ཕྱི་ཟླ་ ༦ པའི་ཚེས་མགོ་ནས་ྋགོང་ས་མཆོག་གིས་བཞུགས་སྒར་དུ་བོད་རིགས་ན་གཞོན་རྣམས་དང་རྒྱ་གར་ནང་པ་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ྋགོང་ས་མཆོག་གིས་ལོ་ལྟར་མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་གཙོས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བཞིན་ཡོད་པ་ལྟར། ད་ལོའི་ནང་ཆོས་ངོ་སྤྲོད་དེ་ཕྱི་ཟླ་ ༦ ཚེས་ ༡ ནས་ ༣ ཉིན་བར་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ། མཐོ་སློབ་ཁག་གི་སློབ་མ་གཙོས་ངྷ་སའི་ཉེ་འཁོར་འབྲིང་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོར། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼རྟེན་འབྲེལ་བསྟོད་པ༽ དང༌།༼སྐྱེ་བོ་གསོ་ཐིགས༽གཉིས་བཀའ་ཁྲིད་གནང་རྒྱུ་ཡིན་པ་དང༌། ཕྱི་ཚེས་ ༣ ཉིན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཅས་བསྩལ་རྒྱུ་ཡིན་འདུག
དེ་བཞིན་རྒྱ་གར་ནང་པའི་མི་རིགས་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༦ ཚེས་ ༧ ནས་ ༩ ཉིན་བར་གྱི་དུས་ཡིན་ཉིན་གསུམ་རིང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱ་གར་གྱི་ས་གནས་འདྲ་མིན་ནས་བཅར་བའི་ནང་པ་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།