མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མ། རོམ་ཎི་དང་ཨ་མེ་རི་ཀའི་བོད་མི་ཚོ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp
བུ་ཆུང་ཚེ་རིང་།
ད་ཆ་ཨ་མེ་རི་ཀའི་སྤྱི་མཐུན་ཚོཌ་པའི་ངོས་ནས་ཨ་རིའི་སྲིད་འཛིན་འོས་མིར་སྐུ་ཞབས་མིཊ་རོམ་ཎི་(Mitt Romney)རོམ་ཎི་ཐུགས་གཏན་འཁེལ་བ་ལྟ་བུ་ཡིན་དུས་ཨ་མེ་རི་ཀའི་བོད་མི་ཚོས་འདི་ལོའི་སྲིད་འཛིན་འོས་བསྡུའི་ཐོག་དགོངས་པ་གཏིང་ཟབ་བཞེས་རྒྱུ་དུས་ལ་བབས་ཡོད།
སྤྱིར་བཏང་ཨ་མེ་རི་ཀའི་ནང་ཕྱིའི་རྒྱལ་ཁབ་ནས་ཡུལ་མི་གསར་པ་ཆགས་མཁན་ཚོའི་གོམས་སྲོལ་གཅིག་ནི་རང་ཉིད་ཀྱི་འོས་སུ་ལ་འཕེན་དགོས་མིན་དེ་གནད་དོན་གཅིག་གི་ཐོག་ནས་ཐུགས་ཐག་གཅོད་ཀྱི་ཡོད་པ་དེ་རེད།  ཨ་རིའི་བོད་མི་ཚོར་གནད་དོན་དེ་ནི་དམངས་གཙོ་ཚོགས་པའི་འོས་མི་ཨོ་བྷ་མ་(Obama)དང་། སྤྱི་མཐུན་ཚོགས་པའི་འོས་མི་རོམ་ཎི་གཉིས་ལས་སུས་བོད་ཐོག་ལས་དོན་ཤུགས་ཆེ་བ་གནང་ཐུབ་མིན་དེ་ཡིན། 
ཨ་རིའི་བོད་མིས་རང་ཉིད་ཀྱི་ལྟ་བའི་ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར་གནད་དོན་འདི་ཁོ་ནའི་ཐོག་ནས་འོས་བསྡུའི་སྐོར་ཐག་གཅོད་གནང་གི་ཡོད་པ་དེ་གསལ་པོ་རེད།  དེ་སྔ་གུས་རང་གི་ངོ་ཤེས་ནང་དམངས་གཙོ་ཚོགས་པའི་ལྟ་བ་ཡོད་མཁན་བོད་མིས་སྤྱི་མཐུན་ཚོགས་པའི་འོས་མི་འཇོར་རྗེ་སྦུ་ཤི་ལགས་སུ་འོས་འཕེན་གནང་མཁན་ཡོད།
ཨ་མེ་རི་ཀའི་བོད་མི་ཚོ་ནི་ཨ་རིའི་ནང་གི་མི་རིགས་ཉུང་ཤོས་ཤིག་ཡིན་རུང་ང་ཚོའི་ནུས་པ་དེ་མི་རིགས་གཞན་དང་མ་འདྲ་བ་ཡོད་པས་དེ་བེད་སྤྱོད་ལེགས་པོ་ཡོང་ཆེད་ཨ་རིའི་བོད་མི་ཚོས་རྒྱལ་ཁབ་འདིའི་ཆབ་སྲིད་གནད་དོན་ཐོག་དགོངས་པ་གཏིང་ཟབ་མོ་བཞེས་ཐུབ་ཐབས་གནང་དགོས།  དཔེར་ན་འདི་ལོའི་སྲིད་འཛིན་གྱི་འོས་བསྡུའི་ཐོག་གྲ་སྒྲིག་ཡག་པོ་ཡོང་པར་འོས་མི་གཉིས་ཀྱི་དགོངས་པ་གང་ཡིན་མཁྱེན་ཐུབ་ཐབས་གནང་དགོས། 
སྐུ་ཞབས་ཨོ་བྷ་མ་ཡིན་ན་ཁོང་ནས་སྲིད་འཛིན་ཐེངས་གཅིག་གནང་ཡོད་པའི་སྐབས་དང་དེའི་གོང་གྲོས་ཚོགས་འཐུས་མི་གནང་བའི་སྐབས་སུ་བོད་དོན་ཐོག་དགོངས་པ་ག་རེ་བཞེས་ཡོད་མིན་ལོ་རྒྱུས་ཐོག་ཡོད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཨ་མེ་རི་ཀའི་སྲིད་འཛིན་གནང་འདོད་ཡོད་མཁན་ཚོར་བོད་དོན་ཐོག་དྲི་ཤོག་ཕུལ་བར་སྐུ་ཞབས་ཨོ་བྷ་མས་བཀའ་ལན་ཡང་གནང་ཡོད།
སྐུ་ཞབས་རོམ་ཎི་ནས་ད་བར་བོད་དོན་ཐོག་དགོངས་ཚུལ་ག་རེ་ཡིན་མེད་སྐོར་ལོ་རྒྱུས་མེད་པ་མ་ཟད་ང་ཚོའི་དྲི་ཤོག་ལ་ད་བར་བཀའ་ལན་གནང་མེད། ཡིནའང་ཁོང་ནས་ད་བར་འདུ་འཛོམས་དང་གསར་འགྱུར་བརྒྱུད་ལམ་ཐོག་རྒྱ་ནག་ཐོག་དགོངས་པ་བཞེས་ཕྱོགས་ཐོག་བཀའ་གནང་ཡོད།
འོན་ཀྱང་འོས་མི་གཉིས་ཀྱི་དྲ་ཚིགས་ཐོག་ཕེབས་ཡིན་ན་ཁོང་གཉིས་ཀྱི་རྒྱ་ནག་ཐོག་དགོངས་པ་བཞེས་སྟངས་ག་རེ་ཡིན་མིན་དང་། དེ་བཞིན་འགྲོ་བ་མིའི་གནད་དོན་ཐོག་དགོངས་ཚུལ་ག་རེ་ཡིན་མིན་སོགས་སྐོར་མཁྱེན་ཐུབ། གལ་ཏེ་དེ་འདྲའི་གནད་དོན་སྐོར་དྲ་ཚིགས་ཐོག་གསལ་གྱི་མེད་ན་དེས་འོས་མི་དེས་གནད་དོན་གལ་ཆེན་པོ་རྩིས་ཀྱི་ཡོད་མིན་གསལ་པོ་ཡིན།
གང་ལྟར་འདི་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར་ཨ་རིའི་བོད་མིས་སྔར་ལགས་མཉམ་ཞུགས་གནང་ནས་རང་ཉིད་ཀྱི་འདེམས་པའི་ཡུལ་འདིའི་གནད་དོན་ཐོག་ཐུགས་སྣང་ཡོང་བའི་རེ་བ་ཞུ་བཞིན་ཡོད། 

གསལ་བཤད། ༼ གོང་བཀོད་རྩོམ་ཡིག་དེ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཁོང་གི་ཟིན་བྲིས་སྟེང་བཀོད་ཡོད་པ་འདིར་བདམས་བཀོད་བྱས་པ་ཡིན། ༽

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 3

  1. ཐོ་རེངས། says:
    ལོ་ 14 སྔོན།

    སྐབས་འདིར་བུ་ཆུང་ཚེ་རིང་ལགས་ཞེས་པ་ཞིག་གིས་ཨ་རིའི་མི་སེར་ཆགས་ཟིན་པའི་བོད་རིགས་ཚོ་ལ་འོས་ཤོག་སུ་འཕེན་དགོས་མིན་གྱི་སྐོར་བསླབ་བྱ་རྒྱབ་ཁུལ་བྱེད་རྒྱུ་འདི་ནི་ཧ་ཅང་ཐལ་དྲག་པའི་སྐད་ཆ་རེད། དང་པོ་དམང་གཙོ་ལམ་ལུགས་སམ་འགྲོ་བ་མིའི་ཐོབ་ཐང་ལ་སྟེང་འཛིན་བྱས་པ་དང་། གཉིས་པ་ནི་ཨ་རིའི་མི་སེར་ཆགས་ཟིན་པའི་བོད་མི་ཚོའི་རང་དབང་ལ་མཐོང་ཆུང་བྱས་པ་ཞིག་རེད། དེར་མ་ཟད་སྐུ་དྲག་ལམ་ལུགས་སམ་བཀའི་བཀོད་རྒྱུད་འཛིན་རང་ལུགས་ཀྱི་བསམ་བློ་མ་དོར་བ་ཞིག་ཀྱང་རེད།
    སྐབས་འདིར་ང་ཚོའི་རང་གི་ཀླད་པ་བེད་བྱད་བྱས་དེ་འོས་ཤོག་འཕེན་རྒྱུ་རེད་མ་གཏོགས་ངས་ཁྱེད་ཀྱི་བཀོད་འདོམ་ལ་རེ་བ་བྱེད་ཀྱིེད་མེད།
    ང་ཚོ་བོད་སྤྱི་པའི་དོན་ལ་སེམས་ཁུར་ཁྱེད་ལས་ཀྱང་མི་དམན་པ་ཞིག་ཡོད་སྙམས་པའི་གདེངས་ཚོད་ཡོད།

    Reply
  2. ངས་པོ་རྒྱལ་མཚན། says:
    ལོ་ 14 སྔོན།

    ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་རང་གི་འོས་ཤོག་རྐྱང་གཅིག་པོ་དེ་མི་གཡོ་ཅན་འགའ་རེའི་ཉོག་གཏམ་གྱི་གཡོ་འོག་ཏུ་མི་ཚུད་པར། ཁྲམ་པ་ནག་རིལ་ཨོ་བྷ་མ་ཟེར་པའི་མི་གཡོ་ཅན་དེ་ལ་མི་གཡུག་རོགས་གནང། ཁོ་ནི་ཁ་སྟིང་མི་མཚུངས་པའི་མི་གཡོ་ཅན་ཞིག་རེད།
    ཁོ་སྲིད་འཛིན་བྱས་པའི་རྒྱུད་རིམ་ནང་འཛམ་གླིང་སྤྱི་དང་ལྷག་པར་དུ་བོད་དོན་ཐོག་ལ་ཕན་ནུས་ལྡན་པའི་རྒྱབ་སྐྱོར་གང་ཡང་བྱས་མེད།

    Reply
  3. སྐར་མདའ། says:
    ལོ་ 14 སྔོན།

    ཁྱོད་ཚོས་འདི་འདྲ་རྐྱང་རྐྱང་བཤད་ནས་བསྡད་པ་རེད། ཨོ་སྦ་མ་ལ་ཁྱོད་ཚོས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། ཡིན་ན་ཡང་་་་ཨོ་སྦ་མས་བོད་དོན་ཐོག་ལ་ག་རེ་བྱས་སོང་ངམ། ཁོ་རང་གི་ཁ་དན་ཚིག་ལ་གནས་སོང་ངམ། ཐོག་མར་ཁྱེད་ཚོས་ཞིབ་དཔྱོད་ཡག་པོ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese