མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབོ་ར་དགོན་པའི་གནས་སྟངས། ༼ པར༽

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་གཞུང་གིས་དེང་སྐབས་ཨ་མདོ་འབོ་ར་དགོན་པའི་དགེ་འདུན་པ་ཚོར་རྒྱལ་གཅེས་སློབ་གསོ་སྤེལ་གྱི་ཡོད་པའི་སྐོར་དང་། དེ་སྔ་འབོ་ར་དགོན་གྲོང་གཉིས་ཀྱིས་ངོ་རྒོལ་བྱས་སྐབས་ཀྱི་པར་གསར་པ་ཁག་ཅིག་བཅས་འབྱོར་ཡོད།

དེ་རིང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བསོད་ནམས་ལགས་ཀྱིས་བོད་ཨ་མདོ་འབོ་ར་དགོན་པའི་དགེ་འདུན་པ་ཚོར་རྒྱ་གཞུང་གིས་ཉིན་ལྟར་རྒྱལ་གཅེས་སློབ་གསོ་སྤེལ་གྱི་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༣ པའི་ནང་འབོ་ར་དགོན་གྲོང་གཉིས་ཀྱི་མི་མང་ཚོས་རྒྱ་གཞུང་ལ་ངོ་རྒོལ་གནང་སྐབས་ཀྱི་པར་གསར་པ་སྐོར་ཞིག་བཅས་བཏང་འབྱོར་བྱུང་སོང་།

གནས་ཚུལ་ནང་། ད་ལྟའི་ཆར་དེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གྲྭ་བ་ ༤༠ ལ་ཉིན་ལྟར། སྔ་དྲོའི་ཆུ་ཚོད་ ༩། ༣༠ ནས་ ༡༡ བར་དང་། ཕྱི་དྲོའི་ཆུ་ཚོད་ ༣།༣༠ ནས་ ༥ བར། དེ་བཞིན། གྲྭ་བ་རྒན་གྲས་ཚོར་བདུན་རེའི་ནང་ཐེངས་རེ་དང་། དར་མ་ཚོར་བདུན་རེར་ཐེངས་གཉིས་རེ། དེ་མིན་གྲྭ་བ་གཞན་དག་ལ་བདུན་རེར་ཐེངས་གསུམ་རེ་བཅས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་ཏེ་དགོན་པར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༧ ཉིན་རྒྱ་གཞུང་གི་ཉེན་རྟོག་མི་སྣ་དགོན་པར་ཡོང་སྟེ་རང་ལོ་ ༢༠ ཡིན་པ་ཚ་ངུ་ཐང་སྡེ་བའི་གྲྭ་དཀོན་མཆོག་རྒྱ་མཚོ་འཛིན་བཟུང་བཙན་འཁྲིད་བྱས་རྗེས་ད་ཆར་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་ཆགས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་འབོ་ར་དགོན་པའི་གྲྭ་མང་གིས་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་ཁྱེར་ཏེ་ས་གནས་སྲིད་གཞུང་གི་སྒོ་དང་སྲང་ལམ་སོགས་ནས། “༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་འཇུག་དགོས། བོད་པར་འགྲོ་བ་མིའི་རང་དབང་སྤྲོད་དགོས། མི་རིགས་དབྱེ་འབྱེད་སྲིད་ཇུས་མཚམས་འཇོག་དགོས” ཞེས་སོགས་ཀྱི་སྐད་འབོད་རྒྱག་བཞིན་ས་གནས་ཞང་སྲིད་གཞུང་མདུན་དུ་ཕྱིན་ཡོད་པ་དང་། ཉིན་དེའི་དགོང་མོ་ཁུལ་དང་རྫོང་གི་དམག་མི་འབོར་ཆེན་བསླེབས་ཏེ་དགོན་པའི་ནང་འཇབ་རྒྱུག་གིས། དགེ་འདུན་པ་ ༤༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།

གནས་ཚུལ་དེ་བྱུང་མ་ཐག་འབོ་ར་དགོན་པའི་གྲྭ་མང་ཚོས་འཛིན་བཟུང་བྱས་ཟིན་པ་དག་ཀློད་གྲོལ་གཏོང་དགོས་ཞེས་ངོ་རྒོལ་སྔར་བས་ཤུགས་ཆེ་རུ་ཕྱིན་ཡོད་སྟབས། དགོན་པའི་དོ་དམ་མི་སྣ་དང་དགོན་བདག་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་བཅས་ཀྱིས་བར་འདུམ་འོག་འཛིན་བཟུང་བྱས་ཟིན་པའི་གྲྭ་བ་རྣམས་ཕྱིར་ཀློད་གྲོལ་བཏང་ཡོད་ཀྱང་། ཕྱི་ཚེས་ ༢༣ ཉིན་ས་གནས་གཞན་གྱི་བདེ་སྲུང་མི་སྣས་ས་གནས་སྲིད་གཞུང་དང་དགོན་པའི་དོ་དམ་མི་སྣར་བརྡ་ལན་གང་ཡང་མ་སྤྲད་པར་གློ་བུར་དུ་དགོན་པར་གསང་སྟབས་ཀྱིས་འཛུལ་ཏེ། སླར་ཡང་རང་ལོ་ ༣༠ ཡིན་པའི་ཀད་ཀྱ་སྡེ་བའི་གྲྭ་སངས་རྒྱས་རྒྱ་མཚོ་དང་། རང་ལོ་ ༢༣ ཡིན་པའི་གོའུ་བརྡ་སྡེ་བའི་གྲྭ་སྐལ་བཟང་བློ་གྲོས། རང་ལོ་ ༢༠ ཡིན་པ་ལུང་ཀྱོག་འགབ་མའི་གྲྭ་དགེ་འདུན་བསོད་ནམས། རང་ལོ་ ༢༢ ཡིན་པ་སྒྲོག་གོང་མའི་གྲྭ་བཀྲ་ཤིས་རྒྱ་མཚོ་བཅས་གྲྭ་བ་ ༤ འཛིན་བཟུང་བྱས་ཡོད་འདུག

གྲྭ་བ་དེ་བཞི་བོར་བཙོན་ཁང་ནང་ཟླ་གཅིག་རིང་གཅར་རྡུང་མནར་གཅོད་སྣ་ཚོགས་བཏང་རྗེས་ཀློད་གྲོལ་བཏང་ཡོད་པ་དང་། ཐོག་མའི་འཛིན་བཟུང་དང་རྗེས་སུ་ཀློད་གྲོལ་སྐབས་བཅས་ལ་ཁོང་ཅག་གི་མགོར་རས་ཁུག་ནག་པོས་བཏུམ་ཏེ་ཁྲིད་ཡོད་སྟབས། ས་གནས་གང་ཞིག་ཏུ་ཁྲིད་དེ་བཙོན་ཁང་གང་ཞིག་ཏུ་མནར་གཅོད་མྱངས་བ་ཤེས་རྟོགས་ཐུབ་ཡོད་མི་འདུག རྗེས་སུ་ཁོང་ཅག་ཀློད་གྲོལ་བཏང་ཡང་རྒྱ་གཞུང་གིས་མུ་མཐུད་དོ་དམ་ལྟ་རྟོག་ནན་མོའི་འོག་གནས་ཡོད་འདུག

གཞན། འབོ་ར་དགོན་གྲོང་མི་མང་གིས་འདི་ལོའི་རྒྱ་ལོའི་ལོ་གསར་མ་བཏང་པར་བོད་ལོ་སྲུང་བརྩི་བྱས་པ། དགོན་པའི་བཅོ་ལྔའི་མེ་ཏོག་མཆོད་པའི་ནང་༧གོང་ས་མཆོག་གི་སྐུ་པར་བཞག་པ་བཅས་སོ་སོར་རྒྱ་གཞུང་གིས་དཀའ་ངལ་རིམ་པར་སྤྲད་ཡོད་པ་དང་། ཞིང་ལས་གཙོ་བོར་གྱུར་པའི་འབོ་རའི་ས་གནས་མི་མང་ཚོར་ཞིང་ལ་འབྲུ་རིགས་འདེབས་མ་བཅུག་པར་རྩྭ་འདེབས་དགོས་པའི་བཙན་བཀའ་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་མུས་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 6

  1. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ།
    བོད་ནི་བོད་ཀྱི་ཡིན་ལ། རང་གི་རྒྱལ་ཁབ་རང་གིས་བདག་པོ་རྒྱག་དགོས་པ་ལས།
    རང་གི་རྒྱལ་ཁབ་མི་རིགས་གཞན་ཞིག་གིས་ང་ཚོ་ལ་སྤྲད་མི་སྲིད་པའི་གནས་ལུགས་ཤིས་པའི་མི་བུ་རང་ཚུགས་ཅན་ཚོ་ལ་གུས་བརྩི་ཞུ།
    སེམས་གཏིང་ནས་ཞུ།་ཁ་ཞེ་གཉིས་མེད་ཀྱིས་ཞུ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཐོག་མར་འབོ་ར་དགོན་པའི་དགེ་འདུན་པ་རྣམས་ལ་ལན་བརྒྱར་ཕྱག་འཚལ། ཁྱེད་རྣམས་ཀྱིས་བློས་གཏོང་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུའོ།།
    ལྷག་བསམ་རྣམ་པར་དག་པའི་བོད་དར་འཕྱར། སྙིང་སྟོབས་སླུ་བ་མེད་པས་བདེན་སྐད་སྒྲོག། བྱམས་དང་སྙིང་རྗེས་ཀླ་ཀློ་ཕ་མཐར་སྐྲོད། གངས་ཅན་བོད་ལ་རང་བཙན་ཐོབ་པར་ཤོག།

    Reply
  3. བོད་ཀྱི་བུ། says:
    ལོ་ 14 སྔོན།

    འབོ་ར་ས་ཆ་འདི་ངོ་མ་དཔའ་བོའི་ས་ཆ་རེད་འདུག ས་བྱི་ཞི་རྒོལ་སྐབས་གཟེངས་སུ་ཐོན་པའི་ལས་གུལ་ཞིག་སྤེལ་སོང་། དེའི་རྗེས་ནས་ལས་འགུལ་བསྟུད་མར་མུ་མཐུད་དུ་བྱུང་སོང་། ད་ལྟ་ཡིན་ན་ཡང་ལས་འགུས་སྤེལ་གྱི་འདུག ངོ་མ་དགའ་བསུ་ཞུ་ཡ།

    Reply
  4. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    ཕ་ཡུལ། སེམས་ཀྱི་ཕ་ཡུལ། བརྩེ་བའི་ཕ་ཡུལ། དྲན་པའི་ཕ་ཡུལ། ནམ་ཡང་ཁྱེད་ཀྱི་པང་ནས་མེ་རི་ཞིག་མཆེད་ཡོང་གི མེ་རི་དེས་འཁྱག་སོབ་སོབ་ཀྱི་ང་ཡི་སེམས་པ་དྲོད་ཀྱི་སྦྱིན་པ་ཉུང་ཉུང་ཞིག་ག་ལ་ཡིན། ཁྱེད་ཚོའི་དཔའ་ངར་ལྡན་པའི་མདུན་སྐྱོད་ཀྱི་གོམས་སྒྲ་དེར་ངས་སེམས་ཀྱི་ཉན་ཞིང་ཡིད་ལ་ཤར་དུས་ང་ནི་མྱུར་བར་ཁྱེད་ཀྱི་པང་དུ་སླར་རེ་ལོག་འདོད།
    ཁྱེད་ཚོ་དང་འབྲེལ་བའི་ལྕགས་སྒྲོག་དང་མེ་མདའ། ཉེས་རྡུང་དང་བཙོན་ཁང་ཟེར་བའི་དམྱལ་ཁམས་དེའི་ཁྲོད་ན་རང་དབང་དང་འོད་ཟེར་ཞིག་ཡོད་པ་མ་བརྗེད་རོགས།

    Reply
  5. རེབ་ཐོག་མདའ says:
    ལོ་ 14 སྔོན།

    བོད་དྲི་བྲོ་བའི་བོད་ལ་དགའ་བའི་མི་བུ་འདི་ཚོ་ནམ་ཡིན་ཡང་མི་རིགས་དང་ལ་རྒྱ་ཁོ་ན་ལས། ང་ཚོས་ལྟ་བུ་རང་དོན་དང་སྐྱིད་པོ་དག་དག་གི་བར་ན་འཚོ་ཀྱིན་མེད་ལ།
    འདི་ཚོས་མི་རིགས་ཞིག་གི་བདེ་སྡུག་གླེང་གིན་ཡོད་ལ། འདི་ཚོས་ཀ་ཁ་སུམ་བཅུའི་བླ་སྲོག་བཟུང་ནས་ཡོད། དུས་རྒྱུན་རྡ་སའི་ཕྱི་ཚུལ་ཁོ་ན་ལས་ཕྱུག་པའི་གྲྭ་བ་དག་མཐོང་དུས་རང་བཞིན་ཀྱིས་རྣམ་རྟོགས་ཞིག་གམ་ཁྲོང་ཁྲོ་ཞིག་སེམས་ཀྱིས་གཏིང་ནས་ལངས་ཡོངས་ལ། ནམ་རྒྱུན་དབྱིན་ཇི་བུ་མོ་དག་དང་འབྲེལ་འགྲོས་བྱེད་བཞིན་པའི་གྲྭ་བ་དག་མཐོང་ཡོང་དུས་སེམས་ནང་རང་བཞིན་གྱིས་དྲི་བ་ཞིག་སླེབས་ཀྱིན་འདུག་ན་ཡང་།
    བོད་ནང་དུ་མི་རིགས་ཁོ་ན་དང་རྒྱལ་ཁབ་ཁོ་ནའི་ཆེད་དུ་རང་སྲོག་དོར་བཞིན་པ་འམ་ཞེན་ཁོག་བཅས་བཞིན་པའི་དགེ་འདུན་པའི་སྡེ་དེ་མཐོང་འོངས་དུས། ངའི་ད་བཟོད་མི་རིགས་འདིའི་ཡོད་ཚད་ནི་དགེ་འདུན་པའི་སྡེ་ཁོ་ན་ལས་ང་ཚོས་ཅི་ཡང་འཇོན་གི་མེད་པ་མཐོང་གིན་འདུག་དེའི་རྐྱེན་ཀྱིས་ཁོ་བའི་ག་དུས་ཡིན་ཡང་མི་བུ་འདི་དག་ལ་སྙིང་ཁུངས་རུས་བའི་ནང་ནས་ཐུགས་རྗེ་ཆེ་ཞུ་གིན་ཡོད

    Reply
  6. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    གོང་གསལ་གནས་ཚུལ་སྐོར་ལ་ཞིབ་ཏུ་རྒྱུས་ལོན་གནང་འདོད་ཡོད་རིགས་ཚོས་གཤམ་གྱི་ཁ་པར་སྟེང་འབྲེལ་བ་གནང་རོགས། ༩༩༠༠༩༧༡༩༣༡

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese