཡོིད།

ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་ཨོ་སི་ཊི་རི་ཡའི་ས་གནས་ (Klagenfurt) སུ་ཆིབས་བསྒྱུར་བསྐྱངས་སྐབས། ཡུལ་དེའི་ཁོར་རིན་ཐི་ཡ (Corinthia)  མངའ་སྡེ་བློན་ཆེན་མཆོག་གིས། ༸གོང་ས་མཆོག་ལ་གྲོང་ཁྱེར་དེའི་གསེར་གྱི་རྟགས་མའི་བྱ་དགའ་འབུལ་བཞེས་གནང་འདུག་ལ། སྐབས་དེར་༧གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་བསྩལ་ཡོད་པ་མ་ཟད། ཆོས་ལུགས་འདྲ་མིན་གྱི་ཚོགས་འདུ་ཞིག་ཏུ་ཆིབས་བསྒྱུར་བསྐྱངས་ཡོད། སྐབས་དེར། ༸གོང་ས་མཆོག་གིས་ཡུ་རོབ་ས་གནས་འདྲ་མིན་ནས་བཅར་བའི་བོད་མི་ ༤༠༠ ཙམ་ལ། བོད་ཀྱི་རིག་གཞུང་གི་རིན་ཐང་དང་སྐད་ཡིག་སྲུང་སྐྱོབ། ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་ཕྱོགས། བོད་མི་ནང་ཁུལ་ཆབ་སྲིད་ལངས་ཕྱོགས་རྩོད་རེས་མི་གནང་བའི་བཀའ་སློབ་བཅས་བསྩལ་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨོ་སི་ཊི་རི་ཡའི་ནང་ཡུ་རོབ་གནས་སྡོད་བོད་མི་ ༡༠༠༠༠ ལྷག་འདུ་འཛོམ་གནང་སྟེ། ༸གོང་ས་མཆོག་དང་བཀའ་ཁྲི་བློ་བཟང་སེང་གེ་རྣམ་གཉིས་གཙོས་ཡུ་རོབ་ཁུལ་གྱི་སྲིད་དོན་པ་དང་། ཆབ་སྲིད་བཙོན་པ་ཚོས་བོད་ཀྱི་གནད་དོན་ཐོག་གཏམ་བཤད་སྤེལ་རྒྱུ་དང་། ཡུ་རོབ་ཀྱི་གཞས་པ་གྲཊ་ཅན་ཁག་ཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་གླུ་གཞས་ཀྱང་གཏོང་འཆར་ཡོད་འདུག འདུ་འཛོམ་དེའི་ཐད་༸གོང་ས་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས། བོད་མི་འདུ་འཛོམ་དེ་གལ་ཆེན་པོ་ཡིན་ཚུལ་གསུངས་ཏེ། “བོད་ཀྱི་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་ཆཊ་ཡོད་ཀྱང་། འཛམ་གླིང་སྤྱི་ཡོངས་ལ་དུས་ད་ལྟ་ཡང་ཁ་གསལ་པོ་ཆགས་ཐུབ་མེད་སྟབས། ཐེངས་འདིའི་བོད་མི་འདུ་འཛོམ་དེ་རྒྱལ་སྤྱིའི་སྟེང་བོད་དོན་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་” ཅེས་གསུངས་ཡོད།

ལས་འགུལ་གོ་སྒྲིག་པ་སུད་སིར་གནས་བཞུཊ་བཀྲས་མཐོང་བདེ་སྐྱིད་གཡང་འཛོམས་ལགས་ཀྱིས་བརྗོད་ན། ཐེངས་འདུའི་འདུ་འཛོམས་དེ་ནི་ཡུ་རོབ་གནས་སྡོད་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས། བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཐབས་ཀྱི་འདུ་འཛོམ་ལས་འགུལ་ཞིག་ཡིན་ཚུལ་དང་། འདུ་འཛོམ་སྐབས་ཀྱི་ལས་རིམ་གཙོ་བོ་༸གོང་ས་མཆོག་དང་བཀའ་ཁྲི་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་བོད་ནང་གི་གནས་སྟངས་དང་། ཨོ་སི་ཊི་རི་ཡ་གཙོས་ཡུ་རོབ་སྲིད་དོན་པ་དང་ཆབ་སྲིད་བཙོན་པ་ཁག་ཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་རྒྱུ་དང་། ཡུ་རོབ་གཞས་པ་གྲཊ་ཅན་ཁ་ཤས་ཀྱིས་དོན་དོན་རྒྱབ་སྐྱོར་གྱི་གླུ་གཞས་གཏོང་རྒྱུ་སོགས་ཡིན་འདུག

ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་བྷེལ་ཇམ་དུ་ས་གནས་མི་མང་སྟོང་ཕྲག་བརྒལ་བར་སྤྱི་ཚོགས་བཟང་པོ་སྐྲུན་ཐབས་ཀྱི་འཆར་སྣང་ཞེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་བསྩལ་རྒྱུ་ཡིན་འདུག

       གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༧ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢༡ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༤ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 9

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་།
    བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།
    སྐུ་ཚེ་ཡུན་བརྟན་བཀྲ་ཤིས་པ།
    གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ
    བོད་ཀྱིས་བདེན་པ་རྒྱལ་འགྱུར་ཅིག

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ཐུགས་བྱམས་བརྩེ་འི་འོད་སྣང་ཅི་ཡང་བཀྲ་ །
    ཞལ་འཛུམ་མདང་མེ་ཏོག་རྣམ་པར་བཀྲ་ །
    གསུང་སྙན་མོ་ཐོས་འཛིན་བརྒྱན་དུ་བཀྲ་ །
    ས་འདི་ལ་ཞི་བདེ་དར་ལྕོག་འཛུམས ༎
    རྗེ་ཉིད་ཀྱིས་འགྲོ་དོན་ཁོ་ན་བཞེད༎
    མགོན་ཁྱེད་ཀྱིས་བདེ་དོན་འབའ་ཞིག་སྨྲས༎
    འགྲོ་ཀུན་ལ་བདེ་སྐྱིད་གསར་པ་བསྐྲུན༎
    མགོན་ཁྱེད་ཀྱིས་བཀའ་དྲིན་མི་སེམས་ཅི༎
    རྗེ་ཉིད་ཀྱི་མཛད་འཕྲིན་ཁོ་ན་ལས༎
    བོད་བཙན་བྱོལ་བླ་སྤྲུལ་དགེ་འདུན་རྣམས།
    མགོ་ཅུད་ཟད་གྱེན་དུ་བཏེགས་པ་ཡང།།
    མགོན་བླ་མ་ཁྱེད་ཀྱི་བཀའ་དྲིན་ཡིན།།
    བོད་སྲིད་པ་ཆགས་ནས་ད་ལྟ་བར༎
    ཞྭ་དཀར་ནག་བཞེས་པའི་བླ་སྤྲུལ་དང་༎
    སྐྲ་བརྒྱན་དུ་འཆང་བའི་གྲུབ་ཐོབ་སོགས༎
    བོད་བསྟན་སྲིད་སྐྱོང་བའི་ལོ་རྒྱུས་མེད༎
    ཧེ་ཧེ་ཀུ་རེའི་ཚུལ་དུ་ཐལ་ལོ༎

    Reply
  3. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལ་ཞུ་རྒྱུར།
    རྒྱལ་ཁབ་ཁག་དང་ཚོགས་པ་ཁག་གིས་༸་གོང་ས་མཆོག་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོའི་ཐོག་གཟེངས་རྟགས་དེ་དག་གི་མཚོན་དོན་དང་ངོ་བོ་གང་ཡིན་ཇི་མ་ཇི་
    བཞིན་སྒྲོན་སྦྱངས་ཞུ་བཞིན་ཡོད།འོན་པ་དང་ལོག་བ་དབང་པོ་ཚན་མིན་གྱིས་མ་
    རྟོགས་པ་དང་མ་ཤེས་ཡོད་སྲིད་མོད། གཞན་དོགས་འཆར་དེ་འདྲ་ཡོང་དོན་ཡེ་ནས་མེད།ཡིན་ན་ཡང་རྒྱུ་མཚན་དང་
    དམིགས་ཡུལ་ངན་པ་ཞིག་ལ་བརྟེན་ནས་དེ་ལྟ་བུའི་དོགས་པ་ཡོད་ཁུལ་བྱས་མཁན་ནི་རྒྱ་དམར་གཞུང་ཙམ་རེད། རེད་དེ་ཁྱོད་ཀྱིས་མ་ཤེས་པ་ནི་མིག་སེར་ཅན་གྱིས་གངས་རི་སེར་པོ་མཐོང་བ་དང་
    གཅིག་མཚུངས་རེད།ནང་ཆོས་ནས་གསུངས་པའི་མིག་སེར་བསེལ་བའི་གསོལ་སྨན་མཆོད་ན་གཟེངས་རྟགས་དེ་དག་གི་ངོ་བོ་དང་མཚོན་དོན་ཤེས་རྒྱུའི་རེ་བ་ཡོད།

    Reply
  4. ནད་པ says:
    ལོ་ 14 སྔོན།

    ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས།།
    ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་།།
    བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།།
    གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། ཞེས་སངས་རྒྱས་ཀྱིས་མཚན་ཡང་དག་བརྗོད་པའི་མདོ་ལས་ལུང་དུ་བསྟན་པ་ལྟར་བཀྲིས་པ་ཀུན་གྱིས་ནང་ནས་ས་སྟེང་འདིར་བཀྲ་ཤིས་ཤོས་དེ་མཚན་སྙན་པར་གྲགས་པའི་བོད་དང་འཛམ་གླིང་གི་སྤྱི་ནོར་༸ གོང་ས་སྐྱབས་མགོན་ཐམས་ཅད་མཁྱེད་ཅིང་གཟིགས་པ་ཆེན་པོ་༸གོང་ཏྰ་ལའི་བླ་མ་ཁོ་ན་ཉིད་ཡིན།།

    མདའ་མཚོན་གོ་ཆ་མ་བཟུང་བར།།
    རང་ཉིད་གཅིག་པུས་བྱེ་བའི་བདུད།།
    མ་ལུས་ཕམ་མཛད་གཡུལ་གྱིས་ལས།།
    ཁྱེད་ལས་གཞན་པ་སུ་ཞིག་མཆིས།། ཞེས་བོད་ཀྱི་རླབས་ཆེན་རྗེ་ཙོང་ཁ་པས་བསྟོད་པ་ལྟར་མདའ་དང་མཚོན་སོགས་ཅི་ཡང་མི་མངའ་བའི་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་གང་ཉིད་ཀྱིས་དམག་དཔུང་དང་། མེ་མདེལ། རྡུལ་མཚོན་སོགས་ཡོད་པའི་རྒྱ་ནག་དམར་པོའི་ཏང་ཤོག་གི་རྩ་འཛུགས་འདི་ཡང་ཕམ་པར་མཛད་པའི་ཚུལ་བསྟན་བཞིན་པ་ལྟར་ཡིན།

    སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་སྨོན་ལམ་ཞུའོ།།

    Reply
  5. རེབ་ཐོག་མདའ says:
    ལོ་ 14 སྔོན།

    ངའི་བླ་མ་ཡིད་བཞིན་ནོར་བུ་ཡིན།།
    སྐུའི་མཛད་པ་འཛམ་གླིང་ཉི་མ་ཡིན།།
    ཐུགས་གཤིས་རྒྱུད་བྱང་ཆུབ་སེམས་དཔའ་ཡིན།།
    ཁོང་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།།

    སྐུ་མེ་ཏོག་མདོ་སྨད་ཡུལ་ནས་བཞད།།
    ཆོས་ཟབ་མོ་དབུས་ཡུལ་ཞིང་ནས་བསླབ།།
    སྐུ་མཛད་འཕྲིན་གོ་ལའི་ཁྱོན་ལ་ཁྱབས།།
    ཁོང་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།།

    ཚེ་འདི་ཕྱི་གཉིས་ཀྱིས་སྐྱབས་གནས་ཡིན།།
    བོད་ཆོལ་གསུམ་དད་པའི་བླ་མ་ཡིན།།
    དུས་སྨྱུག་མའི་སྐབས་གིས་སངས་རྒྱས་ཡིན།།
    ཁོང་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།།

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ས་ཆེན་ལ་ཤོང་དཀའ་བའི་ས་ཐོག་སངས་རྒྱས་ཀྱི་མཛད་པ་གྲངས་མང་ཞིང་ཡིད་རངས་ཞུ།

    འོན་ཀྱང་ནུབ་ཕྱོགས་མགོ་སེར་འདི་ཚོས་གཟེངས་རྟགས་འདི་ཚོའི་ངོ་བོ་ངོ་མ་དེ་གང་འདྲ་ཡིན་མིན་ད་དུང་ཡང་གསལ་པོ་ཤེས་མེད།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ། དེ་ལས་ཀྱང་ཞིབ་ཅིང་ཕྲ་བ་ཀློག་འདོད་ན་བོད་ཀྱི་བང་ཆེན་ནང་བཀོད་འདུག

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    རང་ཅག་ལྷ་མི་ཀུན་གྱི་མངའ་བདག་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང། བོད་དོན་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་ཤུགས་དྲག་བཅས།།

    Reply
  9. མི་རྒོད། says:
    ལོ་ 14 སྔོན།

    ༄་། མགོན་༧ སྐྱབས་མགོན་ལྷ་མིའི་རྣམ་འདྲེན་གྱིས།།
    གསུངས་བྱིན་རླབས་འཛམ་གླིང་ཡོངས་སུ་འཇུག།།
    ཡུལ་འདུལ་བྱའི་ཉོན་མོང་ཀུན་གྲོལ་ནས།།
    བློ་ཆོས་སུ་འགྲོ་བ་བྱིན་གྱིས་རློབ།།
    ཡོ་རོབ་ནང་བོད་པ་ཚང་ནས་ལས་དོན་འདི་ལྟར་སྤེལ་བ་ཧ་ཅང་གི་དུས་མཚམས་རེད། ཐུགས་རྗེ་ཆེ། དགྲ་བོ་བྱིས་སྐད་ཤོར་བ་ཡང་རྒྱུ་འདི་ལ་བརྟེན་ནས་བྱུང་བས་ད་ལས་དོན་འདི་རིགས་གང་མང་སྤེས་དགོས་པ་གལ་ཆེ། བོད་ཚོགས་འགོ་ཁྲིད་དང་། མང་ཚོགས་ལ་སྙིང་དབུས་དགའ་བསུ་ཞུ་ལ་བདེ་སྐྱིད་བཀྲས་མཐོང་ལགས་དང་། བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་སུ་སླར་ཡང་ཐུགས་རྗེ་ལན་བརྒྱར་ཆེ་ཞུ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese