མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁུང་ཙི་སློབ་གླིང་ཁྲིམས་ལ་ཐུག་ཉེན།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཨ་རིའི་གཞུང་གིས་ཨ་རིའི་སློབ་ཆེན་ཁག་ནང་ཡོད་པའི་ཁུང་ཙི་སློབ་གླིང་ཁག་དང་རྒྱ་ཡིག་དགེ་ལས་བ་རྣམས་ཁྲིམས་འགལ་ཆགས་ཡོད་པ་བསྒྲགས་འདུག

ཉེ་ཆར་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་ནང་ཡོད་པའི་རྒྱ་ནག་ཁུང་ཙི་སློབ་གླིང་དག་གིས་ངེས་པར་ཨ་རི་གཞུང་གིས་ངོས་ལེན་ཡོད་པའི་ཁྲིམས་མཐུན་ཡིག་ཆ་གཉེར་དགོས་པ་དང་། སློབ་གླིང་དེ་དག་ནང་རྒྱ་ཡིག་སློབ་ཁྲིད་བྱེད་མཁན་དགེ་རྒན་དང་ལས་བཟོ་བ་རྣམས་ནི་ཁྲིམས་འགལ་ཆགས་ཡོད་པ་བརྗོད་འདུག

རྒྱ་ནག་ཁུང་ཙི་སློབ་གླིང་གི་སྤྱི་ཁྱབ་འགན་འཛིན་གྱིས། ཁུང་ཙི་སློབ་གླིང་དག་གིས་ཨ་རི་གཞུང་གི་ངོས་ལེན་ཡོད་པའི་ཁྲིམས་མཐུན་ཡིག་ཆ་གཉེར་དགོས་པའི་གནད་དོན་དེས།  མ་འོངས་པར་ཨ་རྒྱ་གཉིས་མཐོ་རིམ་སློབ་གྲྭ་ཁག་ཕན་ཚུན་བར་གྱི་མཉམ་སྒྲུབ་གྲོས་ཆོད་ཐད་ཤུགས་རྐྱེན་ངན་ཐེབས་སྲིད་པའི་བློ་འཚབ་བྱེད་བཞིན་ཡོད་པ་རེད།  ད་ལྟའི་ཆར་ཨ་རིའི་ནང་ཁུང་ཙི་སློབ་གླིང་ ༨༡ ཡོད་འདུག   

ཨ་རིའི་སློབ་ཆེན་ཁག་ནང་ཡོད་པའི་ཁུང་ཙི་སློབ་གླིང་དག་གི་མ་དངུལ་འགྲོ་གྲོན་ཡོངས་རྫོགས་རྒྱ་ནག་གཞུང་ངོས་ནས་གཏོང་བཞིན་ཡོད་སྟབས། དབྱེ་ཞིབ་པ་དག་གིས་ཁུང་ཙི་སློབ་གླིང་དེ་དག་ནི་རྒྱལ་སྤྱིའི་སྒང་རྒྱ་ནག་གི་ཆབ་སྲིད་སྣང་བརྙན་བསྐྲུན་བྱེད་དང་།  རྒྱ་གཞུང་ཕྱི་འབྲེལ་སྲིད་ཇུས་ཀྱི་དྲིལ་བསྒྲགས་ཡོ་བྱད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།   

དེ་བཞིན། ཕྱི་ཚེས་ ༡༥ ཉིན་རྒྱ་གཞུང་གིས་ཀྱང་ཁྲིམས་འགལ་ཐོག་རྒྱ་ནང་འཛུལ་མཁན་དང་། འདུག་སྡོད་བྱེད་མཁན། ལས་ཀ་གཉེར་མཁན་གྱི་ཕྱི་རྒྱལ་བ་རྣམས་ཕྱིར་འཕུད་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 3

  1. དུག་མདའ། says:
    ལོ་ 11 སྔོན།

    ཁུང་ཙི་ཟེར་བའི་རྒད་པོ་འདི་རིག་ཡག་ཅིག་ཡིན་ཚུལ་རང་ཉིད་རུལ་དྲི་དྲོ་བ་ཅིས་ཡིན་མི་ཚོར་བའི་བོད་པ་ཡོན་ཏན་པ་འགས་ཁ་ནས་གོ་མྱོང་ཡང་། བོད་པར་མི་མེད་དྲག་ནས་རྒྱལ་བ་རིན་པོ་ཆེས་ཀྱང་ད་ཆོས་གོས་འདི་ཕུད་ནས་དམག་ཆས་ཞིག་གོན་བཞག་དགོས་མིན་འགྲོ་དགོངས་ཀྱིན་ལོས་ཡོད་སྙམ་པའི་དུས་ཚོད་འདིར།་རྒྱ་ཤི་བོ་རེ་རེའི་དུར་ས་བསློགས་ནས་དེ་ཚོའི་ཡོན་ཏན་དང་བྱས་རྗེས་བཙལ་ཁོམ་མི་འདུག ཤེས་བྱ་ཡིན་ཚད་ལ་དུང་བ་ཆེ་ན། ཨ་རབ་ཡི་གེ་སྦྱོངས་དང་སྤྲོ་བ་འཕེལ་བའི་ལེགས་བཤད་རྫོགས་མཐའ་ཡོད་པ་མ་རེད།

    Reply
  2. དུག་མདའ། says:
    ལོ་ 11 སྔོན།

    མིའི་བསམ་བློ་ཚད་མཐོ་ཤོས་སུ་བསྐྱལ་ཐུབ་པའི་ཨ་རིའི་དམངས་གཙོའི་ཤེས་ཡོན་ཡོད་ཚར་བའི་རྗེས་ལ་རྒད་སྡང་འདིའི་རིགས་གཞུང་འདྲ་མཁོ་གི་མ་རེད། རྒྱ་ནག་གི་རིག་གཞུང་དང་འབྲེལ་བའི་ཚོགས་པ་ཉ་གེ་ཉོག་གེ་འདི་ཚོ་བོད་མི་ལ་དགོས་མཁོ་ཡོད་ན་མ་གཏོགས་ཨ་རི་ལ་དགོས་ཀི་མ་རེད། གཙང་འཕྱག་བྱེད་དགོས་པ་རེད།

    Reply
  3. སྐར་མདའ། says:
    ལོ་ 11 སྔོན།

    རྒྱ་གཞུང་གིས་རང་ལ་ཁེ་ཕན་ཡོད་པ་ཞིག་ཡིན་ཕྱིན་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཅི་ཡང་མི་སེམས་པར་རྒྱབ་སྐྱོར་དང་འགྲོ་གྲོན་གཏོང་རྐྱང་བྱེད་ཀྱི་རེད། མ་གཞི་ནས་རྒྱ་ནག་གི་ཁུང་ཙིའི་རྒྱབ་ལྗོངས་ན་ཆབ་སྲིད་ཀྱི་གསང་བ་ལྐོག་གྱུར་མང་ཚོད་རེད། ཁུང་ཙི་མྱུར་དུ་ཁྲིམས་གཏུག་གིས་ཕམ་ཉེས་ཐེབས་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist