མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྐྱའི་སྤྱི་འཐུས་དགོངས་ཞུ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp


སྐབས་བཅོ་ལྔ་པའི་ས་སྐྱའི་སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཁོང་སྐུ་གཟུགས་བདེ་མིན་གྱི་དབང་གིས་སྤྱི་འཐུས་ལྷན་ཚོགས་ནས་རྩ་དགོངས་ཞུས་འདུག

ཁ་སང་བོད་མི་མང་སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཚན་ཐོག་ལ་དགོངས་ཞུའི་ཡི་གེ་ཞིག་ཕུལ་ཡོད་པའི་ནང་། “ཁོང་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་སྐྱའི་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། འདས་པའི་ལོ་གཅིག་ཙམ་གྱི་རིང་སྤྱི་པའི་རྩ་དོན་ལ་ཞབས་ཞུའི་གོ་སྐབས་བཟང་པོ་ ཐོབ་པ་དེ་ལྟར་ཡང་། སྐུ་ཁམས་བདེ་མིན་སྐུ་ངལ་རྒྱུན་འཕྲད་དྲག་སྐྱེད་མི་ཡོང་བས་སྨན་པའི་ལམ་སྟོན་ལྟར། ལས་དོན་ཆེ་རིགས་མཚམས་འཇོག་གིས་སྨན་བཅོས་གནང་འཆར་ཆེད་སྤྱི་འཐུས་ནས་རྩ་ དགོངས་མི་ཞུ་ཀ་མེད་དུ་གྱུར་པས། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་དགོངས་འཁྲོལ་སྐྱབས་འཇུག་ངེས་གནང་ཡོང་བ་ཞུ” ཞེས་བཀོད་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༢ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 18

  1. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    ནད་གཅིག་པུས་མནར་ན་ཁག་མེད། དེ་མིན་གནད་དོན་འདྲ་ཡོད་ན་ལྟོས་མེད་ཀྱིས་གསལ་པོར་བཤད་ན་བཟང་ངེས། ངེད་ས་རྒྱུད་ཕར་མོ་ཆེས་ད་ལོའི་སྤྱི་མཐུས་གཉིས་ལ་བློ་གཏོད་གང་ཚང་བཅོལ་ཡོད།
    ཡག་ཤོས་བྱུང་ན་ཟླ་དགོང་ཞུས་ན་དགའ་འི་རེད།
    སྤྱི་མཐུས་བདམས་པའི་སྐབས་སུ་ས་སྐྱའི་མང་ཚོགས་ནས་རེད།
    རྩ་དགོང་པ་ཞུས་པ་དེའང་ཕྱོགས་གཅིག་མི་མང་གི་བློ་བབ་ཡོད་མེད་ལ་ལྟ་དགོས་ཀྱི་རེད་དྲན། གལ་ཏེ་སང་དྲགས་འགྲོ་རྒྱུ་མེད་པའི་ནད་ཅིག་ཡིན་ན་ཚང་མས་བསམ་བློ་བཏང་ཤེས་ངེས་རེད།

    Reply
  2. བཀྲ་ཤིས། says:
    ལོ་ 14 སྔོན།

    ཁྱེད་འདི་ལྟར་རྩ་དགོངས་ཞུ་ཡག་དེ་ཞེ་དྲ་སེམས་ཕམ་པོ་རེད།
    དངོས་གནས་ཁྱེད་དེ་འདྲ་ནད་གཞི་ལྗིད་མོ་ཅན་ཞིག་ཡིན་ན་དང་ཐོག་ནས་དཔའ་ཁས་ལེན་མ་བྱས་ན་། རང་ཕྱོགས་སྤྱི་དང་ཁྱེད་རང་རྒེར་ལ་འདི་འདྲའི་བཀའ་ངལ་ཡོང་དོན་ཅི་ཡོད།
    དེ་མིན་འཕྲལ་དུ་ཕོག་པའི་ནད་རིགས་ཡིན་ན་ཟླ་དགོངས་སོགས་དུས་ཡུན་ཐུང་ཐུང་ངན་དགོངས་པ་ཞུས་ནས་ནད་བཅོས་བྱས་ན་མི་འགྲིགས་པ་ཅི་ཡོད།
    ཁྱེད་དངོས་གནས་ས་སྐྱའི་སྤྱི་འཐུས་གནང་འདོད་མེད་ན་དང་ཐོག་ནས་དགོངས་ནས་དགོངས་མི་ཞུ་བར་ཁེ་ནེ་ཌ་ལ་ཕྱིན་ནས་ཞུ་དགོས་དོན་ཅི་ཡིན་ན།
    དངོས་ད་ཤེས་ས་མ་རེད་། མཁན་པོ་འདི་ཚོ་ལ་ཡང་འདི་འདྲའི་འཁྱབ་རྒྱུ་འདུག་

    Reply
  3. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    དགོངས་པ་ཞུས་ནས་ཡག་པོ་རེད་ ཆོས་ལུག་པའི་ཆས་གོས་ཞིག་གྱོན་ནས་ཆབ་སྲིད་གི་གར་བཏེག་སྒང་འདུག་ཡ་དེ་ཡག་པོ་ཁྱོན་ནས་མི་འདུག

    Reply
  4. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    དེ་རིང་ལྷ་སའི་བར་སྐོར་ལམ་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་་གནང་འདུག གནས་ཚུལ་དེ་དངོས་སུ་མཐོང་མཁན་ཞིག་གིས་འགྲེལ་བརྗོད་གནང་བ་ལྟར་ན་རྒྱལ་གཅེས་པ་དེ་གཉིས་ཧ་ལམ་སྐུ་གཤེགས་ཚར་ཡོད་ས་ཡོད། གང་ཡིན་ཟེར་ན་མེ་ཤུགས་ཆེན་པོ་འབར་སོང་ཟེར། དེ་དང་མཉམ་དུ་ད་དུང་བོད་མི་མང་པོ་ཞིག་ཀྱང་འཇུ་བཟུང་བཙན་ཁྲིད་ཀྱིས་དེ་རིང་གི་ལྷ་ས་ནི་ཕྱི་ནང་མེད་པ་དམག་མིས་ཁེངས་སོང་ཟེར།

    Reply
  5. བཀྲ་ཤིས་ལྷ་མོ། says:
    ལོ་ 14 སྔོན།

    ཆོས་བཟང་ལགས། ཁྱེད་རང་ཁ་གཏོང་རྒྱུ་དེ་ཁྱེད་རང་གི་ལས་འགན་ཡིན་པ་འདྲ། དེ་མིན་མི་ལ་བཤད་པ་ལ་ཁྱེད་རང་སྤྱི་ཚོགས་དང་སུ་ལ་ཞབས་ཞུ་དང་བྱས་རྗེས་ཡོད། ངས་བལྟས་ན་ཁྱོད་ནི་ནུས་པ་ཡོད་པའི་ཞབས་ཞུ་བྱེད་ས་དང་ཞུབས་འདྲེན་ཞུ་སར་སླེབས་མཁན་དེ་མ་རེད་འདུག གནའ་མིའི་གཏམ་དཔེ་ལ། ཁྱི་རྡ་ལི་རྔ་མ་འོག་ནས་ཟུག་ཟེར་ན་ལྟར་རེད། མི་འདི་ཚོ་ག་རེ་བྱས་ཀྱང་མི་མང་གི་རེ་ཡུལ་དང་ཡིད་ཆེས་བྱ་ཡུལ་ནུས་པ་ཅན་རྐྱང་རྐྱང་རེད། དེ་མིན་ཁྱོད་འདྲ་བ་ཞྀག་མི་ཚེ་འདིའི་ནང་སྤྱི་འཐུས་དང་བྱེད་ཕར་བཞག་ས་འཐུས་ཙམ་གྱི་རྐུབ་སྟེགས་མི་རགས་པ་གཏན་ཁེལ་བ་རེད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ། གཡག་ཞར་གྱི་རྩ་ཟོས་པ་དང་ཅིས་མི་མཚུངས།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    དཔེ་མི་སྲིད་པའི་ཡག་པོ་རེད། ནད་ཀྱིས་མནར་བཞིན་སྤྱི་དོན་སྒྲུབ་ཐབས་ཡོད་པ་མ་རེད། ད་སྤྱི་འཐུས་སྒྲོལ་དཀར་ལྷ་མོའང་མཚང་གིས་མནར་བཞིན་པས། དཔལ་ས་སྐྱའི་སྤྱི་འཐུས་མཆོག་ལ་ཁ་མིག་ཡར་ལྟ་བྱེད་རན་མེད་དམ།

    Reply
  7. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ཁ་གཡར་ས་ནད་རེད། དོན་ངོ་མ་དངུལ་རེད། དངུལ་ཌོ་ལོར་འཛའ་ཆེ། དེ་གཡུག་ན་ཕང་ཆེ།

    Reply
  8. སྦེར། དམངས་གཙོ་ཚོགས་པ། says:
    ལོ་ 14 སྔོན།

    ང་ཚོས་ཁོང་གི་ཆེད་དུ་བཀའ་ལས་རྒྱག་ནས་དུས་ད་ལྟ་ཡང་མི་ཁག་ཅིག་ལ་འགལ་ཟླ་ཆག་ནས་འདུག་ཡོད། ཁོང་གིས་ཀྱང་དང་ཐོག་ཞེ་པོ་གནང་རྒྱུ་ཡོད་མདོག་གི་མཁས་ལེན་དམ་བཅས་ཆ་ཚང་བྱས་པ་རེད། ང་ཚོ་ཁོང་ལ་ཡིད་ཆས་དང་རེ་བ་ཆེན་པོ་ཞེས་རྒྱག་ནས་འགྲོ་སོང་ལ་མ་འཛེམས་ནས་གཡས་གཡོན་ཡོད་པའི་དགོན་ཁག་ཚང་མར་ཁ་པར་གཏོང་ནས་ཁོང་བླུགས་དགོས་པའི་གནོད་ཤུགས་དང་འབོད་སྐུལ་གཉིས་ཀ་བྱས་ཡོད། དེ་རིང་ཁོང་གིས་ང་ཚོའི་རེ་བ་ལ་རྩིས་མེད་གཏོང་བ་མ་ཟད་ང་ཚོས་མི་ཡིན་པའི་འདུ་ཤེས་ཙམ་ཡང་འཇོག་མ་སོང་བས་བློ་ཕམ་ཡོད། ད་ནི་ང་ཚོས་སྒུག་ཐོ་ནང་གི་མི་འདི་ཚོར་ཐོག་མ་ནས་རེ་བ་རྒྱག་མེད་ལ་ད་དུང་ཡང་རྒྱག་བརྩིས་མེད། ཁོང་གིས་ང་ཚོར་སྐད་ཆ་སྙན་མོ་འདི་བཤད་མེད་ན་ང་ཚོས་ངོས་ནས་རེ་བ་གཞན་ཞེས་རྒྱག་ཡོད་ངེས་རེད། འོན་ཀྱང་ད་ནི་བུང་ཤ་ཚོང་ཕྱིར་གཡག་རྔ་བསྟན་ཟེར་བ་དང་གཉིས་སུ་མེད་པ་ཞེས་འགྱུར་སོང། ངས་གོ་སྐབས་འདིའི་རྒྱུད་ནས་བོད་ཕྱི་ནང་གཉིས་ཀར་བཞུགས་མཁན་ང་ཚོའི་ཚོགས་མི་རྣམས་ལ་འཚམས་འདྲི་ཞུ་བ་དང་ང་ཚོས་ལས་དོན་མ་འགྲུབ་ཀྱང་སེམས་ཤུགས་ནམ་ཡང་ཆག་མི་ཉན་ཞུ་རྒྱུ་ཡིན།

    Reply
  9. འཁྲུངས་སྐར། says:
    ལོ་ 14 སྔོན།

    ཡ་ཡ་ ད་ཡིན་ན་འགྲིག་གིས་མི་འདུག་ག མི་འཇོན་པོ་ཞིག་མཐོ་རིམ་ལས་གཞི་ལ་ཕེབས་དུས་ནད་གནར་གིས་དགོཔ་ཞུ་དགོས་བྱུང་བ་དེ་ནི་སྤྱི་སྒེར་གཉིས་ལ་གྱོང་ཡིན།

    Reply
  10. ཆོས་བཟང་། says:
    ལོ་ 14 སྔོན།

    དགོངས་པ་ཞུས་ན་ཡག་པོ་རེད་ཞབས་འདེགས་བསྒྲུབས་རབས་ཅིག་མེད་ཞབས་འདྲེན་ཞུས་རབས་མ་གཏོགས་ས་སྐྱའི་སྤྱི་འཐུས་གཅིག་པོ་མ་རེད་སྐབས་བཅུ་བཞི་བར་ཕྱི་འདེང་རེ་རྒྱོབ་དང་དགྲ་དགའ་གཉེན་སྡུག་ཁོ་ན་མ་གཏོགས་བྱས་རྗེས་ཤིག་ནམ་མཁའི་པདྨོ་ཡིན་པ་ཕྱི་ནང་གཉིས་ཀྱིས་ཤེས་ཡོད་ཕྱིར་ཐོན་བཅུ་བཞིས་ད་རྐུབ་ཚ་ནས་ཡང་ཕྱི་ལོག་ཏུ་ཐོན་རན་རེད།

    Reply
  11. དུག་མདའ། says:
    ལོ་ 14 སྔོན།

    གལ་སྲིད་ང་སྤྱི་འཐུས་ལ་ལངས་ཚུན་ཆད་གཉིད་ལྕོགས་བརྒྱབ་ནས་ཡིན་ན་ཡང་ཉི་མ་ཕུད་ཀི་ཡིན་ཟེར་གྱི་ཡོད་མ་གཏོགས་རྒན་ཁོང་ལ་ངན་བཤད་ཅིག་བྱེད་ཀི་མེད་དོ།། སྤྱི་འཐུས་ཚོས་ཅི་ཞིག་གནང་གི་ཡོད་པ་དོ་སྣང་ཙམ་ཡང་བྱེད་མ་མྱོང་།

    Reply
  12. དུག་མདའ། says:
    ལོ་ 14 སྔོན།

    སྤྱི་འཐུས་འདི་ཚོ་ལ་རྒྱལ་ཁབ་ཅིག་སྐྱོང་བའི་ཡོན་ཏན་དང་འཇོན་ཐང་ཟུར་ཙམ་ཡང་ཡོད་པ་མ་རེད། མེད་ཀྱིན་མེད་ཀྱིན་ལ་འགན་དེ་བླང་བ་རེད། ད་ན་བཞིན་ན་བཞིན་ལས་གནས་དེ་མཇུག་སྐྱོང་དགོས་པ་རེད།

    Reply
  13. ཤུལ་ལུང་རྡོ་རྗེ། says:
    ལོ་ 14 སྔོན།

    ཨོ་ཧོ། ས་སྐྱའི་ཆོས་རྒྱུད་ལ་མཚོན་ན་མ་འགྲིག་འདུག
    དེས་ལས་ཟླ་དགོངས་འདྲ་ཞུ་རྒྱུ་མེད་པ་ཡིན་ནམ།
    སྒུག་ཐོའི་ནང་དངོས་གནས་ཡིད་ཚིམ་པོ་ཞིག་ཡོད་སྣང་མི་འཆར།
    གང་ལྟར་ནད་ཀྱིས་དེད་ན་མ་སོང་རང་སོང་རེད།
    ངོས་ལེན་ཡོད་མེད་ཀྱི་སྐད་ཆ་བཤད་ས་ཞིག་ཡོད་རྒྱུ་མ་རེད་བསམ།

    Reply
  14. མིའུ་ཕྲུག says:
    ལོ་ 14 སྔོན།

    འོ་ཡ་ད་ཡིན་ན་ཚེ་རིང་པོ་ངོ་མ་ཚེ་རིང་ཚད་བྱུང་།

    Reply
  15. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    རྗེ་བླ་མ་ས་སྐྱ་པ་ལ་འདུད།
    བུས་རང་སེམས་རྟོགས་པར་བྱིན་གྱིས་རློབས།
    ང་ཐོག་མར་གངས་རིའི་ལྗོངས་ནས་ཡོང་། །
    ལོ་བཅུ་ཕྲག་འཕགས་པའི་ཡུལ་ནས་བསྐྱལ། །
    དུས་ད་ལྟ་བལ་བོའི་ལྗོངས་སུ་བདོག །
    རྣམ་གཡེང་གི་ངང་དུ་འདའ་བཞིན་གདའ། །
    སྔོན་བསགས་ཀྱིས་བསོད་ནམས་མི་དམན་པས། །
    རྗེ་བླ་མ་ཉིད་དང་མཇལ་ནའང་། །
    བུ་ལ་བརྩོན་པ་ཆུང་དྲགས་པས། །
    ཆོས་རྣམ་དག་ཉིན་གཅིག་མ་འགྲུབ་ཐལ། །
    ངས་ལན་རེར་རང་གི་སེམས་ལ་བརྟགས། །
    སེམས་བསམ་པ་རང་དོན་ཁོ་ནས་ཁེངས། །
    ངས་ཉིན་རེར་རང་གི་ལས་ལ་དཔྱད། །
    ངས་ཅི་བྱས་ཚེ་འདིའི་ཆེད་དུ་གདའ། །
    ངས་སྐབས་རེར་རང་གི་སྤྱོད་པར་བརྟགས། །
    ངན་སྤས་ཤིང་བཟང་པོ་སྒྲོག་བཞིན་གདའ། །
    ངས་མཚམས་རེར་རང་གི་སྙིང་རྗེར་བསམ། །
    གཞན་ཕན་གྱི་འདུན་པ་ཟད་དེ་གདའ། །
    ངས་ཉིན་རེར་རང་གི་ལྟ་བར་གཞིགས། །
    རྙེད་བཀུར་གྱི་དོན་དུ་འབད་ནས་གདའ། །
    ངས་ཐེངས་རེར་རང་གི་འདུན་པ་བཙལ། །
    འདོད་ཡོན་ལས་གཞན་ཞིག་མེད་ཚོད་གདའ། །
    དེ་ལྟར་ན་དཔལ་ལྡན་བླ་མ་རྗེ། །
    བུ་ཁོ་བོའི་ངང་ཚུལ་དེ་ལྟར་ལགས། །
    ཚངས་སྤྱོད་ཀྱི་ང་རྒྱལ་ཙམ་ཁྱེར་ཏེ། །
    བུད་མེད་ཚོར་མཚངས་འབྱིན་བྱས་ཏེ་གདའ། །
    ཐོས་བསམ་གྱི་སྤོབས་པ་ཙམ་ཁུར་ཏེ། །
    བླུན་ཚོགས་ལ་དམའ་འབེསས་ལན་མང་བྱས། །
    གང་ལྟར་ཀྱང་རང་སེམས་མ་ཐུལ་བས། །
    ལས་ངན་གྱི་རྒྱ་མཚོ་བསྐྱིལ་བར་བྱས། །

    Reply
  16. བརྩིས་དཔོན་ཞྭ་སྒབ་པ། says:
    ལོ་ 14 སྔོན།

    རང་གི་མི་འཇོན་ན་དགོངས་ཞུ་གནང་བར་ཡག་མོ་རེད། འོན་ཀྱང་སྒུག་ཐོ་ནང་གི་སྤྱི་འཐུས་དེ་མི་འདི་པ་ལས་ཡག་པ་ཞིག་ཡོང་བར་སྨོན།

    Reply
  17. རིག་འཛིན། says:
    ལོ་ 14 སྔོན།

    བྱེད་སྟངས་འདིར་ངོས་ལེན་གཏན་ནས་མེད།
    གལ་སྲིད་དགོངས་ཞུ་བྱེད་འདོད་ཡོད་ན་དང་པོ་ཉིད་ནས་སྤྱི་འཐུས་མ་ལོང་ན་འགྲིག།
    འདི་ཡིན་དེ་ཡིན་མེད་པར།
    རང་བློ་གང་ཤར་བྱས་ན་་་མི་དམངས་མ་ཚོར་བ་ག་འདྲ་ཡོང་གིན་རེད།
    ཁོ་རང་ལ་རེ་བ་བྱས་ནས་འོས་ཤོག་བླུག་མཁན་ཚོས་ག་འདྲ་དྲན་གིན་རེད།
    གནད་དོན་ཆུང་ཚག་རེ་ཕྲད་མ་ཐག་་་་ལས་ཀ་དེ་འདྲ་བྱས་ན་ཡག་པོ་མ་རེད།
    མི་རིགས་ལ་ཤ་ཞན་དང་ཆོས་བརྒྱུད་ལ་སེམས་ཁུར་བྱེད་མཁན་ཡིན་ཟེར་ནས་ནམ་རྒྱུན་བཤད་པ་དེ་ཚོ་སྟོང་རང་རེད་འདུག།

    Reply
  18. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    རྒན་གྱིས་བྱེད་སྟངས་ཡག་པོ་རེད་་་་ནད་ཀྱི་དབང་གི་ཆེ་ཞིག་ཡོད་པ་མ་རེད་་་་་་་འདུག་འདོད་མེད་ན་ཨུ་ཚུགས་བྱས་ནས་འདུག་དགོས་དོན་ཡོད་པ་མ་རེད་་་་་་ད་དུང་གཞན་སུ་འདུག་འདོད་མེད་ན་དེ་ལུགས་སུ་དགོངས་ཞུ་བྱེད་རོགས་་་་་་གང་སར་ཕྲག་དོག་དང་ཕྱོགས་རིས་བྱས་ནས་འདུག་པ་ལས་དགོངས་ཞུ་བྱས་ན་ཡག་པོ་རེད་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese