མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་བོད་སྐད་ཐོག་ཤུཊ་རྒྱོབ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་བྷེལ་ཇམ་ཁུལ་དུ་ཆིབས་བསྒྱུར་སྐབས་ཕྱི་རྒྱལ་གྱི་ཆོས་ཚོགས་ཚོས་ཆོས་ཕྱོཊ་གཅིག་པུ་མིན་པར་བོད་པའི་སྐད་ཡིག་རིག་གནས་སྤྱི་ལ་དོ་སྣང་སྤྲོད་དགོས་སྐོར་གསུངས་འདུག

ལྷག་པ་ཚེ་རིང་ལགས་ཀྱིས་ས་གནས་ནས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ༧གོང་ས་མཆོག་ཕྱི་ཚེས་ ༢༣ ཉིན་བྷེལ་ཇམ་གྱི་རྒྱལ་ས་བྷར་སིལ་གནམ་ཐང་དུ་ཞབས་སོར་བཀོད་སྐབས། སྦར་སལ་སྐུ་ཆབ་དོན་གཅོད་དང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱན་མཚན་ལགས། དེ་བཞིན། བླ་མ་ཀ་ཏག་རིན་པོ་ཆེ་དང་ས་གནས་རྫོང་དཔོན། བྷེལ་ཇམ་བོད་རིགས་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་བྷེལ་ཇམ་ཁུལ་སྡོད་བོད་མི་དང་ཁྱིམ་མཚེས་རྒྱལ་ཁབ་ཧོ་ལན་དང་ཧྤ་རན་སི་ནས་ཕེབས་པའི་བོད་མི། དེ་བཞིན། བྷེལ་ཇམ་ནང་གི་བོད་ཀྱི་གྲོགས་པོ་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ། སོག་པོ། བལ་པོ། འབྲུག་པ་སོགས་མི་མང་ ༢༤༠༠ ལྷག་ལ་བཀའ་སློབ་དང་སངས་རྒྱས་ཆོས་ཚོགས་མའི་ཆོས་འགྲེལ་ཡང་གནང་ཡོད་འདུག

༧གོང་ས་མཆོག་གིས་མི་མང་ཚོར་བཀའ་བསྩལ་དོན། “ང་ཚོ་བོད་ལ་ད་ལྟ་ཛ་དྲག་གྱི་གནས་སྐབས་དེར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བོད་བསྟན་སྲིད་སྤྱི་ལ་སེམས་འཁུར་ལེན་དགོས་ངེས་རེད་ལ། ཁྱོད་ཚོ་ས་གནས་གང་དང་གང་དུ་གནས་ཀྱང་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་མ་རྗེད་པའི་ཐོག་སེམས་འཁུར་བླངས་ཏེ། ལས་དོན་སྒྲུབ་ཀྱི་ཡོད་པ་དེར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡང་སོ་སོའི་ཤ་ཁྲག་རུས་གསུམ་མ་དོར་བར་དུ་བོད་མི་ཞིག་ལ་གནས་རྒྱུ་རེད། དེར་བརྟེན་བོད་ཀྱི་གནས་ཚུལ་ནམ་ཡང་རྗེད་རྒྱུ་མེད། བོད་མི་རིགས་ནི་ལོ་རྒྱུས་ཡུལ་རིང་ཡོད་ལ་བོད་ཡིག་ལ་ཆ་མཚོན་ན་འཛམ་གླིང་གི་ལོ་རྒྱུས་སྟེང་རྙིང་ཤོས་ཀྱི་གྲས་ཤིག་ལ་བརྩི་བཞིན་ཡོད།

བོད་ཀྱི་སྐད་ཡིག་དེ་ཡང་རྒྱལ་ཁབ་གཞན་ནས་ཚུར་བཤུས་པ་ཞིག་མ་ཡིན་པར་སོ་སོ་རང་ཉིད་ཀྱི་ས་ནས་དར་བ་དང་། མི་རིགས་རང་ཉིད་ཀྱི་རང་མགོ་ཐོན་པའི་སྐད་ཡིག་ཞིག་ཡིན། མ་ཟད་ས་བབས་ཀྱི་ཆ་ནས་ཀྱང་དམིགས་བསལ་ཞིག་ཆགས་ཡོད། དེར་བརྟེན་རང་ཉིད་བོད་པ་ཞིག་ཡིན་བསམ་ནས་སྤོབ་པ་ལྡན་པ་ཞིག་དགོས། འོན་ཀྱང་སྤོབས་པ་ལྡན་པ་ཟེར་དུས་ང་རྒྱལ་དང་གཞན་ལ་མཐོང་ཆུང་བྱས་པ་མ་ཡིན་པར། ཡ་རབས་དང་ཉམས་ཆུང་བྱེད་རྒྱུ་གལ་ཆེན་པོ་རེད། བོད་པའི་གནད་དོན་དེ་བདེན་དོན་ཞིག་ཡིན་པས་རྒྱ་མི་རིགས་བློ་གཟུར་བོར་གནས་པ་ཐམས་བཅད་ཀྱི་བོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོའི་འཐབ་རྩོད་དེ་རང་རྒྱལ་གཞན་ཕམ་མ་ཡིན་པར་འཕྲལ་དུ་ཡང་རྒྱ་བོད་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན” ཅེས་གསུངས་འདུག

ཁོང་གིས་མུ་མཐུད་དུ་གསུངས་དོན “ བོད་པ་ཚོས་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁུར་ཞེས་པ་ལྟར། བྷེལ་ཇམ་གྱི་ཡུལ་མི་དང་གཅིག་མཚུངས་ཀྱི་ཡ་རབས་དང་། ཁྲིམས་མཐུན་གྱི་ལས་ཀ་བྱེད་རྒྱུ་མ་གཏོགས་རང་ཉིད་ལ་དཀའ་ངལ་འཕྲད་ན་བདེ་སྡུག་ཞུ་དགོས་པ་ལས་ཁྲིམས་འགལ་གྱི་ལས་ཀ་བྱས་ན་ཡག་པོ་མེད། སོ་སོའི་ཡ་རབས་ཀྱི་ལྟ་བ་དང་སྤྱོད་པ་ཞིག་ཡོད་པ་དེ་ཉམས་རྒྱུ་མེད། བར་སྐབས་ཤིག་བོད་པའི་ནང་རིམ་བཞིན་མ་རབས་ཐ་ཤལ་གྱི་ལས་ཀ་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པ་གོ་ཐོས་བྱུང་། ད་ལྟ་འཛམ་གླིང་སྟེང་བོད་པར་རིན་ཐང་ཆེན་པོ་བརྩི་བཞིན་པ་དེ་བོད་པར་རྒྱུ་ཡོད་པ་དང་། བོད་པར་ཤེས་ཡོན་ཡག་པོ་ཡོད་པའི་རྐྱེན་གྱི་མ་ཡིན་པར། བོད་པ་ནི་ཡ་རབ་དང་དྲང་བདེན། སེམས་པ་བཟང་པོ་ཡོད་པའི་རྐྱེན་གྱིས་རེད། དེ་དག་མེད་པ་ཆགས་ན་ང་ཚོའི་རིན་ཐང་ཡང་བརླག་པ་རེད” ཅེས་གསུངས་འདུག

༧གོང་ས་མཆོག་གིས་བོད་པའི་སྐད་ཡིག་རིག་གཞུང་སྐོར་ལ་གསུངས་དོན། “ལྷག་དོན་མི་རིགས་ཟུར་གསལ་ཡིན་མིན་དེ་ཡང་མི་རིགས་དེའི་སྐད་ཡིག་ཐོག་ནས་ཡོང་གི་ཡོད་པས་བོད་ཀྱི་སྐད་ཡིག་དེ་གལ་ཆེན་པོ་རེད། ནང་པའི་ཆོས་ལེགས་སྦྱར་ནང་ཇི་མ་ཇི་བཞིན་ཕབ་ཐུབ་མཁན་ཡང་བོད་ཡིག་ཁོ་ན་ལས་མེད། དེར་བརྟེན་བོད་རིགས་གཞོན་སྐྱེས་ཚོས་བོད་སྐད་བོད་ཡིག་ལ་དོ་སྣང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། འདི་གར་ཡོད་པའི་ཆོས་ཚོགས་དང་ཚོགས་པ་ཚོས་ཀྱང་སློབ་གྲྭའི་གུང་གསེང་དང་བསྟུན་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཡོད་པ་དེར་བསྔགས་བརྗོད་ཡོད། དེ་གར་ཆོས་ཚོགས་བཙུགས་ནས་ས་གནས་དེ་གའི་བོད་པ་མེད་ན་མ་གཏོགས་ཡོད་ན་བོད་པ་ཚོར་རང་གི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱི་ལས་དོན་ངེས་པར་དུ་སྒྲུབ་དགོས། དེ་འདྲ་བྱུང་ན་ཡེ་ཤུའི་ཆོས་དར་ཁྱབ་ཆེ་བའི་ལུང་པའི་ནང་ནང་ཆོས་ཀྱི་བཙན་འཛུལ་བྱེད་པ་ལྟ་བུ་མ་ཡིན་པར་དེ་གར་ཡོད་པའི་བོད་མི་ཚོར་རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བརྗོད་ན། ཕྱི་གླིང་པ་ཚོར་ཡང་འགྲེལ་བཤད་རྒྱག་སྐབས་འགྲེལ་ཆགས་པོ་ཡོད།

མ་འོངས་པར་ཕྱི་རྒྱལ་ལ་ཡོད་པའི་ཆོས་ཚོགས་ཁག་ནས་ཆོས་ཕྱོགས་རྐྱང་པ་མ་ཡིན་པར་བོད་ཀྱི་རིག་གནས་སྤྱི་ལ་སློབ་གཉེར་བྱ་རྒྱུ་ཡོད་པ་ཞིག་བྱུང་ན་མི་མང་པོ་ཞིག་ལ་ཕན་ཐོགས་ཡོད་ངེས་རེད། ཞབས་བརྟན་གཅིག་པུ་མ་ཡིན་པར་ནང་དོན་རིག་པས་མིའི་སེམས་ལ་བདེ་སྐྱིད་བསྐྲུན་པ་དང་། གསོ་བ་རིག་པས་མིའི་ལུས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་ཞིག་བྱུང་ན་ཤིན་ཏུ་ཡག་པོ་ཡོད་པས་རིན་པོ་ཆེ་ཁྱེད་ཀྱི་དགོངས་པར་བཅངས་དགོས། མདོ་དོན་རྙིང་པོ་བོད་པའི་ཕྲུ་གུ་ཞིག་ཡིན་ན་བོད་སྐད་ཤེས་པ་དང་། བོད་པའི་རིག་གནས་གང་དང་གང་ཡོད་པ་ཞིབ་ཕྲ་མ་ཤེས་ཀྱང་ཆ་ཙམ་ཤེས་རྒྱུ་གལ་ཆེན་པོ་རེད། ཁ་ནས་བོད་པ་ཡིན་བརྗོད་ནས་བོད་པའི་གནས་ཚུལ་མ་ཤེས་ན་ཞབས་འདྲེན་རེད” ཅེས་བཀའ་སློབ་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོར་ཡོན་ཏན་གླིང་ཆོས་ཚོགས་ཀྱི་འདུ་ཁང་གསར་པ་དབུ་འབྱེད་དང་། ཆོས་ཚོགས་གནས་ཡུལ་ཧུད་གྲོང་སྡེའི་སྤྱི་ཁྱབ་དང་ཆབ་སྲིད་ཚོགས་པ་ཁག་གི་མི་སྣ་མཇལ་འཕྲད་དང་བཀའ་སློབ་གནང་ཡོད་འདུག་ལ། གྲོང་སྡེའི་སྤྱི་ཁྱབ་མཆོག་གིས་༧གོང་ས་མཆོག་ལ་ཧུད་གྲོང་སྡེའི་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་ཡང་འབུལ་ལམ་ཞུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. མངའ་རིས་བུ། says:
    ལོ་ 14 སྔོན།

    གསར་འགོད་པས་༸གོང་ས་༸་མཆོག་གི་བཀའ་སློབ་ནང་ནས་གལ་ཆེའི་བཀའ་སློབ་ཁག་ཅིག་སྐྱུར་འདུག་པས་དེ་ལ་དགོངས་པ་དགོངས་གཞི་འདྲ་ཡོད་དམ།
    བོད་ཡིག་གལ་ཆེ་རབས་དང་དེ་བཞིན་བོད་ཡིག་ནི་རྒྱ་གར་ལས་དཔེ་བླངས་པ་མིན་པ་དང། བོད་ཡིག་ནི་ཡི་གེ་རང་བཙན་པ་ཞིག་ཡིན་རབས་སོགས་བཀའ་སློབ་དེ་འདི་ན་མེད་དགོས་པའི་རྒྱུ་མཚན་ཡོད་དམ།

    Reply
  2. རེབ་ཐོག་མདའ says:
    ལོ་ 14 སྔོན།

    བོད་ཡིག་དང་བོད་སྐད་ལ་ཤུགས་རྒྱབས་ཏེ་བོད་སྐད་ཡིག་དང་རིག་གཞུང་ལ་བོད་པ་སུ་ཡིན་ཡང་དོ་སྣང་དང་འགན་འཁུར་དགོས་བ་དེ་ནི་ཧ་ཅང་གལ་ཆེན་པོ་རེད།
    དངོས་གོང་ས་མཆོག་ལ་དད་པ་རྣམ་དག་ཡོད་མཁན་ཞིག་ཡིན་ན་ད་ཁོང་གི་བྱིན་རླབས་ཟེར་ན་བཀའ་བརྩི་བ་དེ་ཡིན་པས། དག་པར་གོང་ས་མཆཽག་མཇལ་དུས་ལག་པ་ཐལ་མོ་སྦྱར་ནས་དད་པ་ཡོད་འདོག་བྱེད་པ་ལས་ཁོང་གི་བཀའ་བརྩིས་བ་ཡིན་ན་དེ་ལས་ལྷག་པ་ཞིག་མེད

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ལགས་སོ་་་་་དེ་དེ་བཞིན་བགྱིའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese