མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་མཛད་སྒོ་དྷ་སྟེང་བོད་ཁྱིམ་དུ་རྩེད་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ། རྒྱལ་ཡུམ་ཆེན་མོ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པ་དབུ་འཛུགས་དང་། མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རུ་གཙོ་ཟུར་བ་བུ་ཆུང་བྷོ་ཊའི་ཡ་ལགས་ཕེབས་རྒྱུ་ཡིན་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་ ༡ ཡས་མས་སུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། རྒྱལ་ཡུམ་ཆེན་མོ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པ་དབུ་འཛུགས་གནང་རྒྱུ་ཡིན་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རུ་དཔོན་ཟུར་པ་བུ་ཆུང་བྷོ་ཊའི་ཡ་(Bhaichung Bhutia)ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ནེའུ་ཛི་ལན་ཌའི་རྒྱལ་ཡོངས་རྐང་སྤོལ་རུ་མི་ཟུར་པ་ཌེམ་བྷི་རོན་(Tim Brown)ལགས་གསུམ་ཕེབས་རྒྱུ་ཡིན་འདུག་ལ། རྩེད་ཐང་དབུ་འབྱེད་སྐབས་བོད་ཁྱིམ་དྷ་སྟེང་དང་གྷོལ་པ་པུར། ཅོན་དྷི་ར། སེ་ལ་ཀོལ་བཅས་ཀྱི་མཉམ་འབྲེལ་བུད་མེད་རུ་ཁག་དང་། ས་གནས་ཀང་རའི་རྒྱ་གར་བུད་མེད་རུ་ཁག་བར་དུས་ཡུན་ཆུ་ཚོད་སྐར་མ་ ༡༥ རིང་རྐང་སྤོལ་རྩེད་འགྲན་ཞིག་ཀྱང་གནང་རྒྱུ་ཡིན་འདུག 

འདི་ལོའི་རྒྱལ་ཡུམ་ཆེན་མོ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་ཁྲོད་རྒྱ་བལ་ས་གནས་ཁག་ནས་རུ་ཁག་ ༢༤ ཡིས་དེབ་སྐྱེལ་བྱས་ཡོད་པའི་ཁྲོད། ས་ཁུལ་ཆ་བགོས་ཀྱི་ཆ་རྐྱེན་གཞིར་བཟུང་དངོས་སུ་རྩེད་འགྲན་ཁྲོད་ཞུགས་མཁན་རུ་ཁག་ ༡༩ ཡོད་འདུག ཐོག་མའི་རྩེད་འགྲན་སྐབས་ཀ་ནས་ཆ་བར་རྩེད་འགྲན་སྡེ་ཚན་ ༦ ལ་བགར་རྗེས། སྡེ་ཚན་ནང་ཁུལ་རེས་མོས་རྩེད་འགྲན་བརྒྱུད་སྡེ་ཚན་སོ་སོའི་རྩེ་ཕུད་རུ་ཁག་ ༦ དང་། དེ་འཕྲོས་ཀྱི་རུ་ཁག་ཡོངས་ནས་བརྒྱ་ཆ་མཐོ་ཤོས་ ༢ བཅས་ཁྱོན་བསྡོམས་རུ་ཁག་ ༨ བདམས་རྗེས། རུ་ཁག་གཉིས་རེ་བར་ཐད་ཀར་རྒྱལ་ཕམ་རྩེད་འགྲན་བྱས་ཏེ། རིམ་པ་བཞིན་རྩེ་གྲོས་བཞི་འགྲན་རྩོད་དང་། རྩེ་གྲས་གཉིས་འགྲན་རྩོད། མཐའ་མའི་རྟིང་རྩོད་བཅས་གནང་རྒྱུ་ཡིན་པ་དང་། རྩེད་འགྲན་ཡོངས་ལ་ཁྱོན་བསྡོམས་འགྲན་ཐེངས་ ༢༦ ཡོད་པའི་ཁྲོད། ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༣༡ བར་གྱི་འགྲན་ཐེངས་ ༡༦ དྷ་སྟེང་བོད་ཁྱིམ་རྩེད་ཐང་དང་། ཕྱི་ཟླ་ ༦ ཚེས་ ༡ ནས་ཚེས་ ༣ བར་གྱི་འགྲན་ཐེངས་ ༧ དྷ་ཤོད་བོད་ཁྱིམ་རྩེད་ཐང་། མཇུག་མཐའི་རྟིང་རྩོད་རིམ་པའི་འགྲན་ཐེངས་ ༣ དྷ་སྟེང་བོད་ཁྱིམ་རྩེད་ཐང་བཅས་སུ་རྩེད་འགྲན་བྱ་རྒྱུ་ཡིན་འདུག

འདི་ལོའི་རྩེད་འགྲན་ཁྲོད་ཞུགས་མཁན་རུ་ཁག་ ༡༩ ནི། དྷ་ས་མཉམ་འབྲེལ་རུ་ཁག བོད་ཁྱིམ་མཉམ་འབྲེལ་རུ་ཁག མོན་གྷོ་འདོད་དགུ་གླིང་རུ་ཁག ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག ཅོན་ཧ་ར་མཉམ་འབྲེལ་རུ་ཁག ནོར་གླིང་བྷན་ཌི་ར་རུ་ཁག མཱ་རྡི་ར་སི་སློབ་ཕྲུག་རུ་ཁག ཌལ་ཧོར་ཕུན་ཚོགས་གླིང་རུ་ཁག ལྡི་ལི་མཉམ་འབྲེལ་རུ་ཁག ཝར་ན་མཐོ་སློབ་རུ་ཁག དོན་འགྲུབ་གླིང་ཀ་ལི་མན་ཊོན་རུ་ཁག  པུའུ་ནེའུ་རུ་ཁག མེའོ་ཆོས་འཕེལ་གླིང་རུ་ཁག བལ་ཡུལ་འཕགས་ཤིང་རུ་ཁག རྒོ་བ་རུ་ཁག སྦོག་ར་བཀྲ་ཤིས་དཔལ་འཁྱིལ་རུ་ཁག ཤི་ལོང་གངས་ལྗོངས་རུ་ཁག སྦེལ་ཀོབ་བདེ་སླར་རུ་ཁག མེན་ཕར་གྷོ་བ་ལོར་རུ་ཁག་བཅས་ཡིན་པ་རེད།  

ལོ་ལྟར་རྒྱལ་ཡུམ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་ཚོགས་སྐབས། ལན་རེར་ལྟད་མོ་བའི་ཁྲོད་དང་རྩེད་འགྲན་རུ་ཁག་ཕན་ཚུན་བར་རྩོད་རྙོག་ཡོང་གི་ཡོད་སྟབས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ལགས་སུ། འདི་ལོའི་རྩེད་འགྲན་གྱི་བདེ་འཇགས་ཐད་གོ་སྒྲིག་ག་རེ་ཡོད་མེད་དྲིས་པར། ཁོང་གིས་ “ཚང་མས་རྩེད་མོ་གཟིགས་དུས་དང་རྩེད་དུས་དམིགས་བསལ་ཀུན་སྤྱོད་ཐོག་བསམ་བློ་གཏོང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།  དེ་སྔོན་རྩེད་འགྲན་སྐབས་དཀའ་ངལ་རེ་ཟུང་འཕྲད་ཀྱིན་པ་དེའང་། མང་ཆེ་བ་ནི་ལྟད་མོ་བ་རྣམས་ཀྱི་བྱ་སྤྱོད་ཡག་པོ་མ་བྱུང་བར་བརྟེན་ནས་ཡོང་གི་ཡོད་པ་རེད། དེའི་ཐད་ང་ཚོ་གྲ་སྒྲིག་ཚོགས་ཆུང་གི་ངོས་ནས་འབོད་སྐུལ་ཞུ་རྒྱུ་མ་གཏོགས། དམིགས་བསལ་ལྟད་མོ་བར་ཁྲིམས་སྒྲིག་བཙུགས་ཏེ་ཐག་གཅོད་བྱ་ཐབས་གང་ཡང་ཡོད་པ་མ་རེད།” ཅེས་བརྗོད་དེ། རྩེད་འགྲན་གྱི་མགོ་མཇུག་བར་གསུམ་དུ་བདེ་འཇགས་ཡོང་ཆེད། ཐེངས་འདིའི་གྲ་སྒྲིག་ཚོགས་ཆུང་ཀྱི་ཚོགས་གཙོ་དྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཆེད་དུ། ཉེ་ཆར་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཕེབས་ཏེ་བདེ་འཇགས་ཐད་གཟིགས་རྟོགས་ཡོང་བའི་སྙན་ཞུ་ཞུས་པ་ལྟར།  དྷ་སའི་ཉེ་འཁོར་གཡས་གཡོན་ཉེན་རྟོག་པ་དག་གིས་རོགས་འདེགས་གནང་འཆར་ཡོད་པ་གསལ་བཤད་དང་སྦྲགས། རྩེད་འགྲན་སྐབས་དཀའ་རྙོག་བྱུང་བཞིན་པ་དེ་ནི་ང་ཚོ་བོད་པའི་ཞབས་འདྲེན་ཞིག་ཡིན་པ་ལས་རྒྱལ་ཁ་དང་གཟི་བརྗིད་གང་ཡང་མིན་སྟབས། རྩེད་འགྲན་པ་དང་ལྟད་མོ་མ་ཚང་མའི་ངོས་ནས་སྤྱོད་ངན་གྱི་རིགས་ནམ་ཡང་སྤེལ་མི་ཡོང་བའི་འབོད་སྐུལ་གནང་སོང་།

གཞན་ཡང་། ཐེངས་འདིའི་རྩེད་འགྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བུ་ཆུང་བྷོ་ཊའི་ཡ་ལགས། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་མཁའ་ལམ་བརྒྱུད་དྷ་སར་འབྱོར་རྗེས། ཞོགས་པའི་ཆུ་ཚོད་ ༡༠ པའི་སྟེང་རྒྱལ་བ་ཀརྨ་པའི་མཇལ་ཁར་བཅར་རྒྱུ་ཡིན་པ་དང་། དེ་རྗེས་རྩེད་འགྲན་མཛད་སྒོ་ཕེབས་ཏེ་ཉིན་རྒྱབ་མཛད་སྒོ་གྲུབ་རྗེས། བོད་གཞུང་བཀའ་ཤག་གི་ངོས་ནས་ཁོང་ལ་སྣེ་ལེན་གྱི་གསོལ་ཚིགས་ཤིག་ཀྱང་གོ་སྒྲིག་གནང་འཆར་ཡོད་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 5

  1. བློ་བཟང་མདོ་སྔགས། says:
    ལོ་ 11 སྔོན།

    ལོ་ལྟར་འགྲན་བསྡུར་འདིའི་སྟེང་ཉོག་དྲ་རེ་ཡོད་ངེས་ཀྱང་། ད་ལོ་དེ་རིགས་མི་ཡོང་བའི་རེ་བ་དང་སྨོན་འདུན་ཞུ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 11 སྔོན།

    རང་རེ་ཁོར་ཡུག་ནང་རང་ཉིད་ཀྱི་སྐད་ཡིག་བེད་ལོས་སྤྱོད། གང་ས་གང་ཐད་ནས་ཤུགས་རྒྱོབ་ཤོག། ཐུགས་རྗེ་ཆེ།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 11 སྔོན།

    རྐང་རྩེད་སྤོལ་ལོའི་རེའུ་མིག་དེ་ཚོ་བོད་ཡིག་ནང་བཟོས་པར་ཐུགས་རྗེ་ཆེ་བ་མ་ཟད་དེ་ཚོ་འགྲེམས་སྤེལ་གང་མང་ཡོང་བ་དང་། དེ་བཞིན་རྩེད་མོའི་ཁྲིམས་དེ་ཚོ་ཡང་བོད་ཡིག་ཐོག་བརྗོད་རྒྱུའི་སྒྲིག་ཁྲིམས་བཟོས་ཐུབ་པའི་རེ་བ་ཡོད་ལ་ཐུབ་ངེས་འདུག་ན་རིམས་པས་བོད་སྐད་བེད་སྤྱོད་ལམ་སྲོལ་ཆགས་ངེས་ཡིན། དེ་མིན་རྡ་སའི་ཆབ་སྲིད་པ་མགོ་ཆེན་ཚོས་ལག་ལེན་མེད་པ་ཁ་སྟོང་འབུམ་ཕྲག་བརྗོད་པ་ལས་ཁྱེད་ཚོའི་རིའུ་མིག་དེ་ཡིས་གཞོན་སྐྱེད་དུ་མ་ཞིག་ལ་བོད་ཡིག་དང་བོད་སྐད་ཤེས་རྒྱུར་དོ་སྣང་ཆེ་བ་ཡོང་རྒྱུ་རེད་འདུག་ན་སླར་ཡང་ཐུགས་རྗེ་ཆེ་ཆེ།།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 11 སྔོན།

    གོང་གི་རེའུ་མིག་འདི་བོད་ཡིག་ནང་དུ་བྲིས་ཡོད་པར་མཐོང་ནས་དགའ་བོ་བྱུང་། ཡག་པོ་ཞེ་དྲག་རེད་ མུ་འཐུད་དུ་འབད་རོགས། ང་ཚོས་ལས་འགུལ་གང་ཞིག་སྤེལ་ཚེ་གོང་གི་རེའུ་མིག་བཞིན་བཟོ་ཐུབ་ན་ཧ་ཅང་བཟང་གི་ ཐུགས་རྗེ་ཆེ།

    Reply
  5. ཟུར་ཁང་དབང་ཆེན་དགེ་ལེགས། says:
    ལོ་ 11 སྔོན།

    ཉིན་མཐའ་མའི་དུས་ཚེས་དེ་ཁ་གསལ་ཞིག་གསུང་རོགས། ཕྱི་ཟླ་དྲུག་པའི་ཚེས་༣་རེད་དམ། ཁྱེད་ཚོས་ངོ་སྤྲོད་ཅེས་ངེས་པར་དུ་གནང་རོགས། ང་དྷ་སར་ཡོང་རྒྱུ་གྲ་སྒྲིག་བྱེད་ཕྱོགས་ལ་ཕན་ཐོག་འདུག འདི་ལོ་ཕྱག་འཁྱེར་ལ་མ་གནས་དངུལ་སྒོ་ག་ཚད་ཡིན་ན་དེ་ཡང་ངོ་སྤྲོད་ཅེས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist