མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡུལ་ཤུལ་ནང་ཆེན་རྫོང་གི་བོད་མི་གཉིས་ལ་ལོ་གཉིས་རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༨ ཉིན་ཁམས་ནང་ཆེན་དུ་ བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་ཀྱི་མི་སྣ་གཙོ་བོ་ཡིན་པའི་ཉེས་མིང་བཀལ་ཏེ།  ཁམས་ནང་ཆེན་གྱི་ཚོང་པ་བསྟན་འཛིན་དང་། ཚོང་པ་གཞན་གཅིག་བཅས་བོད་མི་གཉིས་ལ་ལོ་གཉིས་རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཉེ་འཁྲིས་ཀྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བཀག་ཉར་བྱས་འདུག

འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༨ ཉིན་ཡུལ་ཤུལ་ནང་ཆེན་རྫོང་གི་བོད་མི་ ༥༠༠༠ ལྷག་རྫོང་ཐོག་ཏུ་འཛོམས་ཏེ། ཞལ་འདོན་སྐྱོར་བ་དང་དགོན་པར་བསྐོར་བ་རྒྱག་པ། རྒྱལ་བའི་ཞབས་བརྟན་འདོན་པ་སོགས་བྱས་ཏེ། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་སྐབས་བོད་མི་འཛིན་བཟུང་གི་གནས་ཚུལ་བྱུང་མེད་ཀྱང་།  ཕྱི་ཟླ་  ༢ པའི་ཚེས་ ༢༢ ཉིན་ཚོང་པ་བསྟན་འཛིན་དང་ཚོང་པ་གཞན་ཞིག་ལས་འགུལ་སྐབས་ཀྱི་མི་སྣ་གཙོ་བོ་ཡིན་པའི་ཉེས་མིང་འོག  ཁྲིན་ཏུའུ་གནམ་ཐང་དང་ས་གནས་གཞན་ཞིག་བཅས་ནས་སྔ་ཕྱིར་འཛིན་བཟུང་བྱས་ཡོད་པ་མ་ཟད། གནས་ཚུལ་དེར་རྐྱེན་བྱས་ཏེ་ས་གནས་ཀྱི་ལས་བྱེད་ཁག་ཅིག་བཅས་འཛིན་བཟུང་བཀག་ཉར་བྱས་པ་དང་། ས་གནས་བོད་མི་ ༣༠༠ ལྷག་ལ་རྫོང་སྤྱི་བདེ་ལས་ཁུངས་སུ་ཡོང་སྟེ་རང་སྐྱོན་ངོས་ལེན་བྱེད་དགོས་པའི་བརྡ་ཐོ་སོགས་སྤྲད་དེ་བོད་མི་ཚོར་འཇིགས་སྐུལ་དང་དམ་དྲག་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 2

  1. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    དེང་སང་བོད་ནང་གི་བོད་མི་ཚོའི་དཀའ་ངལ་ཆེ་ཤོས་དེ་འདི་རེད། ལས་འགུལ་མ་སྤེལ་བ་དང་དེའི་ཁོངས་སུ་མ་ཞུགས་པ་ཡིན་ན་བོད་མི་རིགས་ཀྱི་ལ་རྒྱ་མེད་པ་དང་། བོད་མི་རིགས་ལྷག་བསམ་མེད་པ། མི་རིགས་ལ་རིགས་ཞེན་མེད་པ་སོགས་སྡེ་ཕྱི་གི་མིའི་མིག་ལ་མི་རན་པ་དང་། ནང་ན་ཟླའི་འཕྱ་དམོན་བྱེད་པ་སོགས་འདུག་བཟོད་མི་བདེ་བ་ཡོང་གི
    ཡང་སྔོན་ཐོན་བྱེད་པ་དང་འགོ་ཁྲིད་དེ་ལས་འགུལ་སྤེལ་བ་ཡིན་ན་བོད་མི་རིགས་ལ་ཤ་ཞེན་ཆེ་ཞིང་དཔའ་སྤོབས་ཆེ་བ་སོགས་བསྟོད་བྱས་ཀྱང་། ཆེས་མཐའ་མའི་མཐའ་མ་དེར་སྣུམ་གྱིས་ཟིན་པ་བཞིན་ཁྱིམ་རེ་དང་མི་རེ་བྱས་ནས་དེད་ཡོང་ན། ཁྲག་དང་སྣག་བསགས་བཙོང་བའི་རིན་འབབ་སྒོར་རྡོག་འགའ་བཙལ་ཡོད་པ་རྣམས། རང་སྐྱོན་ངེས་ལེན་བྱེད་དགོས་ཟེར་ནས་ཆད་པ་སྒོར་༥༠༠༠ ནས་ཁྲི་བར་ཁྱེར་འགྲོ་གི་རེད། ༼ཧིན་སྒོར་འབུམ་ལོང་ལ་ཁད་པ་རེད།༽
    དེ་ནས་ལོ་གཉིས་ནས་ལྔ། ཡང་ན་བཅུ་སོགས་དུས་ཡུན་མི་འདྲ་བའི་ཉེས་མེད་ཉེས་ཆད་བཅད་དེ་བཙོན་དུ་བཅུག་སོང་ནས། གྱོང་འདི་སུས་ཁུར་དགོས་པ་རེད། མི་སྒེར་བ་དེ་ཁོ་ནས་འཁུར་དགོས་པ་ལས་གཞན་སྡུག་མཉམ་འཁུར་བྱེད་ས་མི་འགྲོ་གི
    འདི་ལྟར་བོད་ནང་གི་བོད་མི་མང་པོ་ཞིག་ལ་སྡུག་གི་ཐོག་ལ་སྡུག་འདི་འདྲ་མང་པོ་བརྩེགས་ནས་འཚོ་ན་འཚོ་མི་བདེ་ཞིང་འཆི་ན་འཆི་མི་རིད་པ་ཞིགས་ཆགས་པའི་དཀའ་སྡུག་ནི་ཆུ་བོའི་རྒྱུན་བཞིན་དུ་རེད། མདོར་བསྡུས་ནས་བཤད་ན་བོད་ནང་གི་བོད་མི་ཚོས་ལས་འགུལ་སྣ་ཚོགས་པ་སྤེལ་རྒྱུ་མང་དྲག་ནས་བཙན་བྱོལ་དུ་ཡོད་པའི་གཞུང་དང་ཚོགས་པ་སྒེར། མི་སྒེར་བ་སོ་སོ་ཚང་མ་དེང་སྐབས་ཚོར་བ་མེད་པ་འདྲ་ཞིག་ཆགས་འདུག དེ་ནས་བོད་ནང་དུ་མི་སུ་ཞིག་ལ་སྒོར་ཅིག་ཅིག་གིས་ཉེས་ཆད་བཅད་སོང་དང་། ལོ་གྲངས་ཅིག་ཅིག་ལ་བཙོན་དུ་བཅུག་སོང་བའི་གསར་གནས་རིམ་པར་སྤེལ་ཡང་གཞུང་དང་མི་སྒེར་ཚང་མར་ཚོར་བ་ཙམ་མི་འདུག་པ་མངོན་གྱུར་རེད། དེས་ན་ངས་འདི་ནས་སེམས་གཏིང་ནས་རེ་བ་ཉག་གཅིག་རང་ཞུ་འདོད་པ་ནི།་བོད་ནང་གི་བོད་མི་རྒན་དར་གཞོན་གསུམ་ཚོ། ད་ཁྱོད་ཚོས་དང་བླངས་གི་ལས་འགུལ་འདྲ་མིན་སྤེལ་རྒྱུ་དེ་མཚམས་འཇོག་རོགས། ཁྱོད་ཚོས་བྱས་པ་དག་གི་གྲུབ་འབྲས་ནི་འདི་ན་གནས་པའི་གཞུང་སྒེར་གྱི་ཚོགས་སྡེ་ཁག་གིས་འཕྲོག་རེས་བྱེད་པ་ལས་གཞན་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་དང་གཞུང་སྒེར་སོགས་ལ་རེ་བ་དང་སྙན་ཞུ་འབུལ་བ་སོགས་ནི་ཧ་ཅང་ཉུང་ཉུང་དང་མེད་པར་སྣང་། དེ་བས་ང་ཚོ་ཕྱི་གཉིས་ན་འཚོ་བཞེས་ཀྱི་བོད་མི་ཚང་མས་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་ཐག་གཅོད་པར་རེ་བས་སྒུག་ནས་འདུག་དང་ཚང་མར་ཁེ་གྱོང་མེད་པ་དེ་རེད་སྙམ།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    བོད་ནང་གནས་ཚུལ་ཇེ་ཞན་ཇི་སྡུག་འགྲོ་བཞིན་ཡོད་པ་དངོས་ཡོད་ཡིན་པར་རང་ངོས་ནས་སྨོན་ལམ་ཙམ་དང་། རིག་གཞུང་འབྲེལ་བའི་རང་འཁྲིའི་ལས་ཀར་ལས་འབྲས་དཔང་ཕེར་བྱས་པའི་ཐོག་གཞན་ལ་ཕན་གང་ཐུབ་ཁྱབ་སྤེལ་གང་འཇོན་བྱེད་རྒྱུ་དེ་ལས་གཞན་བྱ་ཐབ་ཟད། ཡིན་ནའང་ང་ཚོ་བཙན་བྱོལ་བའི་གསར་འགྱུར་དང་། ཚགས་དཔར། ཚོགས་པ། ཆབ་སྲེད་པ་བཅས་ནས་བོད་ནང་བོད་མིའི་མིང་དང་། ས་གནས་སོགས་སུ་བྱུང་བཞིན་པའི་གནས་ཚུལ་དོ་ནན་གྱི་ཕྱིར་བསྒྲགས་གནང་དགོས་པ་ལས་གོ་ཐོས་ཙམ་ཁྱབ་བསྒྲགས་བྱས་ན་བོད་ནང་ཕན་ལས་གནོད་ཆེ་བ་ཡོང་ངེས་ཡིན་ན་ང་ཚོ་ཚང་མས་ཡིད་ཟབ་དགོས་གལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese