མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྲིན་ཀུང་ཁྲིན་ཕྱིར་རྒྱ་ནག་ཏུ་ལོག་སྲིད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཁྲིན་ཀུང་ཁྲིན་ཨ་རིར་སླེབས་ཏེ་སློབ་སྦྱོང་ལས་གཞི་མགོ་བཙུགས་ཡོད་ཀྱང་། ནེའུ་ཡོག་སློབ་ཆེན་དགེ་རྒན་ཁཱང་ཅེ་རོང་གིས་ཁྲིན་ཕྱིར་རྒྱ་ནག་ནང་ལོག་སྲིད་པ་བརྗོད་འདུག

ཉེ་ཆར་ཁྲིན་ཀུང་ཁྲིན་ནང་མི་ཟླ་སྒྲིལ་ཐོག་ཨ་རིར་འབྱོར་རྗེས། ད་ལྟ་ནེའུ་ཡོག་སློབ་ཆེན་ནང་ཁྲིམས་ལུགས་ཉམས་ཞིབ་དང་སློབ་སྦྱོང་ལས་གཞི་དངོས་སུ་མགོ་འཛུགས་བྱས་ཡོད་ཀྱང་།  རྒྱུན་རིང་ཁྲིན་གྱི་གནས་སྟངས་ལ་དོ་སྣང་དང་ཁྲིན་ཨ་རིར་ཕྱི་བསྐྱོད་སློབ་སྦྱོང་ཐད་འབྲེལ་བ་གནང་མཁན། ནེའུ་ཡོག་སློབ་ཆེན་ཁྲིམས་ལུགས་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཁཱུང་ཅེ་རོང་གིས་གསར་ལམ་ཁག་ཏུ། གལ་སྲིད་བྱ་གཞག་ཡོད་ཚད་ལེགས་འགྲུབ་བྱུང་ཚེ། ཁྲིན་ཀུང་ཁྲིན་ལོ་མཇུག་རྒྱ་ནག་ནང་ཕྱིར་ལོག་སྲིད་པ་བརྗོད་འདུག

མིག་གཉིས་ལོང་པ་ཡིན་པའི་རྒྱ་ནག་དམངས་ཁྲོད་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་ཕྱི་ཚེས་ ༢༠ ཉིན་ཨ་རིར་འབྱོར་རྗེས། ནེའུ་ཡོག་སློབ་ཆེན་ནང་ཁྲིམས་ལུགས་ཉམས་ཞིབ་དང་དབྱིན་ཡིག་སློབ་སྦྱོང་གནང་མགོ་བརྩམས་ཡོད་ལ། ཁོ་རང་ཨ་རིར་སླེབས་པ་དེས་ཨ་རྒྱ་གཉིས་བར་ཉེ་བའི་བདུན་ཕྲག་འགའི་རིང་གི་ཕྱི་འབྲེལ་དཀའ་རྙོག་མཇུག་སྒྲིལ་ཡོད་པ་རེད། འདས་པའི་ལོ་དུ་མའི་རིང་ཁྲིན་ཀུང་ཁྲིན་ལ་ཉི་མའི་བདེ་དྲོད་རོལ་རྒྱུའི་སྐལ་བ་ཐོབ་མྱོང་མེད་སྟབས། ཁོང་རང་ཉེའུ་ཡོག་ཏུ་འབྱོར་རྗེས་ནང་མི་དང་མཉམ་དུ་སྤྱི་གླིང་ནང་འཁྱམ་འཁྱམ་དུ་བསྐྱོད་ཡོད་འདུག  

ཁྲིན་ཀུང་ཁྲིན་ནེའུ་ཡོག་ཏུ་འབྱོར་རྗེས་ཀྱི་ཐོག་མའི་གསར་འགོད་གསལ་བསྒྲགས་སྐབས། ཁོང་གིས་ཨ་རྒྱ་གཉིས་ཀྱིས་གནད་དོན་འདི་ཐག་གཅོད་སྐོར་གྱི་གྲོས་ཆོད་དང་། རྒྱ་ནག་གཞུང་གིས་ཁོང་གི་སྤྱི་དམངས་ཁེ་དབང་དང་རང་དབང་བདེ་འཇགས་ཐད་ཀྱི་ཁས་ལེན་མཐའ་དག ཁོ་རང་རྒྱ་ནག་དང་ཁ་གྱེས་པ་ཙམ་གྱིས་མཇུག་སྒྲིལ་མི་སྲིད་པའི་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གིས་བསམ་བློ་བཅིངས་འགྲོལ་བཏང་སྟེ་ཆབ་སྲིད་སྒྱུར་བཅོས་མཐའ་འཁྱོངས་དང་། ཁ་ཡོད་ལག་ཡོད་ཐོག་སྤྱི་ཚོགས་དྲང་སྙོམས་ཡོང་རྒྱུར་འབད་བརྩོན་བྱས་ཏེ།  མི་མང་མང་ཚོགས་ཀྱིས་ཡིད་ཆེས་རྙེད་པ་ཞིག་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།  

ནེའུ་ཡོག་སློབ་ཆེན་གྱི་ཁྲིམས་ལུགས་དགེ་རྒན་ཆེན་མོ་ཁཱུང་ཅེ་རོང་ལགས་ཀྱིས་རའོ་ཌིར་གསར་ཁང་ལ། “གལ་སྲིད་ཡོད་ཚད་ལེགས་འགྲུབ་བྱུང་པ་ཡིན་ན། ཁྲིན་ཀུང་ཁྲིན་ལོ་མཇུག་ཕྱིར་རྒྱ་ནག་ནང་ལོག་སྲིད་པ་རེད། ཡིན་ནའང་། ཐོག་མར་ཁོས་ལོ་གཅིག་རིང་སློབ་སྦྱོང་ཞིབ་འཇུག་བྱས་རྗེས། ད་གཟོད་ཅི་ལྟར་བསྒྲུབ་རྒྱུ་ཡིན་མིན་ཐད་བསམ་བློ་གཏོང་རྒྱུ་རེད།” ཅེས་བརྗོད་འདུག 

ཁྲིན་ཀྲུང་ཁྲིན་ཨ་རིའི་གཞུང་ཚབ་ཁང་དུ་ཉེན་ཡོལ་བྲོས་བྱོལ་བྱས་རྗེས། རྒྱ་ནག་གནས་སྡོད་སུད་སི་དང་ཁེ་ན་ཊ། སི་ཝེ་ཌེན། ཧྥ་རན་སི། དབྱིན་ཡུལ། ཡུ་རོབ་བཅས་ཀྱི་གཞུང་ཚབ་ཁང་དག་གིས་སྔ་ཕྱིར་ཁ་པར་བརྒྱུད་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་བ་ཁག་གིས་ཨ་རིར་ཁྲིན་ཀུང་ཁྲིན་གྱིས་རང་དབང་ཐོག་གཏམ་བརྗོད་སྤེལ་ཆོག་སྟབས། འགྲོ་བ་མིའི་ཐོབ་ཐང་ཐད་ནུས་པ་སྔར་ལྷག་འདོན་ཐུབ་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist