མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་དུ་མི་མང་ཁྲི་ ༡༨ གྱིས་དྲུག་བཞིའི་དུས་དྲན་སྲུང་གཙི་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཧོང་ཀོང་ཝེ་ཏོ་ལིས་སྤྱི་གླིང་དུ་མི་མང་ཁྲི་ ༡༨ ཙམ་འདུ་འཛོགས་ཐོག ཐེན་ཨན་མཱན་དྲུག་བཞིའི་དམར་གསོད་ཆེན་མོའི་དུས་དྲན་སྲུང་གཙི་བྱས་ཡོད་པ་རེད།

ཕྱི་ཟླ་༦ཚེས་༤ཉིན་གྱི་དགོང་མོའི་ཆུ་ཚོད་༨སྟེང་ཧོང་ཀོང་ཝེ་ཏོ་ལིས་ཡ་སྤྱི་གླིང་དུ་མི་མང་ཁྲི་༡༨ཙམ་འདུ་འཛོགས་ཐོག༼དྲུག་བཞི་ནམ་ཡང་བརྗེད་མི་སྲིད།དམངས་གཙོ་གཏན་དུ་རྒྱལ་ངེས་ཡིན།༽ཞེས་པའི་འཕྲེད་བྱང་འཕྱར་ཏེ།   རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་པེ་ཅིན་ཐེན་ཨན་མཱན་ཐང་ཆེན་དུ་ཞི་བའི་དམངས་གཙོའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་སྟོང་ཕྲག་མང་པོ་སྡེབས་གསོད་བྱས་ཏེ། ལོ་༢༣འཁོར་བའི་དུས་དྲན་སྲུང་གཙིའི་མར་མེ་མཚན་ཚོགས་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་ལ། ཐེངས་འདིའི་ལས་འགུལ་ཁྲོད་རྒྱ་ནག་ནང་ལོགས་ཀྱི་སློབ་ཕྲུག་མང་པོ་མཉམ་ཞུགས་བྱས་ཡོད་པ་དང་།  ཨོ་མན་དང་ཐེ་ཝན། ཨ་རི་བཅས་འཛམ་གླིང་རྒྱལ་ཁབ་ཁག་ནང་དུའང་དྲུག་བཞི་དུས་དྲན་སྲུང་གཙིའི་ལས་འགུལ་སྤེལ་ཏེ་མི་མང་འདུ་འཛོམས་བྱས་ཡོད་པ་མ་ཟད། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག   བཞུགས་སྒར་དྷ་སའི་ཉིན་མོའི་སློབ་གྲྭ་ནང་དྲུག་བཞིའི་ལས་འགུལ་དང་འབྲེལ་བའི་བགྲོ་ཞིག་ཚོགས་ཏེ་དུས་དྲན་སྲུང་གཙི་བྱས་ཡོད་འདུག 

གཞི་རྒྱ་ཆེ་བའི་མར་མེ་མཚན་ཚོགས་ཀྱི་ལས་འགུལ་གོ་སྒྲིག་གནང་མཁན་ཧོང་ཀོང་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ལི་ཀྲོ་རཱིན་གྱིས་དུས་དྲན་སྲུང་གཙིའི་བསྒྲགས་གཏམ་སྒྲོགས་སྦྱང་སྐབས། “ཞི་ཅིན་ཕེན་དང་ལི་ཁི་ཆང་གཉིས་ཀྱིས་གཙོས་རྒྱ་གཞུང་གི་མ་འོངས་མགོ་ཁྲིད་གསར་བ་ཚོར་དེ་རིང་ང་ཚོས་གསལ་འདེབས་ཞུ་རྒྱུར། རྒྱ་གཞུང་ད་དུང་ལོ་རྒྱུས་འཕེལ་ཕྱོགས་ཀྱི་རྗེས་སུ་ལྷག་ཏེ། དམངས་གཙོའི་བཅོས་བསྒྱུར་ལག་བསྟར་མ་བྱས་ཚེ། མི་མང་གིས་ད་ལྟའི་རྒྱ་གཞུང་འདི་མཆིལ་ལུད་བཞིན་འདོར་ངེས་ཡིན་ལ། མི་མང་དམངས་གཙོའི་རླབས་རྒྱུན་ནི་ནམ་ཡང་འགོག་ཐབས་བྲལ་བར་མ་ཟད། དེ་ལ་ཁ་གཏད་ངོ་ལོག་བྱ་མཁན་སྲིད་གཞུང་དེ་ནམ་ཞིག་འཐོར་ངེས་ཡིན།” ཅེས་བརྗོད་ཡོད་ལ། སློབ་ཕྲུག་མནའ་མཐུན་ཚོགས་པའི་མགྲིན་ཚབ་པའི་སྣེ་ཁྲིད་འོག  དམངས་གཙོ་དོན་གཉེར་བ་རྣམས་གློད་གྲོལ། ༨༩ དྲུག་བཞི་དམངས་གཙོའི་ལས་འགུལ་དཀར་འདོན།  དམར་གསོད་ནག་ཉེས་ཐེར་འདོན་དང་དམར་ཤོག་གཅིག་སྡུད་སྒེར་གཅོད་སྲིད་དབང་མཇུག་སྒྲིལ། རང་དབང་དམངས་གཙོའི་རྒྱ་ནག་གསར་བ་འཛུགས་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་འདུག

དེ་བཞིན། ཕྱི་ཚེས་ ༣ ཉིན་ཨ་རིའི་རྒྱལ་དོན་མགྲིན་པ་ཌེ་ཁྲོ་ན་(Mark Daytona)ལགས་ཀྱིས་ཀྱང་། “ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་ཐེན་ཨན་མཱན་ཐང་ཆེན་དུ་ཞི་བའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་རྣམས་དྲག་གནོན་དམར་གསོད་བྱས་ཏེ་ལོ་ ༢༣ འཁོར་བའི་དུས་དྲན་དང་སྟབས་བསྟུན། ཨ་རི་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ཏུ་ཚེ་སྲོག་ཤོར་མཁན་སློབ་ཕྲུག་དག་ལ་མྱ་ངན་རྗེས་དྲན་ཞུ།” ཞེས་བརྗོད་དེ། ཨ་རིའི་གཞུང་གི་ངོས་ནས་རྒྱ་གཞུང་གིས་དྲུག་བཞིའི་ལས་འགུལ་དང་འབྲེལ་ཏེ། བཙོན་འཇུག་བཀག་སྡོམ་འོག་ཚུད་པའི་དམངས་གཙོ་དོན་གཉེར་བ་ཡོངས་རྫོགས་གློད་གྲོད་དང་། རྒྱ་གཞུང་གིས་གཅར་རྡུང་རྨས་སྐྱོན་དང་བཀག་སྡོམ་འོག་གར་སོང་ཆ་མེད་དུ་གྱུར་བ་རྣམས་ཡོངས་བསྒྲགས་གསལ་བཤད་གནང་དགོས་པ་མ་ཟད། ལས་འགུལ་ཁྲོད་ཞུགས་མཁན་དང་ཁོང་ཚོའི་ནང་མིར་ལྟ་རྟོག་བཀག་སྡོམ་བྱ་རྒྱུ་མཚམས་འཇོག་བྱས་ཏེ། སྤྱི་དམངས་ཡོངས་ཀྱི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གཙི་སྲུང་དགོས་པ་ནན་སྐུལ་གནང་ཡོད་པ་རེད།

ཕྱི་ཚེས་ ༥ ཉིན་གྱི་རྒྱ་གཞུང་ཕྱི་དྲིལ་སྡེ་ཁག་གི་གསར་འགོད་ལྷན་ཚོགས་ཐོག རྒྱ་གཞུང་མགྲིན་ཚབ་པ་ལིག་ཝེ་མཱེན་གྱིས་ཨ་རི་གཞུང་གིས་ལངས་ཕྱོགས་དེར་བསྐྱོན་བརྗོད་ཀྱི་རྣམ་འགྱུར་བསྟན་ཏེ། དེ་ནི་གནས་ལུགས་རྒྱུ་མཚན་མེད་པ་ཞིག་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་སྐོར་བརྗོད་འདུགཡིན་ནའང་། རྒྱ་གཞུང་གི་བཀག་སྡོམ་བཙོན་འཇུག་འོག་ལོ་མང་རིང་དཀའ་སྡུག་མཐར། ཉེ་སྔོན་ཨ་རིར་གསར་ཏུ་འབྱོར་བའི་རྒྱ་ནག་དམངས་ཁྲོད་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་གྱིས། “དམངས་གཙོའི་ལས་འགུལ་དེར་འཛམ་གླིང་སྤྱི་ཡོངས་ཀྱིས་ངོས་འཛིན་ཐོབ་དགོས་ངེས་ཤིག་ཆགས་ཡོད་སྟབས། དྲུག་བཞིའི་གནད་དོན་དེར་རྒྱ་གཞུང་གིས་ལྟ་སྟངས་དྲང་བདེན་ཞིག་འཛིན་དགོས། དེ་ནི་ང་ཚོས་འཁོན་སེམས་སློག་འདུན་པ་མ་ཡིན་པར་དོན་དངོས་གནས་ཚུལ་གསལ་འདོན་ཡོང་ཆེད་ཡིན། ང་ཚོའི་ངོས་ནས་ནོར་འཁྲུལ་ལ་གུ་ཡངས་བློ་སྐྱེད་ཀྱི་འདུན་པ་ཡོད་མོད།  དོན་དངོས་ནག་བསུབ་གཏོང་འདོད་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།  འདས་པའི་བྱུང་རབས་ཡིད་ལ་ཉར་མི་ཐུབ་པའི་མི་རིགས་ཤིག་ལ་དུས་ནམ་ཡང་རེ་བ་ཡོད་མི་སྲིད།” ཅེས་བརྗོད་ཡོད་པ་རེད།

 ཐེན་ཨན་མཱན་དྲུག་བཞིའི་དམར་གསོད་དོན་རྐྱེན་ཁྲོད་མི་ག་ཚོད་ཅིག་འདས་གྲོངས་ཕྱིན་ཡོད་མེད་ད་དུང་གསལ་ཁ་བྱུང་མེད་མོད། རྒྱ་གཞུང་གི་བརྗོད་ཚུལ་ལྟར་ན་དོན་རྐྱེན་ཁྲོད་མི་ ༢༤༡ རྐྱེན་འདས་དང་མི་ ༧༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་སྐོར་བརྗོད་ཡོད་ཀྱང་།  འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་མི་གྲངས་སྟོང་ཕྲག་བརྒལ་བ་རྐྱེན་ལམ་དུ་ཕྱིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 3

  1. གཟི་མིག་༣པ says:
    ལོ་ 14 སྔོན།

    ད་འདི་ནི་དངོས་ནས་རྒྱ་ནག་མི་དམངས་ཚོ་ལ་རྒྱལ་ཁ་ཆེན་པོ་ཐོབ་པའི་རྟགས་ཤིག་རེད་་ཧོང་ཀོང་མི་དམངས་ཚོས་རང་གི་ཤ་ཁྲག་ཅིག་པའི་སྤུན་ཟླ་ཚོར་ད་རོག་པ་བྱ་བའི་དུས་ལ་བབ་པ་རེད་
    དམངས་གཙོ་རྒྱལ་ལོ་

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    འདི་ནི་ང་ཚོར་ལམ་ཁ་གསར་པ་ཞིག་རེག་རྒྱུའི་སྔ་ལྟས་རེད་་་

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    གསར་འགྱུར་འདིར་གཟི་བརྗིད་འདུག མི་མང་ཁྲི་༡༨ཙམ་འདུ་འཛོགས་ཐོག (དྲུག་བཞི་ནམ་ཡང་བརྗེད་མི་སྲིད། དམངས་གཙོ་གཏན་དུ་རྒྱལ་ངེས་ཡིན།) ཞེས་པའི་འབོད་ཚིག་དང་འཕྲེད་བྱང་གཉིས་ནི། འདི་ལོའི་ཕྱི་ཟླ་༦ པའི་ཚེས་༤ ཉིན་འཛམ་གླིང་ནང་གི་རྒྱལ་མཆོང་རླབས་ཆེ་ཤོས་དེ་ཆགས་ཡོད་པ་རེད། ལྷག་པར་དུ་ལས་འགུལ་གོ་སྒྲིག་པའི་གཏམ་བཤད་ནས། “ཞི་ཅིན་ཕེན་དང་ལི་ཁི་ཆང་གཉིས་ཀྱིས་གཙོས་རྒྱ་གཞུང་གི་མ་འོངས་མགོ་ཁྲིད་གསར་བ་ཚོར་དེ་རིང་ང་ཚོས་གསལ་འདེབས་ཞུ་རྒྱུར། རྒྱ་གཞུང་ད་དུང་ལོ་རྒྱུས་འཕེལ་ཕྱོགས་ཀྱི་རྗེས་སུ་ལྷག་ཏེ། དམངས་གཙོའི་བཅོས་བསྒྱུར་ལག་བསྟར་མ་བྱས་ཚེ། མི་མང་གིས་ད་ལྟའི་རྒྱ་གཞུང་འདི་མཆིལ་ལུད་བཞིན་འདོར་ངེས་ཡིན་ལ། མི་མང་དམངས་གཙོའི་རླབས་རྒྱུན་ནི་ནམ་ཡང་འགོག་ཐབས་བྲལ་བར་མ་ཟད། དེ་ལ་ཁ་གཏད་ངོ་ལོག་བྱ་མཁན་སྲིད་གཞུང་དེ་ནམ་ཞིག་འཐོར་ངེས་ཡིན།” ཞེས་པའི་སྐད་གསང་མཐོ་པོ་དེ་གཉིད་མ་ཁུག་པའི་མི་ཚང་མའི་རྣ་བར་ཐོས་ཡོད་འདུག བོད་དང་སོག་པོ། ཡུ་གུར་སོགས་ག་པར་ཕྱིན་པ་ཡིན་ནམ་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese